Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ཨཕ་གྷ་ནིས་ཐན་དུ་ཏ་ལི་བྷན་དྲག་སྤྱོད་པས་དམག་དཔུང་མི15 དང་ས་གནས་ཉེན་རྟོག་པ་མི་བཞི་གསོད་པཨཕ་གྷན་གཞུང་མི་ཡིས་གསལ་བསྒྲགསགནང་པ།

$
0
0

རེས་གཟའ་ཕུར་བུརཨཕ་གྷ་མིས་ཐན་གྱི་བྱང་ཕྱོགས་མངའ་སྡེ་ཀུན་རྡུཛ་རུ་ཏ་ལི་བྷན་དྲག་སྤྱོད་ཚོགས་པའི་གནོད་འཚེ་ལས་དམག་དཔུང་མི15 གསོད་པ་དང་ནུབ་ཕ་རཧ་མངའ་སྡེར་ས་གནས་ཉེན་རྟོག་པ་མི་བཞི་གསོད་པ་ཡིད་སྐྱོ་བའི་གནས་ཚུལ་ཨཕ་གྷན་གཞུང་མི་ཡིས་གསལ་བསྒྲགསགནང་འདུག་ བྷལཀ་མངའ་སྡེར་གནས་སྡོད་པའིཨཕ་གྷན་དམག་མི་ཡི་མགྲིན་ཚབ་པ་མོ་ཧོ་མདྷ་ཧ་ནིཕ་རེ་ཛ་ཨི་ཡིསབཤད་གསོལ་བལྟར་ན་ཏ་ལི་བྷན་དྲག་སྤྱོད་པས་དྷཤཊ་ཨེ་ཨརཅ་རྫོང་དུ་ཉེན་སྲུང་དམག་མི་ཡི་ཞིབ་གཉེར་ས་གནས་སུ་མེ་མདའ་རྒྱག་སྟེ་བཙན་འཛུལ་བྱས་ཡོད་པ་བརྗོད་འདུག་ ཉེན་སྲུང་དམང་མི་ཡིས་ས་ཡལན་མེ་མདའ་རྒྱག་སྟེ་མེ་འཕེན་དམག་འཁྲུག་ཆུ་ཚོད་བཞི་ཙམ་བྱུང་བ་ལས་ཉེན་སྲུང་དམག་མི་15 གསོད་པ་དང་གཞན་དམག་མི13 ལྷག་རྨས་སྐྱོན་བྱུངཡོད་པ་འགྲེལ་བརྗོདགནང་ངོ།


Viewing all articles
Browse latest Browse all 6348