ཁ་སང་ཕྱི་དྲོ་རུས་ཀྱི་རྒྱལ་ས་མོས་ཀོ་ཡི་ལུཛ་ནི་ཀི་རྩེད་ཁང་དུ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་མཐའ་མར་FIFA World Cup ཕ་རནས་ཡིས་ཀོ་རོ་ཤི་ཡའི་རྐང་སྤོལ་རུ་ཁག་ལ་4-2 ཡིས་ཕམ་ཉེས་གཏོང་སྟེ་རྩེད་འགྲན་རྒྱལ་ཁ་ཐེངས་གཉིས་པ་ཐོབ་ཡོད་འདུག་ རྩེད་འགྲན་ཕྱེད་ཀའི་མཚམས་སུ་ཕ་རནས་རྐང་སྤོལ་རུ་ཁག་གིས་གོལ་2-1 ཡིས་སྣེ་ཁྲིད་བཞིན་རྩེད་འགྲན་འཇུག་སྡུམ་དུ་4-2 ཡིས་ཐོབ་འདུག་ དེ་ཡང་ཕ་རནས་ཡི་གོལ་དང་པོ་ཁ་གཏད་རུ་ཁག་གི་རྩེད་འགྲན་པ་མན་ཛུ་ཀིཅ་ཡི་ནོར་འཁྲུལ་ལས་འཛུལའདུག་ དེ་རྗེས་ཕརནས་ཡི་རྩེད་འགྲན་པ་གི་རིཛ་མན་དང་མེམ་བྷ་པེ་དང་མོག་པཱ་བཅས་ཀྱིས་བླུགས་སྟེ་རྒྱལ་ཁ་བསྐྲུན་འདུག་ ཀོ་རོ་ཤི་ཡའི་རུ་ཁག་གི་རྩེད་འགྲན་པ་པེ་རི་སིཅ་དང་དེ་རྗེས་མན་ཛུ་ཀིཅ་གཉིས་ཀྱིས་གོལ་རེ་རེ་བླུགས་འདུག་ ཀོ་རོ་ཤི་ཡ་ནི་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ནང་རྩེད་འགྲན་མཐའ་མར་སླེབས་མཁན་གྱི་རྒྱལ་ཁབ་ཆུང་ཤོས་ཡིན་འདུག་ ཀོ་རོ་ཤིནཡའི་རུ་ཁག་གི་རུ་དཔོན་མེ་གྲི་རིཅ་ལ་རྩེད་འགྲན་པ་ལེགས་ཤོས་དང་བེལ་ཇི་ཡམ་གྱི་གོལ་ཀི་པར་ཀོར་ཀྲུ་ཝ་ལ་གོལ་ཀི་པར་ལེགས་ཤོས་ཀྱི་བྱ་དགའ་ཐོབ་འདུག་ དེ་བཞིན་ལོ་ན་བཅུ་དགུ་སོན་པའི་ཕ་རནས་ཡི་རྩེད་འགྲན་པ་མེམ་བྷ་པེ་ལ་རྩེད་འགྲན་ལོ་ན་ཆུང་བ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་འདུག་ སྲིད་བློན་མོ་དྷི་དང་སྲིད་འཛིན་ཀོ་ཝིཌ་གཉིས་ཀྱི་ཕ་རནས་ལ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཐོབ་པ་དགའ་བསུ་ཞུའོ།
↧