Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

རྒྱ་གར་དང་བྷང་ལ་དེཤ་གཉིས་ཀྱིས་འགྲོ་བསྐྱོད་གྲོས་མཐུན་བསྐྱར་ཞིབ་གནང་བ།

$
0
0

རྒྱ་གར་དང་བྷང་ལ་དེཤ་གཉིས་ཀྱི་མང་ཚོགས་ཕན་ཚུན་རྒྱལ་ཁབ་དུ་འགྲོ་བསྐྱོད་ལས་སླ་རུ་གཏོང་སླད་ངོས་གཉིས་ཀྱི་ད་ལྟ་ཡོད་བཞིན་པའི་ལམ་ལུགས་བསྐྱར་ཞིབ་གནང་སྟེ་ལས་སླ་བར་བཟོས་འདུག་ དེ་ཡང་གྲོས་མཐུན་དེ་བྷང་ལ་དེཤ་ཡི་རྒྱལ་ས་དྷ་ཀར་ནང་སྲིད་བློན་ཆེན་རཇ་ནཏ་སིང་དང་བྷང་ལ་དེཤ་ཡི་གོ་གནས་མཉམ་པའི་དབུ་ཁྲིད་གཉིས་ཀྱི་མཚན་རྟགས་ཐག་གཅོད་གནང་འདུག་ ད་དུང་གཞུང་འབྲེལ་གྲོས་མོལ་སྐབས་རོ་ཧིན་བརྒྱའི་དཀའ་རྙོག་སེལ་ཐབས་གོ་བསྡུར་གནང་རྒྱུ་ཡིན་འདུག་ དེ་བཞིན་བློན་ཆེན་མཆོག་བྷང་ལ་དཉཤ་ཡི་སྲིད་བློན་ཤེཀ་ཧ་སི་ནཱ་ལྷན་དུའང་ཐུག་འཕྲད་གྲོས་མོལ་གནང་རྒྱུ་ཡིན་འདུག་ དབུ་ཁྲིད་རྣམ་གཉིས་ཀྱིས་མཉམ་འཛོམས་ཐོག་རྒྱལ་ས་གྲ་ཀར་རྒྱ་གར་ཝི་ཛ་སྙན་ཞུ་ཁང་དབུ་འབྱེད་གང་རྒྱུ་ཡིན་འདུག་གོ།


Viewing all articles
Browse latest Browse all 6348