ར་ཤི་ཡའི་སྲིད་འཛིན་ཝ་ལ་དི་མིར་པུ་ཊིན་དང་ཨ་ཪིའི་སྲིད་འཛིན་ཊམ་མཆོག་གཉིས་ནས་ཧིལ་སིན་ཀ་རུ་འཇལ་འཕྲད་གནང་པ་དང་གཉིས་ཀར་འབྲེལ་ལམ་ཡོད་པའི་གནས་དོན་སྣ་མང་གྱིས་ཐོག་ལ་གྲོས་བསྡུར་གནང་པ་རེད། ར་ཤེ་ཡའི་སྲིད་འཛིན་མཆོག་ནས་གསུང་ཡ་ལ་ཐེངས་དེའི་ཚོགས་འདུ་འདི་ནི་ཁེ་དིཊ་ལ་ཚོགས་གནང་པ་དང་ཚོང་འབྲེལ་གྱི་རྣམ་པ་ཐོག་ནས་ཚོགས་ཡིན་པའི་སྐོར་ལ་གསུང་གནང་འདུག། ཡང་ཁོང་ནས་ཐེངས་དེའི་ཊམ་མཉམ་དུ་ཚོགས་འདུ་འདི་པན་རླབས་དང་ལེགས་པོའི་ངང་སྒྲུབ་ཡོད་པའི་སྐོར་ལ་གསུང་གནང་འདུག། སྐུ་ཞབས་ཊམ་མཆོག་ནས་གྲོས་མོལ་འདི་གུས་ཡངས་དང་ཐད་སྐར་ཐོག་ནས་སྒྲུབ་འབྲས་ཐོན་ཡོད་པའི་སྐོར་ལ་ངོས་ལེན་བྱས་ཡོད་པ་རེད།
ཨ་རི་སྲིད་འཛིན་ཊམ་མཆོག་ནས་སྲིད་འཛིན་པུ་ཊིན་མཚོག་མཉམ་དུ་ཐེངས་དེའི་ཚོགས་འདུ་ཚོགས་སྐབས་སུ་ཨ་རིའི་རིག་གཞུང་མུ་འཐུད་འཛིན་རྒྱུའི་སྐོར་ལ་གླེང་ཡོད་པའི་སྐོར་ལ་གསུང་གནང་འདུག། ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱི་ཚོགས་འདུ་འདི་ཨ་རི་དང་ཨུ་རུ་སུའི་བར་གྱི་འབྲེལ་ལམ་གཅིག་པོའི་ཆེད་ཕན་རླབས་མིན་པ་གཞན་ཡང་འཛམ་གླིང་ཡོངས་ལ་ཕན་རླབས་ཡོད་པ་རེད།
མཉམ་འབྲེལ་གྱི་གནས་དོན་ སྲིད་འཛིན་གཉིས་ནས་ཨ་རི་དང་ར་ཤ་ཡ་གཉིས་ཀྱི་ད་ལྟ་དང་ཕྱི་མའི་འབྲེལ་ལམ་དང་གཞན་ཡང་འཛམ་གླིང་གིས་གནས་དིན་གཙོ་བའི་གྲོས་འཆར་ཐོག་ལ་གྲོས་མོལ་གནང་ཡོད་པ་རེད།་ཨ་རི་དང་ཨུ་རུ་སུའི་བར་ད་ལྟའི་འཆར་འཁོར་ཡུག་བཟང་པོ་མེད་པ་དང་དཀའ་རྙོག་གྱི་གནས་ལུགས་ཞིག་ཆགས་ཡོད་པ་ཕྱོགས་གཉིས་ཀ་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཕྱོགས་གཉིས་ནས་རྒྱུ་མཚན་གཙོ་བོ་གང་ལ་ཆགས་ཡོད་མིན་གསལ་རྟོགས་མེད་པ་རེད།
ར་ཤི་ཡའི་སྲིད་འཛིན་ཝ་ལ་དི་མིར་པུ་ཊིན་དང་ཨ་ཪིའི་སྲིད་འཛིན་ཊམ་མཆོག་གཉིས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྡུལ་འཕྲན་མཚོན་ཆ་དང་རྒྱལ་སྤྱིའི་སྲུང་སྐྱོབ་ལས་འགན་ཐོག་ལ་གྲོས་མོལ་གནང་པ་རེད། གཞན་ཡང་འཐབ་ཇུས་བརྟན་ལྷིང་དང་ལག་ཆའི་གནོད་སྐྱོན་སྐོར་ལའང་གྲོས་མོལ་གནང་པ་རེད།
དཔལ་འབྱོར་གྱི་གནས་དོན་ འགོ་འཁྲིད་གཉིས་ནས་ཨ་རི་དང་ར་ཤ་ཡའི་ཚོང་པ་ཆེ་ཁག་རྣམས་གཅིག་སྒྲིལ་བཟོ་རྒྱུ་དང་རྒྱལ་ཁབ་ཕན་ཚུལ་བར་ལ་བསམ་ཚུལ་བྱེས་ལེབ་རྒྱབ་རྒྱུ་སོགས་ཀྱི་སྐོར་ལ་མྱོང་འཚོང་བཤད་རེས་བྱས་ཡོད་པ་རེད།
ཨ་རི་མི་མང་སྐུས་མ་ནང་ཁུལ་ནས་མི་མང་གི་ཚོགས་པ་དང་རིག་གཞུང་དེ་བཞིན་འགྲོ་བ་མིའི་གནས་ལུགས་ཐོག་ལ་དོ་སྣང་ཆེ་བཞིན་ཡོད་པ་རེད། དེ་མིན་ཕྱོགས་གཉིས་ནས་ཨ་རི་དང་ར་ཤ་ཡའི་ཆབ་སྲིད་ཀྱི་ཞིབ་དཔྱད་པ་ གཙུག་ལག་སློབ་ཚན་པ་ སྐུ་ཚབ་དོན་གཅོད་དང་དམག་མིའི་དཔོན་རིགས་ཕན་ཚུལ་བར་ལྟ་བ་གཅིག་གི་ངང་ནས་བཟང་ཕྱོགས་ཀྱི་གནས་དིན་རྣམས་ལེན་ཐབས་བྱེད་ཕྱོགས་སྐོར་གྲོས་མོལ་གནང་པ་རེད།
གྲོས་མོལ་སྐབས་ལ་ཊམ་མཆོག་ནས་ར་ཤ་ཡའི་ནས་ཨ་རའི་ཕྱི་ལོ་༢༠༡༦འོས་བསྡུས་ལ་བྱུས་གཏོགས་བྱེས་སྐོར་ལ་གླེང་པ་་དང་དེའི་ཐོག་ལ་སྲིད་འཛིན་པུ་ཊིན་ནས་སྡུས་ཡ་མེད་བཏང་པ་རེད་གང་ལ་ཞུ་ན་ར་ཤ་ཡ་ནི་གློག་ལམ་གྱི་དྲ་འབྲེལ་གྱི་སྒྲོམ་གཞི་ཐོག་ལ་དོ་སྣང་བྱེད་བཞིན་ཡོད་པ་རེད།
གཞན་ཡང་ས་གནས་ཀྱི་གནས་ལུགས་ སི་རི་ཡ་ ཨི་རན་དང་ཀོ་རེ་ཡའི་སྐོར་ལའང་གྲོས་བསྡུར་གནང་པ་རེད།
མདོར་ན་ཚོགས་འདུ་དེ་ལེགས་པོའི་ངང་སྒྲུབ་ཡོད་པ་རེད། རྒྱ་གར་ནི་ར་ཤི་ཡ་དང་ཨ་རི་གཉིས་ཀའི་མཉམ་དུ་འབྲེལ་ལམ་ཡག་པ་ཡོད་པ་མ་ཟད་རྒྱ་གར་རྒྱལ་ས་རྡི་ལི་ནས་རྒྱལ་ཁབ་གཉིས་བར་ལ་མ་འོངས་པ་འབྲལ་ལམ་བཟང་པོ་དང་མཐུན་འབྲེལ་ཉེར་རྒྱུ་ལ་ཐབས་ཇུས་དང་འདོད་པ་ཤུགས་ཡོད་པ་རེད།
མ་དཔེ། སྐུ་ཞབས་ཨིན་དར་ནི་ཏ་ལུཀ་དར། འཐབ་ཇུས་ཞིབ་དཔྱད་པ།