དེ་རིང་ནས་ཆར་དུས་གྲོས་ཚོགས་ཀྱི་ལྷན་ཚོགས་འགོ་ཚུགས་ཡོད་འདུག་ དབུས་གཞུང་གིས་ཁྲོམས་བཟོའི་ལྷན་ཚོགས་དེར་གལ་ཆེ་གནད་དོན་48 ཐོ་འགོད་བྱེད་ཡོད་འདུག་ དེ་ཡང་ལྷན་ཚོགས་འགོ་མ་ཚུགས་གོང་སྲིད་བློན་མོ་དྷི་མཆོག་གིས་སྲིད་དོན་ཚོགས་པ་ཚང་མར་ཆར་དུས་གྲོས་ཚོགས་ལྷན་ཚོགས་གྲུབ་འབྲས་ཅན་ཡོངས་བར་མཐུན་འགྱུར་མཉམ་ལས་གནང་བར་རེ་སྐུལ་ཞུ་འདུག་ སྲིད་བློན་མཆོག་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་དོན་ཚོགས་པའི་དབུ་ཁྲིད་རྣམས་ལ་གཏམ་བཤད་སྐབས་དབུས་གཞུང་གིས་སྲིད་དོན་ཚོགས་པ་ཚང་མའི་གནད་སོན་ཡར་གདེགས་གནང་གལ་གནད་ཆེན་པོར་རྩི་པའི་རྒྱལ་ཡོངས་ཀྱི་ཁེ་ཕན་ཆེད་གྲུབ་འབྲས་ལྡན་པའི་ཆར་དུས་གྲོས་ཚོགས་ལྷན་ཚོགས་ཡོངས་བར་མཉམ་ལས་ཀྱི་རུ་སྐུལ་ཞུ་འདུག་གོ།
↧