རྒྱལ་ཁབ་བཞི་གཞུང་འབྲེལ་མ་ཡིན་པའི་འཐབ་ཇུས་ཀྱི་གྲོབསྡུར་གྱི་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་དེ་ལ་ངོས་བཞི་བདེ་འཇགས་ཀྱི་གྲོས་བསྡུར་ཞེས་འབོད་སྲོལ་ཡོད་པ་རེད། རྒྱལ་ཁབ་རྒྱ་གར་ ཨ་རི་ ཉེ་ཧོང་དང་ཨོ་སི་ཀྲི་ལི་ཡ་བཅས་ནི་ངོས་བཞི་བདེ་འཇགས་གྲོས་བསྡུར་གྱི་ཚོགས་མི་ཡིན་པ་དང་ཕན་ཚུལ་བར་གྲོས་བསྡུར་གནང་སྲོལ་ཡོད་པ་རེད། ཉེ་ཧོང་གྱི་སྲིད་འཛིན་ཤིན་ཛོ་ཨབ་ལ་ཨ་རིའི་སྲིད་འཛིན་གཞོན་པ་དིག་ཅི་ནི་ ཨོ་སི་ཀྲི་ལི་ཡའི་སྲིན་བློན་ཟུར་པ་ཇོན་ཧ་བཊ་དང་རྒྱ་གར་གྱི་སྲིད་བློན་མོན་སིང་བཅས་ཀྱི་རྒྱབ་བསྐྱོར་རྒྱུད་ངོས་བཞི་བདེ་འཇགས་ཀྱི་གྲོས་བསྡུར་ཐོག་མར་འདི་ཕྱི་ལོ་༢༠༠༧ལོར་འགོ་འཛུགས་གནང་པ་རེད། ཡིན་ནའང་རྒྱ་ནག་གྱི་ངོ་རྒོལ་བྱས་ནས་ཕྱི་ལོ་༢༠༡༨ལོར་ཨོ་སི་ཀྲི་ལི་ཡ་ཚོགས་མི་ནས་ཕྱིར་འཐེན་གནང་པ་རེད། ཉེས་བའི་འཆར་ངོས་བཞི་བདེ་འཇགས་ཀྱི་གྲོས་བསྡུར་འདི་སྐྱར་གསོ་བྱས་བཞིན་ཡོད་པ་དང་དཔལ་འབྱོར་དང་འཐབ་ཇུས་ཐོག་ལ་འགན་ལེན་ཞེས་བཞིན་ཡོད་པ་རེད།
ཨོ་སི་ཀྲི་ལི་ཡ་ནས་འགལ་ཆོས་ཟུར་འཛིན་གྱི་བློ་འཛིན་ནས་ཕྱི་ལོ་༢༠༡༨་ལོ་ནས་མལ་ལ་བར་གྱི་ལུས་རྩལ་ཞེས་འབོད་ཚུལ་ཡོད་པ་རེད། ཡིན་ནའང་རྒྱ་གར་གཙོ་བས་ཉེ་ཧོང་དང་ཨ་རི་མཐུན་མོང་ཐོག་ནས་འདས་པའི་ལོ་༢༠་རིང་ལ་མ་ལ་བར་ལུས་རྩལ་འདི་ཉེར་སྐྱོང་ཐུབ་པ་བྱུང་ཡོད་པ་རེད། ཐག་གཅོད་དེའི་རིགས་ལ་རྒྱ་ནག་གི་གནོན་ཤུགས་སྤྲོད་ཐུབ་ཀྱི་ཡོད་མིན་ནི་གསལ་པོ་མི་འདུག། ཕྱི་ལོ་༡༩༩༢ལོ་འགོ་ནས་ཨ་རི་ནས་མ་ལ་བར་ལུས་རྩལ་ལ་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་ཕྱི་ལོ་༢༠༡༥་ནས་ཉེ་ཧོང་ནི་མ་ལ་བར་ལུས་རྩལ་གྱི་གཏན་འཇགས་ཀྱི་ཚོགས་མི་ཡིན་འདུག། རྒྱ་གར་ཡང་ཚོགས་མི་ཡིན་པ་ནི་རྒྱ་གར་གྱི་རྒྱ་མཚོའི་འཐབ་ཇུས་ཁུངས་ཚུད་ཡོད་པ་རེད།
ངོས་བཞི་བདེ་འཇགས་ཀྱི་གྲོས་བསྡུར་ལ་མ་གནས་པ་མ་ལ་བར་ལུས་རྩལ་ཆགས་ཚུལ་ནི་ཨོ་སི་ཀྱི་ལི་ཡའི་ཚོགས་མི་མ་གནས་དར་ཟུར་བསྡད་རྒྱུའི་ཐོག་གཙོད་བྱས་པ་རེད། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་ནས་རང་དབང་དང་གུ་ཡང་ངང་གནས་དགོས་ཚུལ་ཟླ་བ་སྔོན་མའི་སང་གིརི་ལ་གྲོས་བསྡུར་སྐབས་རེ་འདུན་གནང་ཡོད་པ་དང་ཡད་མོ་དི་ནས་རྒྱ་གར་གྱི་ངོས་ལྷོ་རྒྱ་ནག་གྱི་རྒྱ་མཚོའིགནས་དོན་ཐོག་ལ་མུ་འཐུད་འཇོག་བཀོད་བྱེད་ཀྱི་ཡིནན་པའི་སྐོར་ལ་གསུང་གནང་འདུག།
ངོས་བཞི་བདེ་འཇགས་གྲོས་བསྡུར་ཚོགས་མི་རྣམས་ནས་ཨ་ཤི་ཡའི་པེ་སི་ཕིག་དང་རྒྱ་གར་གྱི་པེ་སི་ཕིག་ག་ཉིས་ཀྱི་ནུས་པ་སོགས་ཀྱི་སྐོར་ལ་མཁྱེན་རྒྱུ་ནི་གལ་གནས་ཆེ། དེ་ཡང་རྒྱ་གར་ངོས་ནས་རྒྱ་གར་རྒྱ་མཚོ་དང་འཛམ་གླིང་གྱི་སྒྲིག་གཞི་སྐྱོབས་རྒྱུའི་ཐོག་ལ་འབད་བཞིན་ཡོད། གལ་སྲིད་རྒྱལ་ཁབ་ཞིག་ནས་རྒྱལ་སྤྱིའི་དང་རྒྱལ་ཁབ་གཞན་གྱི་ལས་ཚད་ལ་སྣོད་སྐྱོན་བྱེད་ཀྱི་ཡོད་པའི་ཚེ་རྒྱལ་ཁབ་འདི་ཕམ་ཉེས་ཤོར་ངེས་ཡིན།
རྒྱ་གར་རྒྱ་མཚོའི་འགྲམ་དུ་ཡོད་པའི་རྒྱལ་ཁབ་རྒྱ་གར་སོགས་པའི་རྒྱལ་སྤྱིའི་གནས་དོན་ཤེས་རྒྱུ་ནི་གལ་ཆེན་ཡིན་པ་དང་རྒྱ་མཚོའི་སང་ལམ་རྒྱུད་ནས་འབྲེལ་ལམ་འགོག་ཐབས་མེད་པ་ཞིག་ཡིན། རྒྱ་གར་གྱི་ཚོང་དང་ནུས་ཤུགས་བརྒྱ་ཆ་༩༠རྒྱ་གར་རྒྱ་མཚོའི་རྒྱུད་ནས་འདྲེན་གྱི་ཡོད་པ་ལ་རྟེན་ནས་རྡི་ལི་གསར་པ་ལ་རྒྱ་མཚོའི་རྒྱུད་ནས་མཉམ་འབྲེལ་བདེ་འཇགས་དང་རང་དབང་དགོས་གལ་ཆེ། རྒྱ་ནག་ནས་ལྷོ་རྒྱ་ནག་གི་རྒྱ་མཚུའི་སྤྱོད་ཚུལ་ལ་རྟེན་ནས་རྒྱལ་ཁབ་མང་པོར་སེམས་འཕྲལ་བཟོ་བཞིན་ཡོད་པ་རེད།
ངོས་བཞི་བདེ་འཇགས་གྲོས་བསྡུར་ནང་རྒྱལ་ཁབ་བཞིའི་ཚད་གཅིག་པོ་མིན་པ་དེ་མི་རྒྱལ་ཁབ་གལ་ཆེ་ཆང་རིགས་ཡང་ཚོགས་མི་ནང་ཚུད་ཡོད་པ་རེད། ཝ་ཊི་ནམ་དང་ཨིན་ཏྲོ་ཨེ་ཤེ་ཡ་ཡང་ངོས་བཞི་བདེ་འཇགས་གྲོས་བསྡུར་གྱི་ཚོགས་མི་ནང་འཛུལ་བཞུགས་གནང་ཡོད་པ་རེད། གཞན་ཡང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་གསུམ་གྱི་ཚོགས་པ་ཞིག་ཡོད་པ་ནི་སྤྱི་མཐན་རྒྱལ་ཁབ་རྒྱ་ནག་ ཀོ་རེ་ཡ་དང་ཉེ་ཧོང་བཅས་གསུམ་ཡིན།
མ་དཔེ། ར་ཇ་རམ་པན་ཊེ། ཉེ་ཧོང་རུ་ཏ་ཀུའི་གཙུག་ལག་ཁང་གི་སློབ་དཔོན་ཆེན་མོ།