
བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་དང་སྲིད་བློན་མོ་དྷི་རྣམ་གཉིས་ཀྱི་ཕྱི་ཟླ་བཞི་པ་དང་ལྔ་པར་ཕར་སྒུལ་ཚུར་སྒུལ་གྱི་གཞུང་འབྲེལ་མཚམས་གཟིགས་རྗེས་ངོས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གྱི་ལས་གཞི་ཚ་ཚང་མདུན་སྐྱོད་ཀྱི་བསྐྱར་ཞིབ་གནང་འདུག་ ཁས་ས་རྒྱལ་ས་ཀཊ་མན་གྲུར་རྒྱ་གར་བལ་ཡུལ་ལྟ་རྟོག་ལམ་ལུགས་ལྷན་ཚོགས་ཐེངས་6 པར་ངོས་གཉིས་འབྲེལ་ལམ་གོང་འཕེལ་གྱི་དཔལ་འབྱོར་དང་འཕེལ་རྒྱལ་ལས་གཞི་ཚང་མ་འགོག་རྐྱེན་མེད་པའི་ཐོག་ལག་བསྟར་ལེགས་སྒྲུབ་ཡོངས་བར་ནན་ཏན་གནང་ཡོད་འདུག་ ལྷན་ཚོགས་སྐབས་ས་མཚམས་ཕན་ཚུན་བར་མེ་འཁོར་གསར་འཛུགས་ལས་གཞི་དང་ མཉམ་སྦྲེལ་ལྟ་རྟོག་ལས་ཁུངས་ ཏེ་རའི་རྒྱ་ལམ་ལས་འཆར་ལ་སོགས་པ་གསར་འཛུགས་གནང་རྒྱུ་ཡིན་འདུག་གོ།