ཁས་ས་ཉེ་ཧོང་གི་རྒྱལ་ས་ཊོཀ་ཡོར་ཡོ་རོབ་གྲོས་ཚོགས་དང་ཉེ་ཧོང་གཉིས་ཀྱིས་རྒྱལ་སྤྱིའི་GDP ཡི་གཅིག་ཆ་གསུམ་ཙམ་གྱི་རིན་ཐང་ཅན་གྱི་འགོག་མེད་ཚོང་འབྲེལ་གྱི་གྲོས་མཐུན་མཚན་རྟགས་སྐྱོན་འདུག་ ཡོ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་ཇེན་ཀོ་ལོཊ་ཇན་ཀར་མཆོག་གིས་གྲོས་མཐུན་མཚན་རྟགས་དེ་བརྒྱུད་རྒྱལ་སྤྱིརི་རང་སྲུང་རིང་ལུགས་ཀྱི་ཁ་གཏད་དུ་བརྡ་ལན་ཆེན་པོ་ཞིག་གཏོང་ཡོད་བཅས་འགྲེལ་བརྗོད་གནང་འདུག་ ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨེབ་མཆོག་གིས་རྒྱལ་སྤྱིིར་རང་སྲིད་རང་ལུགས་དར་རྒྱས་ཕྱིན་བཞིན་པའི་དུས་སུ་ངོས་གཉིས་ཀྱིས་འགོག་མེད་ཚོང་སྦྲེལ་གྱི་ལམ་ལུགས་མིག་དཔེ་བསྟོན་བཞིན་ཡོད་བཅས་འགྲེལ་བརྗོད་གནང་འདུག་གོ།
↧