ཀེ་རེ་ལ་མངའ་སྡེར་ཆར་རླུང་དྲག་པས་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག་ འདའ་པའི་ཆུ་ཚོད་ཉི་ཤུ་ཙ་བཞི་ནང་ཆར་རླུང་དྲག་པོས་མི་ད་དུང་བདུན་གསོད་པའི་གནས་ཚུལ་ཐོན་འདུག་ ད་ལན་གྱི་ཆར་དུས་སུ་ཆར་རླུང་དྲག་པོས་མི་བརྒྱ་ལྷག་ཚེ་སྲོག་ཤོར་ཡོད་འདུག་ ལྷག་པར་དུ་མངའ་སྡེ་ཡི་ས་མཐོ་དམའ་མའི་རྫོང་ཀོ་ཏ་ཡམ་དང་ཨ་ལ་པུཛར་ཆུ་ལོག་མུ་མཐུད་རྒྱག་པས་རྐྱེན་གྱིས་མེ་འཁོར་ཞབས་ཞུ་མང་པོ་ཕྱོར་འཐེན་གནང་ཡོད་འདུག་གོ།
↧