Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ཨ་རི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཚོགས་མི་ཡིས་རྒྱ་དཀར་ནག་ལ་སོགས་རྒྱལ་ཁབ་གཞན་ནས་ཨ་རི་ལ་འཁོན་ལན་དངོས་ཁྲལ་ཕྲད་བཞིན་པ།

$
0
0

ཁས་ས་ཨ་རི་ཡི་ཁྲིམས་བཟོ་བ་དབང་ཤུགས་ཅན་གྱིས་རྒྱ་དཀར་ནག་ལ་སོགས་རྒྱལ་ཁབ་གཞན་ནས་ཨ་རི་ལ་འཁོན་ལན་དངོས་ཁྲལ་གྱིས་ཨ་རི་ཡི་ཞིང་ལས་ཐོན་སྐྱེད་ལ་འགྱོང་རྒུད་ཆེན་པོ་རག་བཞིན་ཡོད་བཅས་བརྗོད་འདུག་ ཨ་རི་རྒྱལ་ས་ཝ་ཤིང་ཊན་དུ་ཨ་རི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཚོགས་མི་དྷེཝ་རིའ་ཆརཊ་མཆོག་གིས་ཨི་རི་ཡི་ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་སྤྱི་ཚོགས་སུ་དངུལ་ཁྲལ་གྱིས་ཕན་གནོད་ཐད་རྒྱལ་ཡོངས་གྲོས་ཚོགས་སྐབས་ཨ་རི་ཡི་ཞིང་པ་དང་སྒོ་ཕྱུགས་གསོ་ལས་པ་དང་འདེབས་མཁན་རྣམས་རྒྱལ་ཁབ་ཕན་ཚུན་བར་གྱི་དངུལ་ཁྲལ་འཁོར་ལན་གྱིས་གནོད་འཚེ་ཆེན་པོ་བཟོས་བཞིན་ཡོད་བཅས་བརྗོད་འདུག་ ཁོ་བོས་ཨ་རི་ཡི་ཚོང་ལས་སྲིད་བྱུས་ལག་བསྟར་བརྟེན་རྒྱལ་ཁབ་ཡོངས་ནས་འཁོན་ལན་དངོས་ཁྲལ་འཕྲད་བཞི་་ཡོད་བཅས་བརྗོད་དེ་སྲིད་འཛིན་ཊ་རམ་མཆོག་གིས་གཞུང་ལ་ཨ་རི་ཞིང་པའི་ཁེ་ཕན་བསམ་ཤེས་ཀྱི་སྒོམ་པ་སྤོས་བར་འབོད་འདུག་ དེ་ཡང་ཡོ་རོབ་གྲོས་ཚོགས་དང་རྒྱ་ནག་ མེཀ་སི་ཀོ་ ཁེ་ན་ཌ་ ཊར་ཀི་ རུས་ རྒྱ་གར་བཅས་ཀྱིས་ཨ་རི་ཡི་དངོལ་ཁྲལ་ལག་བསྟར་གྱིས་ཡ་ལན་དུ་འཁོན་ལན་དངོས་ཁྲལ་གྱིས་ཨ་རི་ཡི་ཕྱི་ཚིང་དངོས་ཟོག་ས་ཡ་མང་པོའི་གྲོས་དན་མེད་པར་བཟོས་ཡོད་བཅས་འགྲེལ་བརྗོད་གནང་ངོ།


Viewing all articles
Browse latest Browse all 6348