Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ཕྱི་ཟླ་དགུ་པའི་ནང་རྒྱལ་ས་ལྡི་ལིར་རྒྱ་གར་དང་ཨ་རི་གཉིས་བར་གཞུང་འབྲེལ་གྲོས་སྡུར་གནང་རྒྱུ།

$
0
0

ཨ་རི་གཞུང་གིས་ཕྱི་ཟླ་དགུ་པའི་ཚེས་དྲུག་ཏུ་རྒྱལ་ས་ལྡི་ལིར་རྒྱ་གར་དང་ཨ་རི་གཉིས་བར་ two-plus-two dialogueགྱི་སྒོ་འབྱེད་གཞུང་འབྲེལ་གྲོས་སྡུར་གནང་རྒྱུ་ཡིན་བཅས་གསལ་བསྒྲགས་གནང་འདུག་ ཟླ་བ་སྔོན་མ་ཨ་རི་གཞུང་གིས་ངོས་གཉིས་བར་གྱི་གཞུང་འབྲེལ་གྲོས་སྡུར་ཧཡོལ་ཐབས་མེད་པའི་རྒྱུ་མཚན་རྟེན་ཕྱིར་འགྱངས་བྱེད་ཡོད་འདུག་ ཨ་རི་རྒྱལ་དོན་དྲུང་ཆེ་མེཀ་པོམ་པི་ཨོ་དང་རྒྱལ་སྲུང་དྲུང་ཆེ་ཇེམས་མེ་ཊིས་གཉིས་རྒྱ་གར་དུ་ཕེབས་ནས་ཕྱོ་སྲིད་བློན་ཆེན་སུཤ་མ་སུཨ་རཇ་དང་རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཏ་རམ་ལྷན་དུ་གྲོས་མོལ་གནང་རྒྱུ་ཡིན་འདུག་ ཨ་རི་གཞུང་གི་མགྲིན་ཚབ་པ་ཧི་ཐར་ནོཨརཏ་མཆིག་གིས་རྒྱ་གར་དང་ཨ་རི་གཉིས་ཀྱིས་གྲོས་མོལ་བརྒྱུད་ཨེ་ཤི་ཡ་དང་རྒྱ་གར་རྒྱ་མཚོའི་ངོས་སུ་དཀའ་རྙོག་སེལ་བར་དམག་དོན་འབྲེལ་ལམ་དང་ཉེན་སྲུང་དང་རྒྱལ་སྲུང་མཉམ་ལས་གོང་འཕེལ་གཏོང་སྟེ་ས་གནས་འཕེལ་རྒྱུ་ཡིན་བཅས་བརྗོད་དོ།


Viewing all articles
Browse latest Browse all 6348