
ཕྱི་སྲིད་བློན་ཆེན་སུཤ་མ་སུཨ་རཇ་མཆོག་གིས་རེས་གཟའ་ཕུར་བུར་ASEAN རྒྱལ་ཚོགས་ནི་རྒྱ་གར་ཕྱི་སྲིད་སྲིད་བྱུས་དང་དམག་དོན་བྱེད་སྒོ་དང་དཔལ་འབྱོར་ཁེ་ཕན་གྱི་ལྟེ་བ་ཡིན་བཅས་བརྗོད་འདུག་ རྒྱལ་ས་ལྡི་ལིར་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རྒྱ་གར་དང་ASEAN རྒྱལ་ཚོགས་ཀྱོ་འབྲེལ་ལམ་ནུས་པ་མདུན་སྐྱོད་དུ་སྤེལ་བར་ཤར་ངོས་རྒྱ་གར་གྱི་སྲིད་བྱུས་བརྒྱུད་གོང་སྤེལ་གཏོང་རྒྱུ་ཡིན་བཅས་བརྗོད་འདུག་ ཁོ་མོས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ངོས་སུ་རྒྱ་གར་གྱི་བྱ་སྤྱོད་ནི་རྒྱ་ཆེན་གཏིང་ཟབ་ཡིན་བཅས་བརྗོད་དོ།