
ཁས་ས་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་བྱུང་བའི་ཨེ་ཤི་ཡའི་རྩེད་འགྲན་ཆུང་བའི་སྦེ་ག་རྩེད་འགྲན་དུ་རྒྱ་གར་གྱིས་རྩེད་འགྲན་པས་རྟགས་མ་བརྒྱད་ཐོབ་ཡོད་འདུག་ དེ་ཡང་རེས་གཟའ་ཉི་མར་མཇུག་བསྡུ་བའི་ཨེ་ཤི་ཡའི་རྒྱལ་ཁབ་བར་གྱི་རྩེད་འགྲན་ཆུང་བའི་འགྲན་བསྡུར་དུ་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གསུམ་དང་ཟངས་ཀྱི་རྟགས་མ་གསུམ་བཅས་ཁྱོན་རྟགས་མ་བརྒྱད་ཐོབ་ཡོད་འདུག་ རྩེད་འགྲན་འགོ་ཚུགས་ཉིན་དང་པོར་དངུལ་གྱི་རྟགས་མ་གསུམ་དེ་རྩེད་འགྲན་ཀི་ལོ་སྡེ་ཚན་70 རུ་ཝི་ཤལ་ཀ་ལི་ར་མན་དང་ཀི་ལོ་57 རུ་ནཱ་ཝིན་དང་ཀི་ལོ་79 རུ་ས་ཅིན་གྦི་རི་བཅས་ཀྱིས་ཐོབ་བོ།