Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

སྲིད་བློན་མོ་དྷི་མཆོག་རཝན་གྲ་དང་ཡུ་གྷན་གྲ་ སཨུཏ་ཨཕ་རི་ཀ་བཅས་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་མཛད་འཕྲིན་དུ་ཕེབས་པ།

$
0
0

དེ་རིང་སྲིད་བློན་མོ་ན་རེན་རྡར་དྷི་མཆོག་རཝན་གྲ་དང་ཡུ་གྷན་གྲ་ སཨུཏ་ཨཕ་རི་ཀ་བཅས་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་མཛད་འཕྲིན་དུ་ཕེབས་ཡོད་འདུག་ དེ་ཡང་སྲིད་བློན་མོ་དྷི་མཆོག་གིས་སི་རི་ལང་ཀ་ནི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཙམ་མིན་པར་ལྷོ་ཨེ་ཤི་ཡ་དང་རྒྱ་གར་རྒྱ་མཚོ་ངོས་ཀྱི་ཡིད་བློ་འགེལ་བའི་གྲོགས་རྒྱལ་ཞིག་ཡིན་བཅས་བརྗོད་འདུག་ སི་རི་ལང་ཀ་ཡོངས་སུ་རྫ་དྲག་ནད་པ་འདྲེན་འཁོར་ཞབས་ཞུ་གོང་སྤེལ་གྱི་མཛད་སྒོར་བརྙན་འཕྲིན་ཁ་པར་བརྒྱུད་མཉམ་བཞུགས་གནང་སྟེ་སྲིད་བློན་མོ་དྷི་མཆོག་གིས་ད་ལན་གྱི་མཛད་སྒོ་དེ་ཡིས་རྒྱ་གར་དང་སི་རི་ལང་ཀ་གཉིས་བར་གྱི་ཟླ་རོགས་གོང་འཕེལ་གྱི་ལམ་དུ་གོམ་པ་ཆེན་པོ་ཞིག་ཡིན་བཅས་བརྗོད་འདུག་ སྲིད་བློན་མོ་དྷི་མཆོག་གིས་རྒྱ་གར་གྱི་ཁས་ལེན་བཞིན་སྒྲུབ་སྟེ་ནད་འདྲེན་ཞབས་ཞུ་ཡི་ལས་ཚན་གཉིས་པ་དུས་ཐོག་ཏུ་འགོ་ཚུགས་བར་དགའ་སྤོབ་བརྗོད་དོ།


Viewing all articles
Browse latest Browse all 6348