ཀེ་ལཤ་མན་སོ་རོ་ཝར་གནས་མཇལ་དུ་འགྲོ་མཁན་ཆོས་ཞུ་བ་115 ཨུ་ཊ་ར་ཁནཊ་་རུ་ཆར་རླུང་དྲག་པ་ལས་གུན་ཇི་གྲོང་འཁྱེར་དུ་འགྲུལ་སྐྱོད་མི་ཐུབ་པར་འགག་བསྡད་ཡོད་འདུག་ དེ་ཡང་ཆར་རླུང་དྲག་པོས་མུ་མཐུད་ཉིན་གཉིས་པ་རྒྱལ་ས་ལྡི་ལིར་གནོད་སྐྱོན་ཤུགས་ཆེན་བཟོས་པ་དང་ཧི་མ་ཅལ་མངའ་སྡེ་ཡི་རྫོང་དགུ་རུ་ཆར་རླུང་དྲག་པོ་རྒྱག་པའི་སྔོན་བརྡ་གཏོང་ཡོད་འདུག་ དེ་ཡང་ཁས་ས་རྒྱ་གར་མངའ་ཁུལ་མང་པོ་ཞིག་ཏུ་ཆར་རླུང་དྲག་པོ་རྒྱག་སྟེ་ཉིན་རེའི་འཚོ་བ་ལ་གནོད་རྐྱེན་ཆེན་པོ་བཟོས་འདུག ཁས་ས་ཨོ་གྲི་ས་མངའ་སྡེར་ཆར་རླུང་དྲག་པོ་དང་འབྲེལ་བའི་རྐྱེན་ངན་གྱིས་མི་གསུམ་གསོད་པ་དང་གཞན་ར་ཡ་གྷ་དྷ་ལ་གཉིས་དང་མལ་ཀན་གྷི་རི་རྫིང་དུ་མི་གཅིག་གསོད་འདུག་ ཀཱ་ལ་ཧན་གྲི་དང་ན་བྷ་རང་གྷ་ མལ་ཀཱན་གི་རི་ ར་ཡཱ་གྷ་དྷ་བཅས་སུ་ཆུ་ལོག་འདྲ་བའི་དཀའ་ངལ་ཕྲད་བཞིན་འདུག་ དེ་བཞིན་བུབ་ནེཤ་ཝར་དང་ཀཱ་ཊཀ་ པུ་རི་བཅས་སུ་ཆུས་ཡོངས་སུ་འཚོས་པའི་དཀའ་ངལ་ཕྲད་བཞིན་འདུག་ རྒྱལ་ཡོངས་གནམ་གཤིས་ལྷན་ཁང་གི་མི་སྣས་ཡོངས་འགྱུར་གྱི་ཆུ་ཚོད་ 24 ནང་ད་དུང་ཆར་རླུང་དྲག་པོ་རྒྱག་པའི་སྔོན་དཔགས་བྱས་སོ།
↧