རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཏ་རམ་མཆོག་གིས་མཁའ་དམག་གནམ་གྲུ་Rafale མཚན་རྟགས་36 ལོ་རྗེས་མའི་ཟླ་བ་དགུ་བ་ནང་རྒྱ་གར་དུ་རྩིས་སྤྲོད་གནང་འགོ་ཚུགས་རྒྱུ་ཡིན་འདུག་ དེ་ཡང་ཉིན་ཤས་སྔོན་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་གཞོན་པ་ར་ཧུལ་གྷན་དྷི་མཆོག་གིས་ཆར་དུས་གྲོས་ཚོག་སྐབས་དམག་དོན་གནམ་གྲུ་མཚན་རྟགས་Rafale ཉོ་ཚོང་ཐོག་གཏམ་བཤད་ལ་ཡ་ལན་དུ་ཕ་རནས་གཞུང་གིས་རྒྱ་གར་དང་ཕ་རནས་གཉིས་བར་གྱི་གྲོས་མཐུན་བརྟེན་དམག་དོན་གནམ་གྲུ་མཚན་རྟགས་Rafale ཉོ་ཚོང་གི་ཞིབ་ཕྲའི་གནད་དོན་གསང་སྒྲོག་མི་ཆོག་བཅས་འགྲེལ་བརྗོད་གནང་ཡོད་འདུག་ ཕ་རནས་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་གཏམ་བཤད་དུ་གཞུང་གཉིས་ཀྱིས་ཕྱི་ལོ་2008 ལོར་འཇོག་པའི་ཉེན་སྲུང་གྲོས་མཐུན་འོག་ཁྲིམས་དོན་གྱི་རྒྱལ་ཁབ་གཉིས་དམག་དོན་གནམ་གྲུ་ཉི་ཚོང་གི་གསང་བའི་གནས་ཚུལ་མ་སྒྲོག་ཅིང་དེ་དག་གསང་སྒྲོག་ཤོར་ཚེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་མཚོན་ཆ་ཁང་དང་དེ་ཡི་དམག་དོན་ནུས་ཚད་གསང་ཤོར་གྱི་ཉེན་ཁ་ཆེན་པོ་ཡོད་བཅས་འགྲེལ་བརྗོད་གནང་ཞིང་གྲོས་མཐུན་དེ་དག་ཕྱི་ལོ་2016 ལོའི་ཟླ་དགུ་པའི་ཚེས་23 ལ་རྒྱ་གར་གྱི་ཕ་རནས་ལས་འཁོ་སྒྲུབ་བྱུང་བའི་དམག་དོན་གནམ་གྲུ་36 མཚན་རྟགས་Rafale ལ་འཇུག་པ་འགྲེལ་བརྗོད་གནང་ངོ།
↧