༄། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གང་རུང་དུ་སི་རི་ཡའི་སྐྱབས་བཅོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་ནི་རང་འགུལ་དྭང་བླངས་ཁོ་ན་བྱེད་དགོས་བཅས་བརྗོད་འདུག་ ཨ་རི་གཞུང་གི་མགྲིན་ཚབ་པ་སཊེ་ཕེ་ནི་རྡུ་ཇ་རུཀ་མཆོག་གིས་སྐྱབས་བཅོལ་བ་རང་ཡུལ་དུ་ཕྱིར་ལོག་གི་ལས་འགུལ་ནི་ཀུན་དུ་དྭང་བླངས་དང་མཚན་གནས་ཐོག་བྱེད་དགོས་པ་བརྗོད་འདུག་ དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏམ་བཤད་དེ་ཨ་རི་དང་རུས་གཉིས་ཀྱིས་མཉམ་སྦྲེལ་ཐོག་གནད་དོན་དེར་ལས་འགུལ་སྤེལ་བའི་ཐག་གཅོད་རྗེས་སླེབའ་འདུག་ རུས་ཀྱི་རྒྱལ་སྲུང་ལྷན་ཁང་གིས་གཟའ་འཁོར་སྔོན་མར་རུས་སི་རི་ཡའི་སྐྱབས་བཅོལ་བ་རྣམས་རང་ཡུལ་དུ་ཉེན་མེད་ལོག་ཐབས་སུ་མཉམ་ལས་གནང་བའི་ཐག་གཅོད་དེ་རུས་སྲིད་འཛིན་པུ་ཊིན་དང་ཨ་རི་སྲིད་འཛིན་ཊ་རམ་གཉིས་བར་ཧེལ་སིན་ཀིར་གཞུང་འབྲེལ་གྲོས་མོལ་དབུ་འབྱེད་འྐབས་ཐག་གཅོད་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག་གོ།
↧