Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

བལ་ཡུལ་གྱི་བྷི་རཊ་ན་གྷར་གྲོང་འཁྱེར་དུ་ཡོད་པའི་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་ཟླ་བརྒྱད་པའི་ཚེས་1 ནས་སྒོ་རྒྱག་རྒྱུ།

$
0
0

བལ་ཡུལ་གྱི་བྷི་རཊ་ན་གྷར་གྲོང་འཁྱེར་དུ་ཡོད་པའི་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་ཟླ་བརྒྱད་པའི་ཚེས་1 ནས་སྒོ་རྒྱག་རྒྱུ་ཡིན་འདུག་ བལ་ཡུལ་གྱི་རྒྱལ་ས་ཀཊ་མན་གྲུར་གནས་པའི་རྒྱ་གར་སྐུ་ཚབ་དོན་གཅོད་ཁང་གིས་བྷི་རཏ་ན་གྷར་དོན་གཅོད་ཀྱི་རྒྱ་གར་མི་སེར་རྣམས་ལ་གཞུང་འབྲེལ་ལས་འགུལ་དང་ཡིག་ཆར་སྤྲོད་ལེན་ཆ་ཚང་ཟླ་བརྒྱད་པའི་ཚེས་1 ནས་མཚམས་འཇོག་གནང་སྟེ་གཞུང་ཞབས་ལས་འགུལ་ཐོབ་སླད་ཀཊ་མན་གྲུ་རྒྱ་གར་དོན་གཅོད་ཁང་དུ་འབྲེལ་གཏུགས་གནང་བར་གསར་འགོད་གསལ་བསྒྲགས་གནང་འདུག་ བྷ་རཏ་ན་གྷར་དོན་གཅོད་ཁང་དེ་ཕྱི་ལོ་2008 ལོར་དབུ་འབྱེད་གནང་ཞིང་སྐབས་དེེར་ས་ཁུལ་དེ་ཡི་ཀོ་སི་ཆུ་ལོག་ལས་བྱུང་བའི་རྐྱེན་ངན་ལྡོག་པར་འགོ་འབྱེད་ཡོད་ དོན་གཅོད་ཁང་གི་ལས་དོན་དེ་དང་ལེགས་པར་གྲུབ་རྗེས་དབུས་གཞུང་གིས་དོན་གཅོད་ཁང་འགོ་རྒྱག་སྟེ་ལས་སྣེ་པ་རྣམས་ས་ཆ་གཞན་དུ་ལས་བསྐོས་གནང་རྒྱུ་ཡིན་འདུག་གོ།


Viewing all articles
Browse latest Browse all 6348