༄། དེ་རིང་ཞོགས་པ་ཇ་མུ་ཀཤ་མིར་གྱི་དྷ་རས་དམག་དྲན་རྟེན་གནས་སུ་ཀར་གྷིལ་དམག་རྒྱལ་ཁ་ཐོབ་པའི་དུས་ཆེན་ཐེངས་19 པ་སྲུང་བརྩི་ཞུ་འགོ་ཚུགས་ཡོད་འདུག་ ཀར་གྷིལ་དམག་གྲོང་དུ་དམག་གི་དཔའ་བོ་ཀོ་ལོ་ནལ་ས་ཅིན་ནིམ་བྷདྷ་ཀར་ཝིར་ཅཀ་རཱ་དང་ཀོ་ལོ་ནལ་ར་ཇེཤ་ཨ་གྲུ་གཙོས་པའི་དཔའ་བོ་17 ཡིས་དྲན་རྟེན་དུ་མེ་ཏོག་གི་ཐོད་རྒྱན་འཇོག་སྟེ་གུས་བརྩི་ཞུ་འདུག་ དུས་ཆེན་དེར་རིག་གཞུང་འཁྲབ་སྟོན་འདར་མིན་གོ་སྒྲིག་ཞུ་ཡོད་འདུག་གོ།
↧