Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

སྤྱི་ལོ་ ༢༠༡༨ ལོའི་བྷྲིག་སིའི་ཚོགས་ཆེན་ཐེངས་བཅུ་པ་དང་རྒྱ་གར།

$
0
0

ལྷོ་ཨ་ཕི་རི་ཀས་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༢༥ ནས་ ༢༧ བར་ཇོ་ཧན་ནེ་སི་བྷག་ཏུ་གོ་སྒྲིག་ཞུས་པའི་བྷྲིག་སིའི་ཉིན་གྲངས་གསུམ་གྱི་ཚོགས་ཆེན་ཐེངས་བཅུ་པ་དེར་སྲིད་བློན་ན་རེནྡྲ་མོ་དི་དང་། ཨ་ཕི་རི་ཀའི་དབུ་ཁྲིད་ཁ་ཤས་བཅས་ཚུད་པའི་བྷྲ་ཛིལ་དང་། ཨུ་རུ་སུ། རྒྱ་གར། རྒྱ་ནག ལྷོ་ཨ་ཕི་རི་ཀ་བཅས་ཀྱི་དབུ་ཁྲིད་རྣམས་མཉམ་འཛོམས་གནང་ཡོད། སྲིད་བློན་མོ་དི་མཆོག་ཨ་ཕི་རི་ཀའི་རྒྱལ་ཁབ་ར་ཝན་ཌ་དང་ཨུ་གྷན་ད་གཉིས་སུ་ཕྱོགས་བསྐྱོད་གྲུབ་རྗེས་སུ་ཚོགས་ཆེན་ཆེད་ཇོ་ཧན་ནེ་སི་བྷག་ཏུ་ཕེབས་ཡོད་པ་རེད། བྷྲིག་སིའི་ཚོགས་ཆེན་དེའི་ཐོག་ནས་རྒྱ་གར་ལ་བྷྲིག་སིའི་དབུ་ཁྲིད་རྣམས་དང་ལྷན་དུ་ཐུན་མོང་གི་ཁེ་ཕན་སྐོར་གླེང་མོལ་བྱ་རྒྱུའི་གོ་སྐབས་ཙམ་མ་ཟད་ལྷོ་ཨ་ཕི་རི་ཀ་དང་ལྷན་དུ་འབྲེལ་ལམ་ཤུགས་ཆེ་རུ་གཏང་སྟེ་རྒྱ་གར་གྱིས་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་བཅས་ཀྱི་གོ་སྐབས་ཀྱང་བྱུང་ཡོད།

འདི་ལོ་ཨ་ཕི་རི་ཀར་འཚོགས་པའི་བྷྲིག་སིའི་ཚོགས་ཆེན་གྱི་བརྗོད་གཞི་ནི། བཟོ་ལས་གསར་བརྗེ་བཞི་པའི་ནང་ཆ་ཚང་བའི་འཕེལ་རྒྱས་དང་ཐུན་མོང་གི་གྲུབ་འབྲས། ཞེས་པ་དེ་ཆགས་ཡོད། དེའི་ཐོག་ནས་བྷྲིག་སིའི་རྒྱལ་ཁབ་རེ་རེའི་གཙོ་གནད་དོན་ཆེན་རྣམས་མཚོན་གྱི་ཡོད་པ་རེད། ཆ་ཚང་བའི་སྤྱི་ཚོགས་ཤིག་དང་རྒྱལ་སྤྱིའི་ཟླ་གྲོགས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་པ་དེས་འགྲོ་བ་མིའི་རིགས་ཚང་མར་གོང་འཕེལ་གྱི་གྲུབ་འབྲས་ཤིག་ཡོང་རྒྱུ་ཡིན་པ་མངོན་གསལ་རེད། འཛམ་གླིང་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་འགྱུར་བ་ཆེ་བ་ཁག་གཅིག་བྱུང་བཞིན་པ་དང་། ཨ་རིས་འགོ་ཁྲིད་པའི་ཚོང་ལས་དམག་འཐབ། རང་སྲུང་རིང་ལུགས་ཁྱབ་ཆེ་རུ་འགྲོ་བཞིན་པ་བཅས་ཀྱིས་བྷྲིག་སིའི་རྒྱལ་ཁབ་ལྔ་པོ་ཚར་མར་གནོད་རྒྱུ་ཡིན་པ་རེད། ཚོགས་ཆེན་ཐེངས་བཅུ་པའི་གླེང་གཞིའི་གནད་དོན་ཆེ་ཁག་ནི་ཕྱོགས་མངས་རིང་ལུགས་དང་། འཛམ་གླིང་གཅིག་གྱུར་འཛིན་སྐྱོང་། འཕྲོད་བསྟེན་དང་སྨན་ཁབ། བུད་མེད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ནུས་ཤུགས་གོང་སྤེལ། ཞི་བདེ་གཅེས་སྐྱོང་། ཚན་རིག་གི་དྲྭ་བ། བཟོ་ལས་དང་ས་ཚིགས། ཆ་ཚང་བའི་འཕེལ་རྒྱས། རྒྱུན་གནས་ཐུབ་པའི་འཕེལ་རྒྱས་དང་རྨང་གཞི་བཅས་ཆགས་ཡོད་པ་རེད།

ཚོགས་ཆེན་དེ་བཞིན་སྤྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ ཉིན་ཚོང་ལས་ཚོགས་འདུ་ཞིག་གི་ཐོག་ནས་འགོ་འཛུགས་གནང་ཡོད་པ་དང་སྤྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༦ ཉིན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པའི་གྲོས་མོལ་གནང་ཡོད་པ་རེད། དམ་དྲག་བྱས་པའི་ཚོགས་དུས་ཐོག་ལ་དབུ་ཁྲིད་རྣམས་ཀྱིས་རྒྱལ་སྤྱིའི་རྫ་དྲག་གནད་དོན་ཁག་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་སྲུང་། གོ་ལ་གཅིག་གྱུར་འཛིན་སྐྱོང་། ཚོང་ལས་གནད་དོན་བཅས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད། ཁོ་ཚོས་ཞི་བདེ་གོང་འཕེལ་གཏོང་བ་དང་། འཛམ་གླིང་གོ་རིམ་དྲམ་སྙོམས་སྔར་ལས་ཆེ་བ། རྒྱུན་གནས་ཐུབ་པའི་ཡར་རྒྱས་དང་། ཆ་ཚང་བའི་འཕེལ་རྒྱས་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཁེ་ཕན་བསྐྲུན་ཕྱིར་ཐབས་བྱུས་ཟླ་གྲོགས་ཤུགས་ཆེ་རུ་གཏང་རྒྱུའི་མོས་མཐུན་བྱས་ཡོད།

ཕྱོགས་མང་རིང་ལུགས་ཤུགས་ཆེ་རུ་གཏང་རྒྱུའི་རྣམ་པའི་ཐད་ལ་དབུ་ཁྲིད་རྣམས་ཀྱིས་རྒྱལ་སྤྱིའི་དཀའ་ངལ་ཁག་ཕྱོགས་ཡོངས་ནས་སེལ་ཐུབ་པ་ཞིག་བཟོ་ཕྱིར་གོ་ལ་གཅིག་གྱུར་འཛིན་སྐྱོང་གི་ཕྱོགས་མངས་སྒྲིག་འཛུགས་རྣམས་ཤུགས་ཆེ་རུ་གཏང་རྒྱུའི་ཆོད་སེམས་བསྐྱར་ཟློས་གནང་ཡོད། ཁོ་ཚོས་ཕྱོགས་མང་ལམ་ལུགས་རྒྱ་ཆེ་ས་ཞིག་གི་དམིགས་ཡུལ་ལ་རྒྱབ་སྐྱོར་བྱེད་པའི་ས་གནས་ཀྱི་ལས་གཞི་ཁག་གི་རང་བཞིན་སྟོབས་ཤུགས་དེ་ངོས་འཛིན་གནང་ཡོད།

འཛམ་གླིང་དཔལ་འབྱོར་སླར་གསོའི་གནད་དོན་ཐོག་ནས་བཤད་ན་བྷྲིག་སིའི་དབུ་ཁྲིད་རྣམས་ཀྱིས་འཛམ་གླིང་དཔལ་འབྱོར་ནང་ཡར་རྒྱས་བྱུང་བར་དགའ་བསུ་ཞུས་ཡོད། འོན་ཀྱང་འཕེལ་རྒྱས་དེ་ཙམ་བརྟན་པོ་བྱུང་མེད་པ་དང་ཉམ་ཉེས་འགྲོ་བའི་ཉེན་ཁ་ད་དུང་ཡང་ཡོད་བཞིན་པའི་ནན་འཇོག་གནང་ཡོད། ཁོང་རྣམ་པས་རྒྱལ་སྤྱིའི་ཚོང་ལས་འཕེལ་རྒྱས་རྒྱུན་གནས་ཐུབ་པ་ཞིག་ཕྱིར་དེ་དང་འཚམ་པའི་ཕྱི་ཕྱོགས་འཁོར་ཡུག་ཅིག་དགོས་རྒྱུ་གལ་ཆེན་ཡིན་པའི་ནན་བཤད་གནང་བ་དང་། འཁོད་སྙོམས་དང་། ཆ་ཚང་བའི་འཕེལ་རྒྱས། མདུན་བསྐྱེད་བརྟན་པོ་བྱ་རྒྱུ། ལས་དོན་ཐོག་དངུལ་རྩིས་དང་དངུལ། སྒྲོམ་གཞིའི་སྲིད་བྱུས་བཅས་དགོས་ཚུལ་བཤད་ཡོད་པ་རེད།

ནུས་ཤུགས་ཀྱི་ཐད་ལ་དབུ་ཁྲིད་རྣམ་པས་ནུས་ཤུགས་ཁྱབ་ཁོངས་དང་ལྷག་པར་དུ་རྒྱལ་སྤྱིའི་འཕེལ་རྒྱས་ལས་གཞི་དང་། འཁོད་སྙོམས་དཔལ་འབྱོར་འཕེལ་རྒྱས། མི་སེར་རྣམས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་བདེ་སྡུག་བཅས་ལ་ཕན་ཐོགས་པའི་ཁོར་ཡུག་གི་ཆ་ནས་ནུས་ཤུགས་ལམ་ལུགས་རྒྱུན་གནས་ཐུབ་ཆེ་བ་ཞིག་ཡོང་ཐབས་བཅས་ཀྱི་ནང་བྷྲིག་སིའི་མཉམལས་ཤུགས་ཆེ་རུ་གཏང་རྒྱུ་བྱས་ཡོད།

ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཟོ་ལས་གསར་བརྗེ་བཞི་པའི་ཐོག་ལ་དམིགས་པ་དང་འབྲེལ། དབུ་ཁྲིད་རྣམ་པས་བཟོ་ལས་གསར་བརྗེ་གསར་པའི་ཐོག་ལ་བྷྲིག་སིའི་ཟླ་གྲོགས་སྒྲིག་འཛུགས་བྱ་རྒྱུའི་བདམ་ཚུལ་བཏོན་ཡོད། བཟོ་ལས་གསར་བརྗེ་གསར་པའི་ནང་ཟླ་གྲོགས་སྒྲིག་རྒྱུ་དེས་ཌི་ཇི་ཌལ་ཅན་དུ་བསྒྱུར་རྒྱུ་དང་། བཟོ་ལས་ཅན་དུ་བསྒྱུར་རྒྱུ། གསར་གཏོད། ཆ་ཚང་བ་དང་མ་འཇོག གོ་སྐབས་མང་ཤོས་སུ་བསྒྱུར་རྒྱུ། བཟོ་ལས་གསར་བརྗེ་བཞི་པ་ནས་ཐོན་པའི་དཀའ་ངལ་ཁག་སེལ་རྒྱུ་བཅས་ཀྱི་ཐོག་ལ་བྷྲིག་སིའི་མཉམ་ལས་གཏིང་ཟབ་ཏུ་གཏང་རྒྱུར་དམིགས་རྒྱུ་ཡིན་པ་རེད། འདིའི་ཐོག་ལ་དབུ་ཁྲིད་རྣམས་ཀྱིས་རྒྱུན་གནས་ཐུབ་པའི་འཕེལ་རྒྱས་དང་། ཆ་ཚང་བའི་འཕེལ་རྒྱས་ཤུགས་ཆེ་རུ་གཏང་རྒྱུ་བཅས་ཀྱི་ཕྱིར་བྷྲིག་སིའི་ཚན་རིག་དང་། ཐབས་ལམ། གསར་གཏོད། ཚོང་ལས་གསར་སྤེལ་མཉམ་ལས་བཅས་ཀྱི་གལ་གནད་ངོས་འཛིན་གནང་ཡོད་པ་རེད། དབུ་ཁྲིད་རྣམས་ཀྱིས་བཟོས་ལས་དང་ཤེས་བྱ་འཕེལ་རྒྱས་ཕྱིན་པའི་དབང་གིས་གསར་དུ་ཐོན་པའི་ལག་རྩལ་གསར་པ་དང་ལས་མི་མང་པོ་ཞིག་གི་ལག་རྩལ་རྙིང་པའི་དབར་ལ་མི་མཐུན་པའི་ཆ་ཆེན་པོ་ཡོང་བཞིན་པའི་དཀའ་ངལ་དེ་སེལ་ཆེད་ལག་རྩལ་ཡར་རྒྱས་གཏང་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་ཁས་ལེན་ཤུགས་ཆེ་གནང་ཡོད།

སྲིད་བློན་ན་རེནྡྲ་མོ་དི་མཆོག་གིས་ལྷོ་ཨ་ཕི་རི་ཀའི་ནང་བྷིག་སིའི་ཚོགས་ཆེན་ཐེངས་བཅུ་པའི་བགྲོ་གླེང་ཚོགས་དུས་ཐོག་གཏམ་བཤད་གནང་སྐབས་རྒྱ་གར་གྱིས་བཟོ་ལས་གསར་བརྗེ་བཞིཔའི་ཆེད་སུ་གྲ་སྒྲིག་བྱ་ཕྱིར་དཔལ་འབྱོར་མཐུན་གྲོགས་ཀྱི་འཐུས་ཚབ་རྒྱལ་ཁབ་གཞན་རྣམས་དང་ལྷན་དུ་མཉམ་ལས་བྱ་རྒྱུ་ཡིན་པའི་ནན་བཤད་གནང་བ་དང་ཁྱབ་ཁོངས་དེའི་ནང་ལག་ལེན་དང་སྲིད་བྱུས་རྩེ་ཕུད་རྣམས་བརྗེ་རེས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད། ཁོང་གིས་བཟོ་རྩལ་གྱི་གལ་གནད་དང་། སྒྱུ་རྩལ་ཡར་རྒྱས། ཕྱོགས་མངས་མཉམ་ལས་ཀྱིས་སྔར་བས་ལེགས་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཕན་ནུས་ཇི་ཙམ་ཆེ་ཚུལ་བཅས་ཀྱི་ཐོག་ལ་སྐད་ཆ་བཤད་ཡོད། བཟོ་ལས་ཐོན་སྐྱེད་དང་། འཆར་འགོད། བཟོ་བསྐྲུན་བཅས་ཀྱི་ནང་འགྱུར་བ་ཆེན་པོ་ཡོང་རྒྱུ་རེད། སྲིད་བློན་མོ་དི་མཆོག་གིས་འཛམ་གླིང་གི་ངོས་ནས་ཤེས་ཡོན་གྱི་ཐོག་ལ་ལྟ་ཚུལ་འགྱུར་བ་གཏང་དགོས་པའི་གནས་སྟངས་ཐོག་ནན་བཤད་གནང་ཡོད། ཁོང་གིས་རྒྱ་གར་ངོས་ནས་སྤྱི་ཚོགས་ཀྱི་ཆ་ཤས་ཚང་མར་ལག་ཤེས་དང་མཐོ་རིམ་ཤེས་ཡོན་བཅས་ཀྱི་མཐུན་རྐྱེན་ཡོད་པ་བཅས་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད་ནས་ན་གཞོན་ལ་ལག་ཤེས་སྦྱོང་བརྡར་སྤྲད་རྒྱུར་ནན་བཤད་གནང་ཡོད་པ་རེད།

མ་ཟིན། ཌག་ཌར་ནི་ཝེ་དི་ཏ་རེ། ཨ་ཕི་རི་ཀའི་ཐོག་ཐབས་བྱུས་དཔྱད་ཞིབ་པ།

 


Viewing all articles
Browse latest Browse all 6348