༄། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚབ་དྲུང་ཆེ་ཨེན་ཊོ་ནི་ཡོ་གུ་ཏེ་རེས་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དངུལ་གྱི་བངས་མཛོད་རྫོགས་ལ་ཉེ་བ་ཡོད་བ་བརྗོད་འདུག་ སྐུ་ཞབས་མཆོག་གི་ཚོགས་རྒྱལ་རྣམས་ལ་གཞུང་འབྲེལ་གཏོང་ཡིག་ཏུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དང་གྲུབ་བྱ་རྣམས་མུ་མཐུད་གནང་བར་རང་རེའི་རྒྱལ་གཅེས་བསྡུ་བྱ་དངུལ་རྣམས་དུས་ཐོག་ཏུ་ཕུལ་བར་འབོད་སྐུལ་ཞུ་འདུག་ ཁོ་བོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དངུལ་ཡོངས་འབབ་རྣམས་ད་ལོའི་འགོ་སྟོད་དུ་ཞེན་པོ་ཆག་པ་ལྟ་བུ་སྔར་ག་དུས་ཡང་ཆག་མེད་པའི་སེམས་ཚབ་བརྗོད་འདུག་ ད་ལྟ་བར་རྒྱ་གར་བརྩི་པའི་རྒྱལ་ཁབ་112 ཚོགས་རྒྱལ་གྱིས་རང་རེའི་བསྡུ་བྱ་རྣམས་མཉམ་སྦྲེལ་རྒྱལ་ཚོགས་ལ་ཕུལ་གྲུབ་ཡོད་ཀྱང་རྒྱལ་ཁབ་གཞན་ཨཕ་གྷ་ནིས་ཐན་དང་ བྷང་ལ་དེཤ་ བར་ཛིལ་ ཨི་ཇིཔཊ་ པ་ཀིས་ཐན་དང་ཨ་རི་ལ་སོགས་81 ཡིས་བསྡུ་བྱ་སྤྲོད་མེད་ དེ་ཡང་ཨ་རི་ནི་མཉམ་སྦྲེལ་རྒྱལ་ཚོགས་ལ་བསྡུ་བྱ་མང་ཤོས་སྤྲོད་མཁན་གྱི་རྒྱལ་ཁབ་ཡིན་ཞིང་ཚོགས་པའི་ལོ་རེའི་འཆར་དངུལ་་ཁྱོན་ཨ་རི་གྲོ་ལར་ཐེེར་འབུམ་ 5.4 ལས་བརྒྱ་ཆ་22% སྤྲོད་པ་དང་གཞན་ཚོགས་པའི་ཞི་བདེ་སྲུང་སྐྱོབ་འཆར་དངུལ་ཨ་རི་གྲོ་ལར་ཐེར་འབུམ་7.9 ལས་བརྒྱ་ཆ་28.5% སྤྲོད་ཀྱིས་ཡོད་དོ།
↧