Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

པ་ཀི་སི་ཏན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེ་ཤོས་ཨིམ་རན་ཁན་ལ་ཐོབ་པ།

$
0
0

འོས་བསྡུའི་གྲུབ་འབྲས་ཐོན་ཟིན། ཨིམ་རན་ཁན་གྱི་པ་ཀི་སི་ཏན་ཏེཧ་རིག་ཨི་ཨིན་སཱཕ་ལ་འོས་གྲངས་ཤུགས་ཆེ་ཐོབ་ཡོང་ཀྱང་མང་མོས་གཙང་མ་ཞིག་ཐོབ་མེད་པ་དེས་འོས་བསྡུའི་གོང་ནས་ཚོད་རྩེས་བྱེད་མཁན་དཔྱད་ཞིབ་པ་མང་པོ་ཞིག་གིས་ཁོ་ལ་གྲུབ་འབྲས་འདི་ལས་ལྷག་པ་ཐོབ་སྲིད་པའི་བསམ་ཚུལ་བཤད་པ་དོན་ཐོག་ཏུ་གནས་མེད་པ་རེད། བསམ་ཚུལ་འོས་བསྡུའི་ཐད་ལ་དྲང་སྙོམས་ཀྱི་བསྐད་ཆ་བཤད་ན། ཇི་ལྟར་ཀྱང་འདས་པའི་ཟླ་བ་གཉིས་རིང་ལ་ཁོ་ཚོས་པ་ཀི་སི་ཏན་ཏེཧ་རིག་ཨི་ཨིན་སཱཕ་ཡིས་ན་ཝཛ་ཤ་རིཕ་ཡི་པ་ཀི་སི་ཏན་མུ་སུ་ལིམ་ལིག་དང་བར་ཐག་མེད་པ་བཟོ་རྒྱུའི་ཚོད་རྩིས་བྱས་ཡོད།

ཁོའི་ཚོགས་པར་འོས་སྐུབ་སྟེགས་ ༡༡༩ ཐོབ་པ་དེས་ན་ཝཛ་ཤ་རིཕ་ཡི་པ་ཀི་སི་ཏན་མུ་སི་ལིམ་ལིག་ཨང་རིམ་གཉིས་པའི་ཐོག་སྐུབ་སྟེགས་ ༦༤ ཡི་ཐོག་ནས་རྗེས་སུ་བཞག་ཡོད། བུ་ཊོ་ཡི་པ་ཀི་སི་ཏན་མི་དམངས་ཚོགས་པར་དེེ་སྔའི་འོས་ཁུལ་སིད་ལ་དབང་བསྒྱུར་མུ་མཐུད་པའི་ཐོག་ནས་སྐུབ་སྟེགས་ ༤༣ ཐོབ་ཡོད། སྲོལ་རྒྱུན་ཐོག་ནས་སིད་གྲོང་འཁྱེར་ལ་དབང་བསྒྱུར་བྱེད་པའི་ MQM  ཚོགས་པར་སྐུབ་སྟེགས་དྲུག་ལས་ཐོབ་མེད་པ་རེད། མུ་ད་ཧི་ད་མཇ་ལིས་ཨི་ཨ་མལ་ཞེས་པའི་ཆོས་ཕྱོགས་ཆབ་སྲིད་ཚོགས་པར་སྐུབ་སྟེགས་ ༡༣ ཐོབ་ཡོད་པ་རེད། རང་དབང་ཅན་གྱི་འོས་མི་ཁག་གིས་སྐུབ་སྟེགས་ ༡༤ བླངས་ཡོད་པ་རེད།

ད་ཆ་གནས་སྟངས་གསལ་པོ་ཆགས་ཟིན་པ་རེད། ཨིམ་རན་ཁན་གྱིས་མཐུན་གྲོགས་ཤིག་འཛུགས་རྒྱུའི་ཆེད་རང་དབང་ཅན་རྣམས་དང་དེ་མིན་ཚོགས་པ་ཆུང་གྲས་རྣམས་བསྡུ་འགུག་བྱེད་ཐུབ་རྒྱུ་དང་དེའི་ཐོག་ནས་སྲིད་གཞུང་རྗེས་མ་འཛུགས་ཐུབ་རྒྱུ་ཡིན་པ་རེད། པ་ཀི་སི་ཏན་ཁྱོན་ཡོངས་ལ་ཁོ་པར་སྐུབ་སྟེགས་མི་འདྲ་བ་ལྔའི་ཐོག་རྒྱལ་ཁ་ཐོབ་ཡོད་པ་རེད། ཁོས་སྔ་ས་ནས་རྒྱལ་ཁའི་གཏམ་བཤད་གནང་ཡོད་ཟིན་པ་དང་ཆབ་སྲིད་ཚོགས་པ་ཆེ་ཁག་ཕལ་ཆེ་བ་ཞིག་གིས་འོས་བསྡུ་སྔོན་ནས་གཏན་འཁེལ་བྱས་ཟིན་པའི་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་ཁོས་སྤེལ་བའི་གཏམ་བཤད་ནང་ཁོའི་སྲིད་གཞུང་གི་གཙོ་གནད་ཁག་གསལ་འདོན་བྱས་ཡོད་པ་རེད། ཁོས་སྐྱོན་འཛུགས་དེ་དག་ལ་ཁོ་རང་སྒེར་གྱིས་རྩད་གཅོད་བྱ་རྒྱུ་མིན་ཚུལ་བཤད་ཡོད་པ་རེད།

ཁེ་བྷེར་པག་ཏུག་ཝ་དང་བྷལ་ཆི་སི་ཏན་བཅས་སུ་འོས་བསྡུར་དྲག་སྤྱོད་ཀྱིས་གནོད་པ་བྱས་པའི་གནས་ཚུལ་བྱུང་ཡོད། ཏེཧ་རིག་ཨི་ཏ་ལི་བྷན་པ་ཀི་སི་ཏན་གྱིས་སྤེལ་བར་ཁས་ལེན་པའི་རང་གསོད་དྲག་རྒོལ་བྱུང་ཡོད་པ་དང་ཨི་སི་ལམ་མིག་སི་ཊེཊ་ ༼IS༽ ཡིས་འོས་མི་གཉིས་བསད་པ་དང་གཞན་གཅིག་རྨས་སྐྱོན་བཏང་ཡོད་པ་རེད། རགས་རྩིས་བྱས་ན་གནོད་འཚེ་ཕོག་མཁན་ ༢༥༠ སྐོར་ཞིག་བྱུང་བ་དེ་ སྤྱི་ལོ་ ༢༠༡༣ ལོའི་འོས་བསྡུའི་སྐབས་ ༥༣༠ བྱུང་བ་ལས་ཉུང་བ་ཡོད་པ་རེད། གཏན་འཁེལ་མེད་པའི་གནས་ཚུལ་ལྟར་ན་འོས་འཕེན་པ་ས་ཡ་ ༡༠༥.༩ ཡོད་པ་ནས་བརྒྱ་ཆ་ ༥༣ གྱིས་འོས་བསྡུའི་ནང་ཆ་ཤས་བླངས་ཡོད་པ་དེ་སྤྱི་ལོ་ ༢༠༡༣ ལོའི་འོས་འཕེན་པའི་བརྒྱ་ཆ་དང་གཅིག་པ་ཆགས་ཡོད་པ་རེད།

གཅིག་བྱས་ན་དྲག་དམག་གིས་རྒྱབ་རྟེན་བྱས་པའི་ཆབ་སྲིད་ཚོགས་པ་ཞིག་ལམ་ལྟོངས་བྱུང་བ་ཐོག་མ་དེ་རེད། དེ་སྡའི་དུས་སྐབས་སུ་དྲག་དམག་གིས་ཁོ་ཚོའི་འོས་མིར་རྒྱལ་ཁ་བླངས་ཐུབ་ཀྱི་མེད་པ་རེད། ད་རེས་རྒྱལ་ཁབ་ཁྱོན་ཡོངས་སུ་ན་ཝཛ་ཤ་རིཕ་ཡི་པ་ཀི་སི་ཏན་མུ་སི་ལིམ་ལིག་གིས་ལྐོག་ཟ་རུལ་སུངས་བྱས་པའི་སྐྱོན་འཛུགས་ལས་འགུལ་ཤུགས་ཆེ་སྤེལ་བའི་འཆར་གཞི་དང་། ལས་འཁུར་ལས་བཤོལ་དགོས་པའི་སྐད་ཆ། དེས་མ་ཟད་དེ་སྔ་བྱུང་མ་མྱོང་བའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཤ་རིཕ་ལ་ནག་ཉེས་འཛུགས་རྒྱུའི་ཐག་གཅོད་བཅས་ལམ་ལྟོངས་བྱུང་ཡོད་པ་རེད།

ཨིམ་རན་ཁན་དེ་ཉིད་ལོ་ངོ་ ༣༢ རིང་པ་ཀི་སི་ཏན་དབང་བསྒྱུར་བྱེད་མཁན་སྟོབས་ཤུགས་ཆེ་བའི་དྲག་དམག་གི་སྐྱབས་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་དུས་ཚོད་ནང་དྲག་དམག་གིས་ཟུར་ལ་བསྡད་ནས་སྲིད་གཞུང་སྟངས་འཛིན་བྱས་ཡོད། ཁྱབ་ཆེའི་ཡིད་ཆེས་ལྟར་ན་ཨིམ་རན་ཁན་གྱིས་ཁོ་རང་ལ་ཕན་ཐོགས་མཁན་རྣམས་ལ་མཐོང་ཆེན་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་སྲུང་དང་ཕྱི་འབྲེལ་ཐོག་དྲག་དམག་ལ་ཁ་དབང་ཆེན་པོ་སྤྲད་སྲིད་པ་རེད།

གལ་ཏེ་མི་སུ་ཞིག་གིས་ན་ཝཛ་ཤ་རིཕ་མགོ་རྟིང་ལོག་སྟངས་ཀྱི་བྱུང་རིམ་ཐོག་དཔྱད་ཞིབ་བྱེད་དགོས་ཚེ། ཐོག་མར་པ་ན་མའི་གནས་ཚུལ་ཐོན་པ་དེའི་ཐོག་ནས་ཁོའི་ཁྱིམ་ཚང་ལ་ལོན་ཌོན་ནང་དབྱིན་སྒོར་ས་ཡ་མང་པོའི་རིན་ཐང་ལྡན་པའི་རྒྱུུ་དངོས་ཡོད་པ་གསལ་འདོན་བྱས་པ་དང་། རྒྱུ་དངོས་དེ་དག་ཁོ་པས་གསལ་བསྒྲགས་བྱས་པའི་ཡོང་འབབ་ལས་རྒལ་བ་ཆགས་ཡོད་པ་རེད། ཕྱོགས་འགལ་ཚོགས་པས་ཆབ་སྲིད་རྙོག་གྲ་བཟོ་སྲིད་པའི་སྐབས་ལ་རྩོད་རྙོག་དེ་སྟངས་འཛིན་ལེགས་པོ་བྱས་མ་ཐུབ་པའི་དབང་གིས་མཐའ་མཇུག་ཏུ་ཁྲིམས་བཟོ་ལྷན་ཚོགས་ཀྱི་བར་བཞུགས་བྱུང་བ་དང་ན་ཝཛ་དང་ཁོའི་བུ་ཕྲུག་ལ་ནག་ཉེས་བཙུགས་པ་རེད། ན་ཝཛ་ཡིས་པ་ཀི་སི་ཏན་མུ་སི་ལིམ་ལིག་འགོ་ཁྲིད་མཁན་དུ་ཁོ་རང་གི་སྤུན་མཆེད་བསྐོ་བཞག་བྱས་ཀྱང་སྔ་ས་ནས་ཐུར་ལ་ཤོར་བའི་ཚོགས་པ་དེ་བསྐྱར་གསོ་བྱས་མ་ཐུབ་པ་དེ་འོས་བསྡུའི་ཐོག་ནས་མཐོང་ཐུབ།

ད་ཆ་ཨིམ་རན་གྱིས་སྔོན་བཏགས་བསྟན་པར་གཞིགས་ན་ཁོས་རྩོད་རྙོག་ཅན་གྱི་ཆབ་སྲིད་ནང་འགོ་བཙུད་རྒྱུ་མིན་པ་དང་། ཕན་ཚུན་ལྟོས་བཅས་ཀྱི་འགན་ཁྲི་འཁུར་རྒྱུ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཨ་རིའི་ལྷན་དུ་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་བཅས་ཡིན་པ་རེད། ཁོས་ད་དུང་པ་ཀི་སི་ཏན་ངོས་ནས་རྒྱ་ནག་ལ་དཔེ་བལྟས་ནས་ལྐོག་ཟ་རུལ་སུངས་ལ་འཐབ་འཛིང་ཇི་ལྟར་བྱེད་དགོས་ཚུ་སྦྱང་པ་བྱེད་དགོས་ཅེས་བཤད་ཡོད།

རྒྱ་གར་གྱི་ཐོག་ལ། རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཁག་གིས་ཁོའི་སྐོར་ལ་མ་རུང་བའི་རྣམ་པ་བཏོན་པར་ཧང་སངས་ཡོད་ཚུལ་དང་ཀ་ཤི་མིར་དེ་བཞིན་རྒྱ་གར་དང་པ་ཀི་སི་ཏན་གྱི་གནད་དོན་གཙོ་བོ་ཡིན་ཚུལ་བཤད་ཡོད།

རྒྱ་གར་གྱི་ངོས་ནས་གནད་ཆེ་བའི་གནད་དོན་ཁག་སེལ་ཕྱིར་ལག་བསྟར་གང་བྱེད་ལ་ཁོས་གོམ་པ་གཉིས་རེ་སྤོ་རྒྱུ་ཡིན་པའི་དམ་བཅའ་བཞག་ཀྱང་ཁོས་རྒྱ་གར་ལ་བཟུང་བའི་སྲིད་བྱུས་མཐའ་མེད་པའི་གནས་སྟངས་ཤིག་འཛིན་རྒྱུ་ཡིན་པ་དེ་བཤད་ཐུབ་པ་ཞིག་རེད།

ཌག་ཌར་ཨ་ཤོག་བེ་ཧུ་རི་ཡ། ལྷོ་ཨེ་ཤི་ཡའི་ལྟེ་གནས་ཁང་གི་འབྲེལ་མཐུད་པ།


Viewing all articles
Browse latest Browse all 6348