༄། ཕྱི་སྲིད་བློན་ཆེན་སུཤ་མ་སུཨ་རཇ་མཆོག་གིས་མ་ལེ་ཤི་ཡར་བཙན་བྲིད་བྱས་པའི་རྒྱ་གར་བ་ས་གནས་ཉེན་རྟོག་པས་ཉེན་སྐྱོབ་གནང་རྗེས་ནག་ཅན་དེ་དང་འབྲེལ་པ་ཀིས་ཐན་མི་གསུམ་་འཛིན་བཟུང་བྱས་ཡོད་པ་བརྗོད་འདུག་ ཕྱི་སྲིད་བློན་ཆེན་མཆོག་གིས་ཏུའི་ཏར་དུ་རེས་གཟའ་སྤེན་པར་བཙན་བྲིས་བྱས་པའི་རྒྱ་གར་མི་སེར་དེ་རོ་ཡལ་མ་ལེ་ཤི་ཡའི་ཉེན་རྟོག་པའི་ཉེན་སྐྱོབ་བྱུང་བ་བཀོད་འདུག་ ཁོ་མོས་མ་ལེ་ཤི་ཡའི་རྒྱ་གར་སྐུ་ཚབ་དོབ་གཅོད་མི་རི་རྡུལ་ཀུ་མར་དང་ཕྱག་རོགས་ལ་བསྟོད་བསྔགས་ཤུགས་ཆེན་གནང་ཡོད་འདུག་གོ།
↧