རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་། ཚན་རིག་དེ་ཉིད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་གནད་གྲུབ་ཆ་ཞིག་ཏུ་ངོས་འཛིན་བྱུང་སྟེ་དུས་རྟག་ཏུ་ཚན་རིག་དང་བཟོ་རྩལ་ཐོག་དོ་སྣང་ཤུགས་ཆེ་བྱས་ཡོད། དེང་གི་ཆར་རྒྱ་གར་འདི་ཉིད་འཛམ་གླིང་ནང་ནས་བཟོ་རྩལ་ཐོག་མ་འཇོག་བྱ་ཡུལ་ཡག་ཤོས་ཀྱི་ནང་ནས་ཨང་གསུམ་པར་སླེབས་ཡོད་པ་རེད། མ་ཟད། ཚན་རིག་ཉམས་ཞིབ་ཀྱི་ཐོག་ལ་འཛམ་གླིང་ནང་ནས་རྩེ་ཕུད་རྒྱལ་ཁབ་གྲས་སུ་སླེབས་ཡོད་པ་དང་བར་སྣང་འཚོལ་ཞིབ་ཐད་རྒྱལ་ཁབ་རྩེ་ཕུད་ལྔའི་གྲས་སུ་སླེབས་ཡོད། རྒྱ་གར་ཚན་རིག་པ་རྣམས་ཀྱིས་གཟའ་སྐར་དཔྱད་ཞིག་དང་ནེ་ནོ་བཟོ་རྩལ་ཀྱི་གསར་གཏོད་ཁྱབ་ཁོངས་ནང་མིང་གྲགས་ཀྱང་བཀོད་ཡོད།
ཟླ་སྐར་དང་མིག་དམར་ཚུད་པའི་བར་སྣང་ཐོག་རྒྱ་གར་གྱི་གྲུབ་འབྲས་རྣམས་ཚང་མས་ཤེས་གསལ་རེད། རྒྱ་གར་གྱི་བར་སྣང་ཞིབ་འཇུག་ཚོགས་པས་ཟླ་འདིའི་ཟླ་སྟོད་དུ་བཟོ་རྩལ་ཆེ་གྲས་བཤམས་སྟོན་ཞིག་བྱས་པ་དེ་བཞིན་རུ་ཤོག་གཡོལ་ཟུར་མ་ལག་ཚོད་ལྟ་རིམ་པ་བྱས་པའི་ཁྲོད་ནས་གྲུབ་འབྲས་སོན་པ་ཐོག་མ་དེ་ཆགས་ཡོད། རུ་ཤོག་གཡོལ་ཟུར་མ་ལག་ནི་ཐད་གཏོང་བྱེད་སྐབས་རུ་ཤོག་ལས་མི་དང་མཁའ་དཔྱད་རིག་པ་བ་རྣམས་ཐད་གཏོང་འཕྲུལ་འཁོར་ནས་བདེ་འཇགས་ཆེ་སར་མྱུར་འཐེན་ཆེད་འཆར་འགོད་བྱས་པའི་རྫ་དྲག་གཡོ་ཟུར་ཐབས་ལམ་ཞིག་ཡིན་པ་རེད། ཚོད་ལྟ་འདི་དག་ནི་རྒྱ་གར་བར་སྣང་ཉམས་ཞིབ་ཚོགས་པས་མ་འོངས་པའི་དུས་ཚོད་ནང་བར་སྣང་ལས་འཆར་སྤེལ་ཕྱིར་འཆར་འགོད་བྱས་པ་ཞིག་ཡིན་པ་རེད།
ཆེས་ཐོག་མའི་དང་བ་ཞིག་གི་ཁྲོད། ཨ་མི་དྷ་བྷད་རུ་ཡོད་པའི་གཟུགས་ཅན་ཉམས་ཞིབ་ཚོད་ལྟ་ཁང་ནས་རྒྱ་གར་ཚན་རིག་རུ་ཁག་ཞིག་གིས་ཉེ་ཆར་འོད་ལོ་ ༦༠༠ ཡི་རྒྱང་ཐག་ཏུ་ཡོད་པ་ཉི་མ་དང་འདྲ་བའི་སྒྱུར་སྐར་ཞིག་ལ་སྒྱུར་སྐར་ཆེན་པོ་ཞིག་གིས་སྐོར་བ་བྱེད་པ་ཞིག་རྙེད་སོན་བྱུང་ཡོད་པ་རེད། ཚོགས་པ་དེ་བཞིན་རྒྱ་གར་གྱི་ཉམས་ཞིབ་ལྟེ་གནས་དྲག་ཤོས་ཤིག་ཀྱང་ཡིན་པ་རེད། སྒྱུར་སྐར་དེ་དང་སྐར་མ་དེ་གཉིས་ཀར་EPIC ཞེས་མིང་བཏགས་ཡོད། ད་རེས་ཀྱི་འདི་རྒྱ་གར་ཚན་རིག་པས་རྙེད་སོན་བྱས་པ་ཐོག་མ་དེ་ཆགས་ཡོད། རྙེད་སོན་འདི་དང་སྦྲགས་རྒྱ་གར་གྱིས་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་ལ་ཡོད་པའི་སྒྱུར་སྐར་རྙེད་སོན་བྱས་མཁན་རྒྱལ་ཁབ་མང་པོ་ཞིག་དང་ལག་རྡང་སྦྲེལ་ཡོད།
གསར་དུ་རྙེད་སོན་བྱུང་བའི་སྒྱུར་སྐར་དེ་སའི་གོ་ལ་ལས་ལྡབ་ ༢༧ གྱོས་ལྕི་བ་དང་ལྡབ་ ༦ གིས་རྒྱ་ཆེ་བ་ཡོད་པ་གང་ཞིག གཟའ་སྐར་སྤེན་པ་ལས་ཆུང་བ་དང་སྐར་མ་རྣམ་རྒྱལ་ལས་ཆེ་བ་ཡོད་པ་རེད། སྒྱུར་སྐར་དེར་སྐོར་བ་བྱེད་པར་སའི་གོ་ལའི་ཉིན་གྲངས་ ༡༩.༥ འགོར་གྱི་ཡོད་པ་རེད། རྙེད་སོན་བྱུང་བ་དེ་བཞིན་གཙོ་བོ་རང་ས་ནས་འཆར་འགོད་བྱས་པའི་ PARAS འཕྲུལ་ཆས་ལ་རྟེན་ནས་བྱུང་ཡོད་པ་དང་འཕྲུལ་ཆས་དེ་ཉིད་སྒྱུར་སྐར་དེའི་ཆེ་ཚད་ལ་ཚད་གཞལ་ཆེད་དུ་བེད་སྤྱོད་བྱས་ཡོད། འཕྲུལ་ཆས་འདི་ཉིད་རྒྱལ་ཁབ་ནང་བྱུང་བ་ཐོག་མ་ཆགས་ཀྱི་ཡོད།
འཛམ་གླིང་ནང་དེ་ལྟའི་ཞིབ་ཕྲའི་ཚད་གཞི་གཞལ་ཐུབ་མཁན་འཕྲུལ་ཆས་དེ་རིགས་ཁ་ཤས་ཞིག་ལས་མེད་པ་དང་ཡོད་པ་དེ་དག་ཨ་རི་དང་ཡོ་རོབ་ནང་ཡོད་པ་རེད། ཚན་རིག་པས་བཤད་པ་ལྟར་ན་སྐར་མ་དང་ཐག་ཉེ་བའི་གཟའ་སྐར་དེ་དག་གི་གྲུབ་ཆའི་རང་བཟིན་ལ་ཚད་གཞལ་ཕྱིར་རྙེད་སོན་དེ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པ་རེད། དེ་མིན་འཕེལ་རྒྱས་གཅིག་གི་ནང་། རྒྱ་གར་གྱི་རྒྱང་ཤེལ་གསར་ཤོས་དེས་བར་སྣང་ལ་རྟོགས་ཞིབ་བྱེད་འགོ་བཙུགས་ཡོད། མཐོ་ཚད་མི་ཊར་ ༤༥༠༠ ལ་ཡོད་པའི་ལ་དྭགས་ཧན་ལེར་ཡོད་པའི་རྒྱ་གར་མཁའ་དཔྱད་རྟོགས་ཞིབ་ཀྱི་རྒྱང་ཤེལ་དེ་ཉིད་རྒྱལ་ཁབ་ཀྱི་རྒྱང་ཤེལ་ཐོག་མ་དེ་ཆགས་ཡོད།