འདས་པའི་ཟླ་བ་གསུམ་ནང་དབྱིན་ཡུལ་གྲོས་ཚོགས་ཀྱིས་ལྕམ་ཐེ་རི་ས་མེ་མཆོག་གིས་བྷེ་རེཀ་ཛིཌ་གྲོས་མཐུན་ཐེངས་གསུམ་ངོས་ལེན་མི་བྱས་རྗེས་དབྱིན་ཡུལ་གྱི་སྲིད་བློན་མཆོག་ལ་དབྱིན་ཡུལ་ཡོ་རོབ་གྲོས་ཚོགས་ལས་ཕྱིར་ཐོན་གྱི་ལས་གཞིར་མཇུག་སྐྱེལ་བྱེད་པའི་གོསྐབས་མཐའ་མ་ཡིན་ཞིངགལ་ཏེ་ཁོ་མོའི་གྲོས་མཐུན་དེ་ཁས་མི་ལན་པ་ན་གྲོས་མཐུན་དང་ད་ལྟའི་གཞུང་གཉིས་ལ་གྱོང་གུན་ཆེན་པོ་ཡོད།དབྱིན་ཡུལ་ཡོ་རོབ་གྲོས་ཚོགས་ལས་ཕྱོར་ཐོན་གྱི་ལྷན་ཁང་གི་དྲུང་ཆེ་སེེཊེ་ཕེན་བྷར་ཀླེ་མཆོག་གིས་གནད་དོནདེ་འགྲེལ་བརྷོད་གནང་འདུག།
ཁོ་བོས་གལ་ཏེ་ལྕམ་ཐེ་རི་ས་མེ་མཆོག་བྷེ་རཀ་ཛིཌ་གྲོས་མཐུན་མཐའ་མ་ངོས་ལེན་མི་བྱེད་པ་ན་ཕྱིར་ཐོན་གྱ་ལས་གཞི་མེད་པ་ཆག་པ་གསུང་འདུག།གནས་སྟངས་ཆག་ཉེན་ཅན་དུ་ལིས་པའི་ལྕམ་ཐེ་རི་ས་མེས་མཆོག་གིས་བྷེ་རཀ་ཛིཌ་གྲོས་མཐུན་མཐའ་མ་གྲོས་ཚོགས་འོག་མར་ངོས་ལེན་ཐོབ་སླད་མྱུར་དུ་འགྲེམས་སྤེལ་གནང་རྒྱུ་ཡིན།གཟའ་འཁོར་དྲུག་རིང་གི་གྲོས་འགྲིག་རྗེས་སྔར་གྱི་གྲོས་མཐུན་ལ་ངོས་ལེན་མི་བྱས་པའི་གྲོས་ཚོགས་ཚོགས་མི་རྣམས་ཀྱི་སེམས་འཁུར་གཙོ་ནི་གྲོས་མཐུནམཐའ་མར་ལེགས་བཅོས་ཡིན།
ཁོ་མོའི་རྒྱལ་ཡོངས་རྙིང་ཞན་སྲིད་དོན་ཚོགས་པའི་ནང་ཡོ་རོབ་གྲོས་ཚོགས་ལ་དགའ་མོས་དཀའ་བའི་མི་སྣ་ཁག་གིས་གྲོས་མཐུན་དེ་ཡིས་དབྱིན་ཡུལ་ཕྱི་ཚོང་སྒོ་ཁྲལ་ཚོགས་པ་བར་བཞག་པ་འགྲེལ་བརྗོད་གནང་ཡང།རྒྱལ་ཡོངའ་མང་གཙོའི་མཐུན་གྲོགས་ཚོགས་པའི་རང་རེའིགཏམབཤད་བལྟར་དབྱིན་ཡུལ་གྱི་དཔལ་འབྱོར་དང་བརྩ་ཁྲིམས་གང་ཧྲིལ་ཉེན་སྲུང་བྱེད་པའི་ལེགས་བཅོས་དང།བྱང་ཨ་ཧིར་ལེཌ་དང་དབྱིན་ཡུལ་གཉིས་བར་གཞུང་འབྲེལ་དམ་བསྒྲགས་མེད་པའི་ས་མཚམས་བཟོས་པའི་ལེགས་བཅོས་མ་བྱེད་བར་གྲོས་མཐུན་ངོས་ལེན་མེད་པ་བརྗོད་འདུག།ངལ་རྩོལ་བདེ་དོན་ཚོགས་པས་ངལ་རྩོལ་བའི་ཐོབ་ཐང་དང།ཡོ་རོབ་གྲོས་ཚོགས་ཀྱི་མི་སེར་དབྱིན་ཡུལ་དུ་གནས་པད་དང།དབྱིན་ཡུལ་མི་སེར་ཡོ་རོབ་གྲོས་ཚོགས་སུ་གཞི་བརྟན་གྱི་གནད་དོན་ཐོག་གྲོས་མཐུན་ལ་འགག་པ་གནང་བཞིན་ཡོད།
དབྱིན་ཡུལ་ངལ་རྩོལ་བདེ་དོན་ཚོགས་པས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མིའི་ཐོབ་ཐང་ཐོག་མང་མོས་འོས་བསྡུ་གནང་བར་འབོད་ཡོད།དབྱིན་ཡོུ་ངལ་རྩོལ་ཚོགས་པས་བྷེ་རཀ་ཛིཌ་གྲོས་མཐུན་གྱི་འོས་བསྡུ་ཐེངས་བཞི་པ་འཛེམ་སྟེ་ལྕམ་མེས་མཆོག་གྱི་བྷེ་རེཀ་ཛིཌ་གྲོས་མཐུན་དབྱིན་ཡུལ་གྲོས་ཚོགས་གྱི་སྔོན་འགྲོའི་ངོས་ལེན་ཐཔབ་བཅུག་པ་བཟོས་སྲིད་པ་ཡིན།གྷི་རིན་སྲིད་དོན་ཚོགས་པ་དང།ལི་བྷི་རེལ་མང་གཙོའི་ཆབ་སྲིད་ཚོགས་པ་དང་སི་ཀོཊ་ལེཌ་རྒྱལ་ཡཔངས་ཚོགས་པ་དང།པེ་ལེཌ་སིཀ་རུ་ཚོགས་པ་བཅས་ཀྱིས་བྷེ་རེཀ་ཛིཌ་གྲོས་མཐུན་ལ་གཅིག་ཏུ་འགག་པ་གནང་བཞིན་ཡོད་དོ།
མ་ཟིན།ཌོཀ་ཊར་སང་གྷ་མིཊྲ་སར་མཱ།
ཡོ་རོབ་བྱེད་སྒོའི་ཐབས་བྱུས་ཉམས་ཞིབ་པ།