སྲིད་འཛིན་གཞོན་པ་ནཻཌུ་མཆོག་གིས་རྒྱ་གར་དང་ཅི་ལེ་རྒྱལ་ཁབ་དབར་འབྲེལ་བ་བཟང་པོ་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་དབར་ལ་དམང་གཙོ་ནི་མཐུན་པའི་རྐྱེན་ནི་གལ་ཆེན་པོ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད་འདུག་ དེའང་རྒྱ་གར་དང་ཅི་ལེ་དབར་གྱི་ཚོང་འབྲེལ་དང་དཔལ་འབྱོར་དང་བསྐྱར་གསོ་བྱེད་རུང་བའི་ནུས་ཤུགས་དང་བར་སྣང་ལས་དོན་དང་སྲུང་སྐྱོབ་ཀྱི་སྡེ་ཚན་གྱི་མཉམ་སྦྲེལ་གོང་འཕེལ་འགྲོ་ཆེད་དུ་འབད་ཀྱིས་ཡོད་པ་རེད་འདུག་ ཅི་ལེ་ཡི་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་ཕི་ཌེལ་ཨེས་པི་ནོ་ཛ་མཆོག་གིས་དབུ་འཁྲིད་པའི་གྲོས་ཚོགས་མི་སྣ་བདུན་རྣམས་སུ་གྲོས་ཚོགས་གོང་མའི་ཚོགས་གཙོ་ཝེནཀཱཡཱ་ནཻཌུ་མཆོག་གིས་གྲོས་ཚོགས་སུ་མཇལ་འཕྲད་གནང་ཡོད་པ་རེད་འདུག།
↧