མལ་དྷིཝས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་ཉེན་རྟོག་པས་སྤྱི་ཁྱབ་ཁྲིམ་དཔོན་དང་ཁྲིམ་དཔོན་གཞན་གཉིས་འཛིན་བཟུང་གནང་བའི་ཆུ་ཚོད་ཁ་ཤས་རྗེས་ཁ་གཏད་སྲིད་དོན་ཚོགས་པའི་དབུ་ཁྲིད་དགུ་བཙོན་གྲོད་གཏོང་བའི་ཐག་གཅོད་ཕྱིར་འཐེན་གནང་ཡོད་འདུག་ ཆེས་མཐོའི་ཁྲམས་ཁང་གི་ཁྲིམས་དཔོན་ལྷག་མ་གསུམ་གྱིས་སྲིད་འཛིན་མཆོག་གིས་སེམས་ཚབ་ཕྱིར་འཐེན་གནང་བའི་རེ་སྐུལ་གནང་རྗེས་ཐག་གཅོད་ཕྱིར་བསྡུ་བྱེད་པ་གཏམ་བཤད་གནང་འདུག་
ཆེས་མཐོའི་ཁྲིམས་ཞིབ་ཁང་མལ་དྷིཝས་ཡི་ཁྲིམས་ལུགས་དབང་ཚད་ལས་དོར་བའི་ཐག་བཅོད་ཡང་ཕྱིར་འཐེན་གནང་འདུག་ སྲིད་འཛིན་ཨབ་དྷུ་ལཱ་ཡེ་མེན་མཆོག་གིས་དེ་སྔོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་བསྟར་རིམ་བརྒྱུད་ཁོ་བོའི་གཞུང་དབང་ཚད་ཇེ་ཉུང་དུ་གཏོང་ནས་མཐར་གནས་དབྱུང་བྱེད་པར་འབད་པ་སྐྱོན་བརྗོད་གནང་སྟེ་རྒྱལ་ཁབ་ཏུ་ཇ་དྲག་གི་འཛིན་སྐྱོང་ལག་བསྟར་གནང་ངོ།