གནས་ཚུལ་འཕྲུལ་ལས་ལས་དོན་གྱི་བློན་ཆེན་རཱཝི་ཤཱཀཱཾར་པྲཱསཱད་མཆོག་གིས་ཨཱདཱར་གྱི་ནང་དུ་ཡོད་པའི་གནས་ཚུལ་རྣམས་འཇིག་ཉེན་མེད་སྐོར་གསུངས་ཡོད་པ་རེད་འདུག།
དཔལ་སྦྱོར་བློན་ཆེན་ཨ་རུན་ཇེཊ་ལི་མཆོག་གིས་ཆེས་མཐོའི་ཁྲོམས་ཞིབ་ཁང་གིས་དམིགས་བསལ་ཆག་ཡང་བརྒྱུད་དབེན་གནས་རང་མོས་ཀྱི་ཁྲིམས་ཐག་གཅོད་པས་ཨ་དྷར་ངོས་འཛིན་ལག་འཁྱེར་ལ་སྲུང་བཞིན་ཡོད་པ་བརྗོད་འདུག་ ཨ་རི་གྲོང་འཁྱེར་ནི་ཨུ་ཡོཀ་ཡི་ཀོ་ལོམ་བི་ཡའི་ཆེས་མཐོའི་སློབ་གཉེར་ཁང་དུ་སློབ་ཕྲུག་ལ་གཏམ་བཤད་སྐབས་སྲིད་བྱུས་གསར་གཏོད་དེ་དག་ནི་གཞི་སྒྲོམ་གྱི་ལེགས་བཅོས་ཡིན་ཞིང་དེ་ཡིས་རྒྱ་གར་གྱི་དཔལ་སྦྱོར་མདུན་སྐྱོད་ཀྱི་ལམ་དུ་བསྐྱོད་ཐུབ་པ་བྱུང་ཡོད་པ་བརྗོད་འདུག་ ཉེ་འཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཁྲིམས་ཐག་གཅོད་ཐད་དྲི་ལན་དུ་བློན་ཆེན་མཆོག་གིས་ཁྲིམས་ཐག་དྲང་པོ་དང་དུས་ཚོད་མཚམ་པར་ངོས་འཛིན་གྱིས་བསྟོད་བསྔགས་གནང་འདུག་གོ་