སྲིད་བློན་མོ་དྷི་མཆོག་གིས་ཁ་གཏད་སྲིད་དོན་ཚོགས་པར་དབུས་དང་མངའ་སྡེ་ཁག་གི་འོས་བསྡུ་ལས་རིམ་དུས་མཉམ་དུ་གནང་བའི་གནད་དོན་ཐད་ཕན་ནུས་ཅན་གྱི་གྲོས་གླེང་ཚུགས་སྟེ་དངུལ་དང་ནུས་ཤུགས་ འགྲོ་གྲོན་ཕོན་ཆེན་རྣམས་སྐྱོབ་པར་འཐུན་འགྱུར་རོགས་རམ་བླངས་ཡོད་འདུག་ སྐུ་ཞབས་མཆོག་གིས་འོས་བསྡུ་འདྲ་མིན་ཚུགས་པར་ཧིན་སྒོར་ས་ཡ་མང་པོ་དང་དུས་ཚོད་ཕོན་ཆེན་ཆུད་ཟོས་སུ་འགྲོ་བར་སྐྱོན་བརྗོད་གནང་འདུག་
སྲིད་བློན་མཆོག་གིས་སྲིད་དོན་ཚོགས་པ་ཡོངས་ལ་རང་རེའི་ཆབ་སྲིད་ཀྱི་ཁེ་ཕན་ལས་འགལ་སྟེ་གནད་དོན་གལ་ཆེའི་ཐད་འཐུན་འགྱུར་རོགས་རམ་གནང་བར་འབོད་འདུག་ དཉ་བཞིན་སྲིད་བློན་མཆོག་གིས་ཉེ་ཆར་དབུས་གཞུང་གིས་ལོ་རེའི་དངུལ་འཆར་གསལ་བསྒྲགས་གནང་གྱི་རྒྱལ་ཡོངས་འཕྲོད་བསྟེན་ལས་གཞི་Ayushman Bharat ཐད་ཕན་ནུས་ལྡན་པའི་བསམ་འཆར་དང་ཡ་ལན་གནང་བར་འབོད་དོ།