Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

དེ་རིང་རྒྱལ་ས་ལྡི་ལིར་སྲིད་བློན་མོ་དྷི་མཆོག་གིས་ཇོར་དེན་གྱི་རྒྱལ་པོ་ཨབ་རྡུ་ལཱ་ལྷན་དུ་ཐུག་འཕྲད་གྲོས་མོལ་གནང་རྒྱུ།

$
0
0

དེ་རིང་རྒྱལ་ས་ལྡི་ལིར་སྲིད་བློན་མོ་དྷི་མཆོག་གིས་ཇོར་དེན་གྱི་རྒྱལ་པོ་ཨབ་རྡུ་ལཱ་བིན་ཨལ་ཧུ་སེན་མཆོག་གི་ལྷན་དུ་གཞུང་འབྲེལ་ཐུག་འཕྲད་གྲོས་མོལ་གནང་རྒྱུ་ཡིན་འདུག་ གྲོས་མོལ་སྐབས་དབུ་ཁྲིད་རྣམ་གཉིས་ཀྱིས་ཐུན་མོང་གི་མངའ་ཁུལ་དང་རྒྱལ་སྤྱིའི་གནད་དོན་དང་ངོས་གཉིས་ཀྱི་འབྲེལ་ལམ་ཡོངས་རྫོགས་ཐད་བགྲོ་གླེད་གནང་སྟེ་གྲོས་མཐུན་མི་ཉུང་བ་ཞིག་ཐག་གཅོད་མཚན་རྟགས་སྐྱོན་པའི་རུ་སྒུག་ཡིད་ཆེས་བྱེད་བཞིན་ཡོད་འདུག་ དེ་རིང་ཞོགས་པ་དབུས་གྲོས་ཚོགས་ཁང་དུ་ཐུག་འཕྲད་དུ་སྐྱོད་པའི་ཇོར་དེན་གྱི་རྒྱལ་པོ་མཆོག་དང་གཞུང་འབྲེལ་མི་སྣ་རྣམས་ལ་རྟེན་འབྲེལ་སྣེ་ལེན་ཞུ་རྒྱུ་ཡིན་འདུག་ དེ་རྗེས་རཇ་གྷཊའམ་གྷན་དྷི་དུར་སར་ཕེབས་སྟེ་བདག་ཉིད་ཆེན་གྷན་དྷིར་རྟེན་ཆས་འབུལ་རྒྱུ་ཡིན་འདུག་ ལས་རིམ་རྗེས་སོར་རྒྱལ་པོ་མཆོག་གིས་ཁ་མཆེ་ཆོས་ལུགས་ཀྱི་རིགས་རྒྱུད་དང་ཕན་ཚུན་གོ་རྟོགས་དང་རོན་ཚོད་སྤེལ་བའི་བརྗོད་གཞི་ཐོད་གཏམ་བཤད་གནང་རྒྱུ་ཡིན་འདུག་གོ་


Viewing all articles
Browse latest Browse all 6348