རྒྱ་གར་རྒྱལ་ཡོངས་སུ་ངན་པ་ལས་བཟང་པོ་ཐོབ་པ་མཚོན་པའི་ཚོན་མདོག་གི་དུས་ཆེན་ཧོ་ལི་སྲུང་བརྩི་ཞུ་བཞིན་ཡོད་འདུག་ སྲད་འཛིན་རམ་ནཏ་ཀོ་ཝིཌ་དང་སྲིད་འཛན་གཞོན་པ་ཝེན་ཀའི་ནའི་གྲུ་དང་སྲིད་བློན་ན་རེན་དར་མོ་དྷི་བཅས་ཀྱི་དུས་ཆེན་ཁྱད་པར་ཅན་དེར་མི་མང་ཡོངས་ལ་འཚམས་འདྲི་བཀྲ་ཤོས་བདེ་ལེགས་ཞུ་འདུག་ སྲིད་འཛན་མཆོག་གིས་ཧོ་ལི་ནི་སྤྱི་ཚོགས་སུ་མཐུན་སྦྲེལ་སྲུང་བརྩི་ཞུ་བའི་དུས་ཆེན་ཞིག་ཡིན་ཞིང་དགའ་སྟོན་དེ་ཡིས་མཛའ་གྲོགས་དང་སེམས་བཟང་ གཅིག་སྒྲིལ་གྱི་བརྡ་ལན་སྤྱོད་ཀྱིས་ཡོད་འདུག་ དུས་ཆེན་དེ་ཡིས་མི་མང་ཡོངས་ཀྱི་སེམས་ནང་དགའ་སྤྲོ་དང་མཛའ་ཤེས་ཀྱི་བསམ་པ་སྤེལ་བའི་རེ་འདུན་ཡོད་བཅས་བརྗོད་འདུག་གོ།
↧