ཨར་མེ་ནི་ཡའི་སྲིད་འཛིན་གསར་པ་ལ་ཨར་མེན་སར་ཇི་སེན་མཆོག་བསྐོ་གཞག་གནང་ཡོད་པ་རེད་འདུག།
སྲིད་འཛིན་གཞོན་པ་མོ་འ་མཌ་ཨན་ས་རི་མཆོག་གི་ཨར་མེ་ནི་ཡ་དང་པོ་ལེན་ཌ་ཀྱི་གཟིགས་སྐོར་གྱིས་རྒྱ་གར་དང་རྒྱལ་ཁབ་དེ་གཉིས་དབར་གྱི་འབྲེལ་བ་སྔོན་མ་ནས་ལེགས་པོ་ཡོད་པ་དེ་ད་དུང་གོང་འཕེལ་བཏང་ཡོད་ ཁོང་གི་རྒྱལ་ཁབ་གཉིས་ལ་གཟིགས་སྐོར་འདི་ནི་ཁོང་རང་གི་ཐེངས་དང་པོ་ཡིན་ དེའང་ཨར་མེ་ནི་ཡ་ལ་གཟིགས་སྐོར་འདི་ནི་དས་ཡུན་གལ་ཆེན་ཞིག་ཡིན་པ་དང་དེ་སྐབས་ནི་ཨར་མེ་ནི་ཡ་དང་ལྷན་དུ་རྒྱལ་ཁབ་བཟུང་སྦྲེལ་གྱི་འབྲེལ་བ་བྱེད་དེ་ལོ་༢༥ ཧྲིལ་པོ་འཁོར་ཡོད་པའི་དུས་ཚོད་ཡིན་པ་རེད་ རྒྱ་གར་དང་ཨར་མེ་ནི་ཡ་དབར་ཕྱི་ནམ་མཁའ་ཡི་སྟེང་གི་བེད་སྤྱོད་ཞི་བའི་ཐོག་བཏང་དགོས་པའི་གྲོས་མཐུན་དང་གཞན་རྒྱལ་ཁབ་གཉིས་ཀྱི་༢༠༡༧ ནས་༢༠༢༠ བར་གཞོན་ནུའི་བཟུང་སྦྲེལ་དང་རིགས་གཞུང་བཟུང་སྦྲེལ་གྱི་གྲོས་མཐུན་ཐོག་ཚན་རྟགས་བསྐྱོན་འདུག་
གྲོས་མཐུན་དེ་རྣམས་ནི་ཨན་ས་རི་མཆོག་གིས་ཨར་མེ་ནི་ཡ་ཡི་སྲིད་འཛིན་སེར་ཛ་སར་ག་སི་ཡན་དང་སྲིད་བློན་ཀ་རེན་ཀ་ར་པིཊ་ཡན་དང་ཕྱི་སྲིད་བློན་ཆེན་ཨེ་ཌུཌ་ནལ་བན་ཌེན་བཅས་པ་རྣམས་ཀྱི་ལྷན་དུ་གྲོས་མོལ་གྱི་རྗེས་སུ་བསྐྱོན་འདུག་