Quantcast
Channel: ESD | བོད་ཡིག།
Viewing all 6348 articles
Browse latest View live

30.08.2019

$
0
0

རྒྱ་གར་གྱི་ཉིན་རེའི་ཚགས་ཤོག་ཁག་གིས་ཚོང་རྟགས་གཅིག་སིལ་ཚོང།གྲོས་དན་དངོས་ཟོག་བཟོ་ལས་དང།རྡོ་སོལ་གཏེར་ལས་སུ་གཞུང་གིས་ཕྱི་རྒྱལ་མ་འཛུགས་ཐད་བཀའ་ཁྲིམས་ལས་སླ་རུ་གཏོང་བར་འགྲེལ་བརྗོད་གནང་འདུག།ཚགས་ཤོག་ཁག་གིས་ཨ་རིན་ལ་ལག་བསྟར་བྱས་པའི་བཀའ་བཅད་རྣམས་ཕྱོར་བསྡུ་མ་བྱེད་པེ་ཨ་རི་ལྷན་དུ་བཀའ་གྲོས་མ་བྱེད་པ་བརྗོད་འདུག།པར་ཤུད་གསར་འགོད་ལྷན་ཁང་གིས་རྒྱ་གར་གཟུགས་ཁམས་བདེ་པོའི་ལས་འགུལ་གོ་བསྡུར་གནང་འདུག།

ཌ་ཨིན་གྲི་ཡན་ཨེཀྶ་པེ་རེས་ཀྱི་གླེང་བརྗོད་རྒྱལ་སྒོ་ཕྱེད་པར་དབུས་གཞུང་གིས་རྒྱ་གར་དུ་ཕྱི་རྒྱལ་མ་འཛུགས་མཐུན་རྐྱེན་སྦྱོར་བར་ཁྲིམས་ལུགས་སྟབས་བདེར་གཏོང་ཡོད་འདུག།ཁྲིམས་ལུགས་གསར་པའི་འོག་ཚོང་རྟགས་གཅིག་སིལ་ཚོང་ལ་དཀའ་རྙོག་བཟོས་བཞིན་པའི་སྒྲིག་ཁྲིམས་མེ་དཔར་བཟོས་སྟེ་ལྷོད་ཡངས་གཏོང་འདུག།

ཌ་སེཊེཊ་མེན་ཚགས་ཤོག་གི་གླེང་བརྗོད་དཔར་རྒྱག་ལས་ལྷག་པར་ཨི་རན་གྱི་སྲིད་འཛིན་གྱིས་ཨི་རི་སྲིད་འཛིན་གྱིས་ཨི་རན་ལ་ལག་བསྟར་བྱས་པའི་བཀའ་བཅད་རྣམས་ཕྱོར་བསྡུ་མ་གནང་བར་ཨ་རི་སྲིད་འཛིན་ལྷན་དུ་བཀའ་གྲོས་གནང་བར་མི་འདོད་པ་གསལ་པོ་བཟོས་འདུག།ལོ་འདིའི་ཇི་༧ ཆེས་མཐོའི་དཔོན་རིགས་ལྷན་ཚོགས་སུ་ངོས་གཉིས་ཀྱི་གཞུང་འབྲེལ་གྲོས་མོལ་རྣམས་ཕྱོགས་མང་པོའི་གཞུང་འབྲེལ་གྲོས་མོལ་ལས་སྒྲུབ་འབྲས་ལེགས་པར་ཐོན་པའི་ལྟ་སྣང་བྱུང་འདུག། སྐུ་ཞབས་མཆོག་གིས་ཨ་རི་དང་ཨི་རན་གྱི་དཀའ་རྙོག་འགྲོ་བཞིན་པའི་དུས་སུ་ཡ་ཚན་ཅན་གྱི་ཇི་༧ ཆེས་མཐོའི་བཀའ་གྲོས་མཉམ་བཞུགས་སུ་ཨ་རིའི་སྐུ་ཚབ་དོན་གཅོད་ལྷན་དུ་གྲོས་མོལ་གནང་་རྒྱུ་མེད་པ་གསལ་བཤད་གནང་འདུག། སྤྱིར་ཇི་༧ བཀས་གྲིས་སུ་རྒྱལ་ཁག་གིས་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་འགོག་མེད།ཉེན་མེད་དང།ཞི་བདེ་ཅན་གྱི་གློག་ལམ་གྱི་དྲ་འབྲེལ་གི་གནས་སུ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཏོང་བར་མུ་མཐུད་གནང་འདུག། ཌི་ཇི་ཊལ་འཕྲུལ་ཆས་དང་མི་བཟོས་ཤེས་རབ་གྱི་གློག་ལམ་གྱི་དྲ་འབྲེལ་གི་གནས་སི་གསར་བརྗེ་ཆེན་པོ་གཏན་འཁེལ་གྱི་དུས་སུ་ཕ་རནས་ཡི་ཇི་༧་ཡི་བསྒྲུབ་བྱས་གཞི་རྩའི་ཐོབ་ཐང་ཉེན་སྲུང་གནང་རྒྱུ་ཡིན་འདུག། 

ཌ་ཨེ་ཤི་ཡན་ཨེཇ་ཚགས་ཤོག་གི་གླེང་བརྗོདཇ་མུ་ཀཤ་མིར་གནད་དོན་ཐད་ད་ལྟའི་ཆར་ཨ་རིའི་གནོན་ཤུགས་མེད་པར་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་ཨ་རི་སྲིད་འཛིན་གྲོ་ནལ་ཊ་རམཔ་ཕ་རནས་ཡི་ཇི་༧ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ཟུར་ཆག་ཏུ་ཐུག་འཕྲད་སྐབས་ཀཤ་མིར་ནི་རྒྱ་གར་དང་པ་ཀིས་ཐན་གཉིས་བར་གྱི་གཞིང་འབྲེལ་གནད་དོན་ཞིག་ཡིན་པའི་རྒྱ་གར་གྱི་བརྟན་པོར་འཇོག་པའི་ལྟ་སྣང་བསྐྱར་ནན་ལེགས་པོ་གནང་བ་བརྗོད་འདུག།ཨ་རི་སྲིད་འཛིན་མཆོག་གིས་རྒྱ་གར་དང་པ་ཀིས་ཐན་གཉིས་ཀཤ་མིར་གནད་དོན་ཐད་གྲོས་མོལ་གནང་བ་འབོད་པ་དང་པ་ཀིས་ཐན་ལ་འཇིག་སྐུལ་དྲག་སྤྱོད་རིང་ལུགས་བཅོམ་པར་འབོད་སྐུལ་ཞུས་འདུག།སྐུ་ཞབས་ཊ་རམས་པའི་ཉེ་ཆར་ཁྱབ་བསྒྲགས་ཀྱིས་པ་ཀིས་ཐན་སྲིད་བློན་མཆོག་སྐྱིད་པོ་མི་ཞིག་ཏུ་བཟོས་ཡོད། 


པ་ཀིས་ཐན་ཅི་བྱ་གཏོལ་མེད་དུ་ལུས་པ།

$
0
0

མ་ཟིན།ཇེ་ཨེལ་ཀོལ་ཇ་ལཱ་ལི།སྲིད་དོན་འགྲེལ་བརྗོད་པ།

པ་ཀིས་ཐན་གྱིས་རྒྱ་གར་གྱི་མངའ་སྡེ་ཇ་མུ་ཀཤ་མིར་གྱི་གནད་དོན་ཐད་རང་ཉིད་ཀྱི་ལང་ཕྱོགས་ཚམ་ཚོམ་དུ་ལུས་འདུག།པ་ཀིས་ཐན་གྱི་ཀཤ་མིར་གནད་དོན་རྒྱལ་སྤྱིའི་རྣམ་པ་ཅན་དུ་སྒྱུར་བའི་ཐབས་ཤེས་བསྐྱར་དུ་ནུས་མེད་ཐོན་སྟེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཁ་ཡ་ཕྲན་བུ་ཙམ་ཡང་བྱས་མེད།པ་ཀིས་ཐན་གྱི་གནམ་གཤིས་ཀུན་གྱི་གྲོགས་ཕྱོགས་རྒྱལ་ཁབ་རྒྱ་ནག་གིས་ཛ་དྲག་གི་ཚོགས་མི་རྒྱལ་ཁབ་༡༥ལྡན་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལྷན་ཚོགས་འདུ་སྐོང་གནང་འདུག་སྐབས་དེར་རྒྱ་ནག་གིས་ཇ་མུ་ཀཤ་མིར་མངའ་སྡེར་རྒྱ་གར་གྱི་བྱ་སྤྱོད་ལ་སེམས་འཚབ་སྐྱོན་འཛུགས་བརྗོད་ཡང་གཞན་རྒྱལ་ཁབ་ཚང་མས་པ་ཀིས་ཐན་ལ་རྒྱ་གར་ལྷན་དུ་གཞུང་འབྲེལ་གྲིས་མོལ་བརྒྱུད་དཀའ་ངེལ་སེལ་བར་འབོད་འདུག།རྒྱ་གར་གྱི་ཇ་མུ་ཀཤ་མིར་དང་འབྲེལ་བའི་རྩ་ཁྲིམས་དོན་ཚན་༣༧༠ཕྱིར་བསྡུ་བྱས་རྗེས་པ་ཀིས་ཐན་ལ་དངངས་འཚབ་ཀྱི་གཉིད་མེད་ལུས་ཡོད།རྒྱ་གར་གྱི་ཐག་གཅོད་གཏན་འབེབ་དེ་ཡིས་པ་ཀིས་ཐན་གྱི་ཇ་མུ་ཀཤ་མིར་ལོ་རྒྱུས་རྒྱས་བཤད་ནུས་མེད་བཟོས་ཡོད།རྒྱ་གར་གྱི་ཇ་མུ་ཀཤ་མིར་ལ་ཁྲིམས་ཐག་གཏན་འབེབ་དེར་རྒྱ་གར་གྱི་ནང་སྲིད་དུ་ཨ་རི་ཡིས་ངོས་འཛིན་རྒྱབ་སྐྱོར་གནང་འདུག།རུས་ཀྱིས་རྒྱ་གར་གྱི་བྱ་སྤྱོད་དེ་རྒྱ་གར་གྱི་རྩ་ཁྲིམས་དང་མཐུན་པར་ངོས་འཛིན་གསལ་བསྒྲགས་གནང་སྟེ་པ་ཀིས་ཐན་ལ་གཞུང་འབྲེལ་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་བར་འབོད་འདུག།དེ་ལྟ་བས་ན་ཀཤ་མིར་གྱི་གནད་དོན་ཐད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེ་གཞུང་འབྲེལ་གནད་དོན་དུ་ངོས་ལེན་ཐོབ་མེད་པ་ཡིན་འདུག། 

གཟའ་འཁོར་འདིའི་སྔ་དུས་སུ་པ་ཀིས་ཐན་གྱི་སྲིད་བློན་གྱིས་གོ་མཚོན་དཀྱུས་མའི་དམག་གི་ཉེན་བརྡ་གཏོང་འདུག།སྐུ་ཞབས་ཨིམ་རན་ཁན་མཆོག་གིས་པ་ཀིས་ཐན་གྱི་མི་མང་ནི་ཀཤ་མིར་ལྷན་དུ་ཡོད་པ་བརྗོད་ཡང་ཀཤ་མིར་གང་ཞིག་ཡིན་པ་ཁོ་བོས་གསལ་བརྗོད་གནང་མེད་པ་ཡིན་འདུག།པ་ཀིས་ཐན་སྲིད་བློན་གྱིས་ཆོས་ལྡན་དམག་ལ་མཇུག་པར་འབོད་འདུག།ཁོ་བོའི་བློན་ཆེན་ལྷན་ཚོགས་ཀྱི་ལས་རོགས་དང་པ་ཀིས་ཐན་གྱི་མེ་འཁོར་བློན་ཆེན་ཤེཀ་ར་ཤིདྷ་ཡིས་རྒྱ་གར་དང་པ་ཀིས་ཐན་གཉིས་བར་ཕྱི་ཟླ་བཅུ་པའི་ནང་དམག་འཁྲུག་ཡོངས་སྲིད་པ་བརྗོད་འདུག།གང་ལྟར་ཡང་ཁོ་བོས་ཀཤ་མིར་གྱི་གནད་དོན་དེ་སྲིད་བླིན་ཨིམ་རན་ཁན་དང་པ་ཀིས་ཐན་གྱི་དམག་དཔོན་བྷཇ་ཝའི་དུས་ཡུན་སྐབས་ཐག་གཅོད་བྱུང་བ་བརྗོད་འདུག།དེ་ལྟ་བུའི་རིགས་པའི་གཞུང་ལུགས་དང་འགལ་བའི་གཏམ་བཤད་རྣམས་རྫུན་ཤོད་ཆགས་ཞིང་པ་ཀིས་ཐན་གྱི་འགོ་ཁྲིད་རྣམས་ཡང་རྨི་ལམ་གྱི་ལུང་པར་གནས་པ་ཤེས་ཐུབ། 

དེ་ལྟའི་གཏམ་བཤད་ཀྱིས་པ་ཀིས་ཐན་གྱི་འགོ་ཁྲིད་ཀྱི་གོ་དབང་གི་བསམ་འཚོར་གསལ་པོ་བསྟོན་གྱི་ཡོད།རྒྱ་གར་གྱི་འགྱུར་བ་མེད་པའི་ལང་ཕྱོགས་ནི་སྤྱི་ལོ་༡༩༤༧ལོར་ཇ་མུ་ཀཤ་མིར་རྒྱ་གར་གྱི་ཆ་ཤས་སུ་གོ་གསར་འཁོད་རྗེས་མངའ་ཁུལ་དེ་ནི་རྒྱ་གར་གྱི་ཁ་བྲལ་མི་རུང་བའི་ཆ་ཤས་ཤིག་ཡིན་འདུག།པ་ཀིས་ཐན་གྱིས་ཁྲིམས་འགལ་ཐོག་རྒྱ་གར་གྱི་ས་ཁུལ་ཀི་ལོ་མི་ཊར་གྲུ་བཞི་མ་༡༣༠༠༠བཙན་བཟུང་བྱས་པ་མ་ཟད་ས་སྡེ་ཁ་ཤས་རྒྱ་ནག་ལ་སྤྲོད་ཡོད།པ་ཀིས་ཐན་གྱིས་ཁྲིམས་འགལ་བཙན་འཛིན་བྱས་པའི་རྒྱ་གར་གྱི་ས་སྡེ་རྒྱ་གར་ལ་ཕྱིར་ལོག་བྱེདདགོས།པ་ཀིས་ཐན་གྱི་འཛིན་བཟུང་བྱེད་པའི་ཀཤ་མིར་ལས་ཀཤ་མིར་གནད་དོན་ཐད་གཞན་གང་ཡངགོ་བསྡུར་མེད་པ་རྒྱ་གར་གྱིས་ཁ་གསལ་བཤད་ཡོད།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་རཇ་ནཐ་སིང་མཆོག་གིས་པ་ཀིས་ཐན་ལྷན་དུ་ཀཤ་མིར་གནད་དོན་ཐད་པི་ཨོ་ཀེ་ལས་གཞན་གང་ཡང་གོ་བསྡུར་གནང་རྒྱུ་མེད་པ་བརྗོད་འདུག།འོན་ཀྱང་དེ་ལྟའི་གཞུང་འབྲེལ་བཀའ་གྲོས་བྱིང་བར་པ་ཀིས་ཐན་གྱིས་དང་པོ་འཇིག་སྐུལ་དྲཧ་སྤྱོད་ཕྱི་སྲིད་སྲུད་བྱུས་ཀྱི་ལག་ཅ་ལྟ་བུ་བེད་སྤྱོད་སྤོང་དགོས།རྒྱ་གར་གྱིས་པ་ཀིས་ཐན་ནས་ཐོན་པའི་ན་ཚོད་མ་ལོངས་བའི་གཏམ་བཤད་རྣམས་དྲག་པོ།དཀྲོག་བརྡ་སློབ་བ་དང།དོ་ཁུར་མེད་པ་བརྗོད་འདུག།རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་པ་ཀིས་ཐན་གྱི་འགོ་ཁྲིད་རྩེ་མོའི་གཏམ་བཤད་དེར་མཐའ་གཅིག་ཏུ་ཉེས་འཛུགས་བྱས་འདུག།ད་དུང་རྒྱ་གར་གྱིས་པ་ཀིས་ཐན་རྒྱལ་སྤྱིའི་འཇིག་སྐུལ་དྲག་སྤྱོད་ཚོགས་པ་མཉམ་དུ་འབྲེལ་མཐིད་མཚམས་འཇོག་བྱས་སྟེ་འཇིག་སྐུལ་དྲག་སྤྱོད་ཀྱི་ནག་ཉེས་འཛུགས་པ་ཉེས་ཅན་རྣམས་ཉེས་ཆད་གཏོང་བར་འབོད་འདུག།འཛམ་གླིང་ཡོངས་ཀྱིས་པ་ཀིས་ཐན་ད་ལྟའི་ཆར་ཟང་ཟིང་ཅིར་ལུས་པ་ཚང་མས་ཤེས་བཞིན་ཡོད།དཔལ་འབྱོར་གྱི་གནས་སྟངས་གཉན་ཕྲང་སླེབས་ཞིངཔ་ཀིས་ཐན་གྱི་ཡིག་ཚང་ལ་གློག་གི་རིན་པ་པ་ཀིས་ཐན་སྒོར་མ་འབུམ་༤༡ཡི་བུ་ལོན་ཡོད་རྐྱེན་གྱིས་ཨོས་ལཱ་མ་བཏ་གློག་སྤྲོད་ཀམ་པ་ནིས་སྲིད་བློན་ལས་ཁུངས་སུ་གློག་བཅད་པའི་ཉེན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག།དེ་ལྟ་བུའི་གནས་སྟངས་ནི་པ་ཀིས་ཐན་ལས་གཞན་རྒྱལ་ཁབ་གང་དུའང་བྱུང་མི་སྲིད་པ་ཞིག་ཡིན། 

པ་ཀིས་ཐན་མི་མང་རྣམས་ལ་དངོས་ཟོག་ཞབས་ཞུ་ཆ་ཚང་ལ་སྔར་ལས་ལྷག་པ་དངུལ་སྤྲོད་བཅུག་གི་ཡོད།ཨའི་ཨེམ་ཨེཕ་ཚོགས་པའི་དངུལ་གྱི་རོགས་སྐྱོར་གྱིས་པ་ཀིས་ཐན་ལ་དཔ་དམ་ཤུགས་ཆེན་འཇོག་ཡོད།དེ་བཞིན་འཇིག་སྐུལ་དྲག་སྤྱོད་ཚོགས་པར་དངུལ་གྱི་རོགས་སྐྱོར་བྱ་ར་ཚོགས་པ་ཨེཕ་ཨེ་ཊི་ཨེཕ་དང་ཡན་ལག་ཚོགས་པ་ཨེ་པི་ཇིའི་ཉེ་ཆར་སྙན་ཐོར་པ་ཀིས་ཐན་གྱི་ཚད་གཞི་༤༠རུ་བྱེད་ལས་སྤེལ་དགོས་པ་ལས་༣༢དོན་གོ་མ་ཆོད་མེད་པ་ཡིན་འདུག།པ་ཀིས་ཐན་ད་ལྟའི་ཆར་ཨེཕ་ཨེ་ཊི་ཨེཕ་ཚོགས་པའི་མིང་ངན་དུ་ཡོད་ཞིང་གལ་ཏེ་མུ་ཐུད་གནས་སྟངས་དེ་འདྲ་གནས་པ་ན་ནག་ཐོར་སླེབས་རྒྱུ་གཏན་འཁེལ་ཡིན།གལ་ཏེ་པ་ཀིས་ཐན་ཨེཕ་ཨེ་ཊི་ཨེཕ་ཚོགས་པའི་མིང་གཞུང་ནག་པོར་འཁོད་པ་ན་རང་རྒྱལ་གྱི་ཉམས་རྒྱུད་འགྲོ་བཞིན་པའི་དཔལ་འབྱོར་གནས་སྟངསབསྐྱར་གསོ་གནང་བར་རོགས་བུན་དངུལ་ཐོབ་པར་ཁག་པོ་ཆགས་རྒྱུ་ཉག་ཅིག་ཡིན།པ་ཀིས་ཐན་གཞུང་གིས་རྣམ་དཔྱོད་ལྡན་པའི་ཐོག་བྱ་གཞག་སྤེལ་སྟེ་ནུས་ཤུགས་ཆ་ཚང་རང་རྒྱལ་གྱི་མི་སེར་རྣམས་ལ་ཡར་རྒྱས་ཅན་གྱི་མི་ཚེ་བསྐྲུན་པ་ལས་ཁྱིམ་མཚེས་རྒྱལ་ཁབ་གི་ནང་སྲིད་ལ་ཐད་བྱུས་མ་བྱེད་པ་ན་ལེགས་སོ།

ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་གསར་པས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ།

$
0
0

རྒྱ་གར་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་ལས་བཞུགས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཁྱབ་ཁོངས་སྣ་ཚོགས་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་གསར་པ་ཞིག་གསལ་བསྒྲགས་གནང་ཡོད། ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་དེ་བཞིན་མ་འཇོག་ཆེར་བསྐྱེད་བྱ་ཆེད་ཀྱི་བུ་ལོན་མ་ཡིན་པའི་མ་དངུལ་གྱི་ཐོན་ཁུངས་ཤིག་ཡིན་པ་རེད། ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་ལ་བསྒྱུར་བཅོས་འདི་ལྟར་བྱས་པ་ནི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་གུ་ཡངས་དང་སྟབས་ཇི་བདེར་གཏོང་ཐབས་ཤིག་ཡིན་པ་རེད། འདིའི་ཐོག་ནས་རྒྱ་གར་ནང་ཚོང་ལས་གཉེར་རྒྱུ་སྔར་བས་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ་རེད།

རྒྱ་གར་གྱི་ཕྱི་ཕྱོགས་ཁྱབ་ཁོངས་ལ་གལ་ཆེའི་ཕྱི་རྒྱལ་མ་འཇོག་ཆ་ཤས་གཉིས་ཡོད་པ་རེད། གཅིག་ནི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ཡིན་པ་རེད། གཅིག་ཤོས་དེ་བཞིན་ཕྱི་རྒྱལ་གྱི་མཉམ་སྡེབ་མ་འཇོག་རེད། མཉམ་སྡེབ་མ་འཇོག་ནང་ཕྱི་རྒྱལ་གྱི་ཀ་དངུལ་བསྡུ་ལེན་བྱེད་པ་དང་བསྡུར་ན་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ནང་མ་འཇོག་བྱེད་པ་དེ་བརྟན་ཆ་ཆེ་བ་ཡོད་པ་རེད། དེའི་རྒྱུ་མཚན་ཡང་གལ་ཏེ་ནུབ་ཕྱོགས་ཀྱི་སྐྱེད་ཀའི་གོང་ཚད་མཐོ་བ་ཡོད་ཚེ་ཕྱི་རྒྱལ་གྱི་མཉམ་སྡེབ་མ་འཇོག་བརྟན་པོ་མེད་པ་ཆགས་སྲིད་པ་ཞིག་རེད། ཕྱི་རྒྱལ་གྱི་མཉམ་སྡེབ་མ་འཇོག་ཀྱི་སྐྱོན་ཆེ་ཤོས་དེ་བཞིན་འཁོར་རྒྱུག་དངུལ་ལོར་ཡིན་པ་དང་དེ་ནི་སྐྱེད་ཀའི་གོང་ཚད་ལ་རྟེན་ནས་འགྱུར་བ་འགྲོ་སྲིད་པས་མ་དངུལ་གྱི་འཐབ་འཛིང་བྱུང་སྲིད་པ་ཞིག་རེད། དེར་རྟེན་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་གཙིགས་ཆེར་བཟུང་བ་དེ་བཞིན་ཡང་དག་པའི་ཐག་གཅོད་ཅིག་རེད།

ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ཐོག་ལ་གནད་འགག་བཟུང་སྟངས་བསྐྱར་གསོ་བྱས་པ་དེ་བཞིན་ཕྱི་རྒྱལ་གྱི་མ་འཇོག་ནང་སྲིད་བྱུས་འཕོ་འགྱུར་ཡག་པོ་ཞིག་ཆགས་ཡོད་པ་ནི། དེའི་ཐོག་ནས་མ་འཇོག་བརྟན་པོ་དང་རྒྱུན་གནས་ཐུབ་པ་བཟོ་ཐུབ་པ་མ་ཟད་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་རྒྱུ་དང་ལས་བཞུགས་གསར་གཏོད་ཀྱི་དོན་སྙིང་ལྡན་ཡོད་པ་རེད།

ཉེ་ཆར་གྱི་གསལ་བསྒྲགས་དེའི་ནང་། སྲིད་གཞུང་གིས་ཁྱབ་ཁོངས་ཕལ་ཆེ་བའི་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བརྒྱ་ཆ་ ༡༠༠ བར་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་ཁྱབ་ཁོངས་དེ་དག་ནང་རྒྱལ་སྲུང་དང་། དམངས་སྤྱོད་མཁའ་འགྲུལ། ཡར་རྒྱས་འཛུགས་བསྐྲུན། ཚོང་ལས། སྨན་སྦྱོར། གློག་ཤུགས་བརྗེ་རེས། འགན་བཅོལ། རྒྱུ་དངོས་བསྐྱར་བསྐྲུན་བཟོ་གྲྭ། རྒས་ཕོགས། དེ་མིན་དཔལ་འབྱོར་ཞབས་ཞུ་བཅས་ཚུད་ཡོད་པ་རེད། ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་བསྒྱུར་བཅོས་འདི་དག་ཡང་དཔལ་འབྱོར་བློན་ཆེན་མཆོག་གིས་རྒྱ་གར་འདི་བཞིན་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བྱེད་ས་སྔར་བས་ལེགས་པ་ཞིག་བཟོ་རྒྱུར་དམིགས་ནས་སྤྱི་ལོ་ ༢༠༡༩-༢༠ ལོའི་དབུས་གཞུང་གི་སྔོན་རྩིས་ནང་དགོས་འདུན་བཏོན་པ་ལག་ལེན་དུ་བསྟར་བ་ཞིག་ཆགས་ཡོད་པ་རེད།

གཞུང་འབྲེལ་ཚོད་རྩིས་ལྟར་ན། རྒྱ་གར་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་འབབས་ཚད་དེ་སྤྱི་ལོ་ ༢༠༠༩-༡༠ ནས་སྤྱི་ལོ་ ༢༠༡༣-༡༤ ལོའི་བར་གྱི་དུས་ཡུན་ནང་ཨ་སྒོར་ཐེར་འབུམ་ ༡༨༩ བྱུང་བ་དང་བསྡུར་ན་སྤྱི་ལོ་ ༢༠༡༤-༡༥ ལོ་ནས་སྤྱི་ལོ་ ༢༠༡༨-༡༩ ལོའི་བར་ཨ་སྒོར་ཐེར་འབུམ་ ༢༨༦ ཆགས་ཡོད་པ་རེད། སྤྱི་ལོ་ ༢༠༡༨-༡༩ ལོའི་ཚོད་རྩིས་ཐོག་ནས་བཤད་ན་རྩིས་ལོ་གཅིག་གི་ནང་ལ་ཨ་སྒོར་ཐེར་འབུམ་ ༦༤.༣༧ བྱུང་བ་དེ་ད་བར་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ཚད་གཞི་མཐོ་ཤོས་དེ་ཆགས་ཡོད་པ་རེད།

ཉེ་ཆར་གྱི་གསལ་བསྒྲགས་ནང་། སོལ་བ་ཚགས་འདོན་ལས་རིགས་ལ་རང་བཞིན་རྒྱུད་ལམ་འོག་ནས་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བརྒྱ་ཆ་ ༡༠༠ ཆོག་མཆན་སྤྲད་ཡོད། འདིའི་ནང་དེ་འབྲེལ་གྱི་རྨང་གཞིའི་རྒྱུད་རིམ་ཡང་ཚུད་ཡོད་ལ་དེ་དག་ནི་སོ་བ་ཚགས་འདོན་ཁྲིམས་ལུགས་ ༢༠༡༥ པ་དང་ཚགས་འདོན་དང་གཏོར་རྫས་ཁྲིམས་ལུགས་ ༡༩༥༧ བཅས་ལ་རྟེན་ཡོད་པ་རེད།

རྒྱ་གར་བཟོ་བའི་ལས་གཞི་ཤུགས་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་དང་བཅས་ཏེ་རྒྱ་གར་ནང་ཆོད་གན་བཟོ་བསྐྲུན་ཁྱབ་ཁོངས་ནང་རང་བཞིན་རྒྱུད་ལམ་འོག་ནས་ཕྱི་རྒྱལ་གྱི་ཐད་ལའི་མ་འཇོག་ལ་ཆོག་མཆན་སྤྲད་ཡོད་པ་རེད། སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ལ་ཐོན་ཟོག་གཅིག་ཁོ་ནའི་ཚོང་ལས་ནང་ས་གནས་ཐོན་ཁུངས་འགྲོ་ལུགས་སྟབས་བདེ་གཏོང་རྒྱུའི་གསལ་བསྒྲགས་ཀྱང་གནང་ཡོད། འདིའི་ཐོག་ནས་ཕྱིར་ཚོང་ཆེན་པོ་ཡོད་པའི་ཀམ་པ་ནི་རྣམས་ལ་རིམ་པ་ལྟར་གྱི་གོ་སྐབས་ཤིག་བསྐྲུན་རྒྱུ་ཡིན་པ་རེད། དེའི་ཐོག་ནས་ཐོན་རྫས་གཅིག་ཁོ་ན་ཡིན་པའི་ཀམ་པ་ནི་རྣམས་ལ་ཚོང་ལས་གཉེར་བདེ་དང་སྟབས་ཇི་བདེ་ཡོང་རྒྱུ་ཡིན་པ་རེད། རྒྱ་གར་སྲིད་གཞུང་ནས་ཚོང་ཁང་མ་འཛུགས་གོང་ལ་དྲྭ་ཐོག་ནས་ཚོང་གཉེར་བྱེད་ཆོག་པའི་ཆོག་མཆན་ཀྱང་སྤྲད་ཡོད། སྲིད་གཞུང་གིས་ཡིད་ཆེས་བྱེད་པར་གཞིགས་ན་དྲྭ་ཐོག་ཚོང་གཉེར་གྱི་ཐོག་ནས་དམག་འགུལ་ཐབས་བྱུས་དང་། ཌི་ཇི་ཊལ་དངུལ་སྤྲོད། ཚོང་ཤག་ཞབས་ཞུ། སྦྱོང་བརྡར། ཐོན་རྫས་སྒྱུ་རྩལ་བཅས་ཀྱི་ནང་ལས་བཞུགས་གསར་གཏོད་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་རེད།

ཌི་ཇི་ཊལ་རྒྱ་གར་ལ་མཚོན་ན། གསལ་བསྒྲགས་གསར་པ་ལྟར་སྲིད་གཞུང་གིས་གསར་འགྱུར་དང་ད་ལྟའི་འབྲེལ་ལམ་གྱི་བརྙན་འཕྲིན་ཁག་ལ་བཀའ་ཁྲོལ་རྒྱུད་ལམ་ཐོག་ནས་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བརྒྱ་ཆ་ ༤༩ བར་སྤྲད་ཡོད། ཉེ་ཆར་གྱི་སྲིད་བྱུས་གསལ་བསྒྲགས་ལྟར་ན་སྲིད་གཞུང་གིས་གསར་འགྱུར་དང་བརྙན་འཕྲིན་རྒྱུད་ལམ་རྣམས་ལ་ཌི་ཇི་ཊལ་རྒྱ་གར་རྒྱུད་ནས་སྲིད་གཞུང་གི་རྒྱུད་ལམ་ཐོག་ནས་ཕྱི་རྒྱལ་གྱི་ཐད་ལའི་མ་འཇོག་བརྒྱ་ཆ་ ༢༦ ཆོག་མཆན་སྤྲད་རྒྱུ་ཡིན་པ་རེད།

སེམས་ལ་བཞག་དགོས་པའི་གནད་དོན་གཅིག་ནི་སྲིད་གཞུང་གི་སྲིད་བྱུས་གསལ་བསྒྲགས་འདི་དག་ནི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་འཁོར་རྒྱུག་ཁྲོད་རྒྱལ་སྤྱིའི་གོ་རིམ་བརྟན་པོ་མེད་པར་གྱུར་བཞིན་པ་ལ་རྟེན་ནས་བྱུང་བ་ཞིག་རེད། UNCTAD སྤྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་མ་འཇོག་སྙན་ཐོའི་ཐོག་ནས་སྤྱི་ལོ་ ༢༠༡༨ ལོའི་ནང་རྒྱལ་སྤྱིའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་འཁོར་རྒྱུག་བ་རྒྱ་ཆ་ ༡༣ ཆག་ཡོད་པ་གསལ་འདོན་གནང་ཡོད། དོན་དངོས་ཐོག་སྤྱི་ལོ་ ༢༠༡༨ ལོའི་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡.༣ ནས་ལོ་སྡོན་མའི་ནང་ཨ་སྔོར་ཁྲག་ཁྲིག་ཆེན་པོ་ ༡. ༥ བར་ཆགས་ཡོད་པ་རེད། ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་གསར་པ་དེ་བཞིན་རྒྱ་གར་གྱིས་ད་ཡོད་ཀྱི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་སྲིད་བྱུས་དེ་གུ་ཇི་ཡངས་དང་སྟབས་ཇི་བདེར་གཏང་ནས་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ནང་འགུག་བྱེད་ཐུབ་པའི་བཟང་ཕྱོགས་ཀྱི་ཡིད་ཆེས་ཞིག་ལ་གཞི་བཅོལ་བ་ཞིག་རེད།

མ་ཟིན། ཌག་ཌར་ལེ་ཁ་ཅ་ཀར་བོར་ཏི།

པོ་ལེནྚི་དང་ཧན་གྷ་རིའི་ལྷན་དུ་འབྲེལ་ལམ་བསྐྱར་སྒྲིག་བྱེད་པ།

$
0
0

ཕྱི་སྲིད་བློན་ཆེན་ཌག་ཌར་ཨེ་སི་ཇེ་ཤན་ཀར་མཆོག་པོ་ལེནྚི་དང་ཧན་གྷ་རིར་ཕྱོགས་ཕེབས་གནང་བ་དེའི་ཐོག་ནས་རྒྱ་གར་གྱིས་ཡོ་རོབ་དཀྱིལ་མ་དང་ཤར་མར་འབྲེལ་ལམ་རྒྱ་བསྐྱེད་གནང་རྒྱུའི་ཆོད་སེམས་མཚོན་གྱི་ཡོད་པ་རེད།

འདས་པའི་ལོ་རབས་ནང་རྒྱ་གར་དང་ཧན་གྷ་རི་དབར་གྱི་འབྲེལ་ལམ་རྣམས་ཁ་ཡོད་ལག་ཡོད་དང་རྣམ་མང་རང་བཞིན་ཞིག་ཆགས་ཡོད། ཕྱི་སྲིད་བློན་ཆེན་མཆོག་ནས་ཧན་གྷ་རིའི་བབ་མཚུངས་བློན་ཆེན་པེ་ཊར་སི་ཇར་ཊོ་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་དང་ཧན་གྷ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་གློག་བརྙན་བཟོ་བསྐྲུན་དང་། ཌི་ཇི་ཊལ་བཟོ་བསྐྲུན། ཆུ་དོ་དམ། ཉི་གློག་ནུས་ཤུགས། སྨན་སྦྱོར་བཅས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ནན་བརྗོད་གནང་ཡོད། ཧན་གྷ་རིའི་ནང་གི་རྒྱ་གར་གྱི་མ་འཇོག་གི་བཟང་ཕྱོགས་རྣམ་པ་དང་དེ་ལ་ཕན་ཐོགས་པའི་ཚོང་ལས་འཁོར་ཡུག་ལ་རྒྱ་གར་ཕྱོགས་ནས་བསྔགས་བརྗོད་གནང་ཡོད། ཕྱོགས་གཉིས་ཀས་ཤེས་ཡོན་དང་། ཡུལ་སྐོར། ཚན་རིག་བཅས་ཀྱི་ཁྱབ་ཁོངས་ནང་ཕྱོགས་གཉིས་ཀྱི་བགྲོ་གླེང་གནང་ཤུགས་ཆེ་རུ་གཏང་རྒྱུའི་མོས་མཐུན་གནང་ཡོད། ཧན་གྷ་རི་ཕྱོགས་ནས་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་ནང་བཞུགས་རྒྱུའི་ཐག་གཅོད་གནང་བ་དེ་བཞིན་ཉི་གློག་ནུས་ཤུགས་བསྡུ་ལེན་གྱི་མཉམ་ལས་མདུན་བསྐྱོད་བྱ་ཆེད་ཀྱི་གོམ་སྟབས་ཡང་དག་ཅིག་ཆགས་ཡོད། རྒྱལ་ཁབ་གཉིས་ནས་དཔལ་འབྱོར་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་དང་གྲོས་ཚོགས་ཀྱི་བརྗེ་རེས་དང་མཉམ་ལས་ཤུགས་ཆེ་རུ་གཏང་རྒྱུ་བཅས་ཀྱི་དགོས་དོན་ཐོག་བགྲོ་གླེང་གནང་ཡོད།

ཌག་ཌར་ཇེ་ཤན་ཀར་མཆོགས་པོ་ལེནྚིར་ཕེབས་པ་དེ་བཞིན་ལོ་ངོ་ ༣༢ རྗེས་ལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཞིག་རྒྱལ་ཁབ་དེར་ཕེབས་པ་ཐོག་མ་ཆགས་ཡོད། པོ་ལེནྚིའི་ཕྱི་སྲིད་བློན་ཆེན་པོར་ཕེ་སར་ཇ་ཇེག་ཀ་ཇ་པུ་ཊོ་ཝིཇ་མཆོག་ནས་རྒྱ་གར་འདི་ཉིད་སྟོབས་ཆེན་རྒྱལ་ཁབ་ ༢༠ དང་མཉམ་སྦྲེལ་རྒྱལ་ཚོགས་བཅས་ཀྱི་ནང་གལ་ཆེའི་ཆ་ཤས་ལེན་མཁན་ཞིག་ཡིན་པ་ནན་བརྗོད་དང་རྒྱ་གར་འདི་ཉིད་ལྷོ་ཨེ་ཤི་ཡའི་ནང་པོ་ལེནྚིའི་ཟླ་གྲོགས་ལྟེ་བ་་དེ་ཡིན་ཚུལ་གསུངས་ཡོད། རྒྱ་གར་གྱིས་ཡོ་རོབ་དཀྱིལ་མའི་མངའ་ཁུལ་དང་འབྲེལ་ལམ་སྔར་ལྷག་བྱ་འདོད་ཡོད་པ་དང་གསལ་འདོན་གནང་ཡོད། བློན་ཆེན་རྣམ་གཉིས་ནས་གནད་སྨིན་ཕྱོགས་མང་ལམ་ལུགས་དང་སྒྲིག་སྲོལ་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་གོ་རིམ་བཅས་ཀྱི་་གལ་གནད་བསྐྱར་བརྗོད་བྱས་ཡོད་པ་དེ་ཡང་དེ་དག་འཛམ་གླིང་བརྟན་ལྷིང་རྒྱུན་སྐྱོང་བྱེད་པའི་ཆ་རྐྱེན་ལྟེ་བ་རྣམས་ཆགས་ཡོད་པས་རེད།

བློན་ཆེན་རྣམས་པས་ཕྱོགས་གཉིས་ཀྱི་ཆབ་སྲིད་མཉམ་ལས་དང་། དཔལ་འབྱོར། ཤེས་ཡོན། རིག་གཞུང་བཅས་ཚུད་པའི་ཁྱབ་ཁོངས་ཁག་གི་ནང་མམཉམ་ལས་བྱ་རྒྱུ་བཅས་ཀྱི་གནད་དོན་ཁྱབ་ཆེའི་ཐོག་བགྲོ་གླེང་གནང་ཡོད། གནད་དོན་ཁག་གཅིག་གི་ཁྲོད་ནས། པོར་ཕེ་སར་ཀ་ཇ་པུ་ཊོ་ཝིཇ་མཆོག་གིས་པོ་ལེནྚིའི་ངོས་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་འཛིང་བྱ་རྒྱུར་ལངས་ཕྱོགས་གསལ་པོ་ཡོད་ཚུལ་གསུངས་ཡོད། རྒྱ་གར་དང་ཞི་བདེ་རྒྱ་མཚོ་དང་ནུབ་ཨེ་ཤི་ཡའི་ནང་ཞི་བདེ་དང་བདེ་འཇགས་རྒྱུན་སྐྱོང་བྱ་རྒྱུ་དང་། ཁྱབ་ཆེའི་གཏོར་རྒོལ་གོ་མཚོན་ཁྱབ་རྡལ། རྒྱ་མཚོའི་འདབས་འབྲེལ་དང་མཁའ་འགྲུལ་གྱི་བདེ་འཇགས། དྲྭ་རྒྱའི་བདེ་འཇགས། འགྲོ་བ་མིའི་བཟང་སྤྱོད་ཀྱི་གནད་དོན། སྐྱབས་བཅོལ་བ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་བུའི་དཀའ་ངལ་གཞན་རྣམས་ཀྱང་བགྲོ་གླེང་གི་བརྗོད་གཞིར་ཚུད་ཡོད་པ་རེད། 

པོ་ལེནྚིའི་ངོས་ནས་ཕྱོགས་གཉིས་ཀའི་ཁེ་ཕན་ཆེད་ཡོ་རོབ་དང་རྒྱ་གར་གྱི་ལས་འཆར་ལ་དངོས་སུ་ལེགས་སྐྱེད་ཕུལ་བར་རྒྱ་གར་གྱིས་བསྔགས་བརྗོད་གནང་ཡོད། བློན་ཆེན་རྣམ་པ་མཇལ་འཕྲད་གནང་བའི་གྲུབ་འབྲས་གཞན་ཞིག་ནི་པོ་ལེནྚིའི་རྒྱལ་ཡོངས་སྐྱེལ་འདྲེན་པ་ (LOT) ཞེས་པ་དེ་ཝར་སོ་ནས་དྷི་ལི་གསར་པ་བར་ཐད་ཀར་འཕུར་བསྐྱོད་གནང་འགོ་ཚུགས་རྒྱུའི་གསལ་བསྒྲགས་སྤེལ་བ་དེ་ཆགས་ཡོད། ཚོང་ལས་དང་ཡུལ་སྐོར་རྒྱ་བསྐྱེད་གནང་ཕུད་པའི་ཐག་གཅོད་འདིའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་རྣམས་ཐག་ཇི་ཉེར་གཏང་རྒྱུ་ཡིན་པ་རེད། 

ཚོང་ལས་ཐོག སྐབས་འདིར་བཤད་རིན་ཡོད་པ་ཞིག་ལ་ཡོ་རོབ་དཀྱིལ་མའི་མངའ་ཁུལ་ནང་ལ་པོ་ལེནྚི་དེ་བཞིན་རྒྱ་གར་གྱི་ཚོང་ལས་ཟླ་གྲོགས་དང་ཕྱིར་ཚོང་འགྲོ་ཡུལ་ཆེ་ཤོས་དེ་ཡིན་པ་རེད། ད་ལྟའི་གནས་སྐབས་ལ་རྒྱ་གར་དང་པོ་ལེནྚིའི་དབར་གྱི་ཕྱོགས་གཉིས་ཀྱི་ཚོང་ལས་དེ་ཨ་སྒོར་ཐེར་འབུམ་ ༣ ཏག་ཏག་ཆགས་ཡོད། རྒྱ་གར་འདི་བཞིན་པོ་ལེནྚིས་ཨེ་ཤི་ཡའི་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བྱ་ཡུལ་གཙོ་བོ་དེ་ཡང་ཆགས་ཡོད་པ་རེད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་པོ་ལེནྚིར་ཕེབས་པ་དེས་རྒྱལ་ཁབ་གཉིས་དབར་གྱི་ད་ཡོད་ཀྱི་ཚོང་ལས་འབྲེལ་ལམ་ལ་སྐུལ་བཅག་ཅིག་བཏང་ཡོད་པ་རེད།

གྲང་དམག་གི་དུས་སྐབས་ལ་རྒྱ་གར་འདི་བཞིན་ཡོ་རོབ་དཀྱིལ་མ་དང་ནུབ་མའི་རྒྱལ་ཁབ་རྣམས་དང་འབྲེལ་ལམ་བཟང་པོ་ཡོད་པ་རེད། ཇི་ལྟར་ཀྱང་། རྒྱ་གར་དང་ཡོ་རོབ་དཀྱིལ་མའི་རྒྱལ་ཁབ་རྣམས་ཀྱི་དབར་ལ་མཉམ་ལས་བྱེད་པའི་དོན་སྙིང་དེ་བཞིན་ཡུན་རིང་དོན་གོ་མ་ཆོད་པར་ལུས་ཡོད། རྒྱ་ནག་གི་ 16+1 གི་ལས་གཞི་དེས་མངའ་ཁུལ་དེར་ས་བབ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་སྲིད་པར་རྟེན་རྒྱ་གར་ངོས་ནས་མངའ་ཁུལ་དེའི་ནང་དཔལ་འབྱོར་དང་། རིག་གཞུང་གི་ཁེ་ཕན། དེ་བཞིན་མི་དང་མིའི་འབྲེལ་ལམ་སྐུལ་འདེད་གཏང་རྒྱུ་དེ་རྒྱ་གར་ལ་ཐབས་བྱུས་ཀྱི་གལ་གནད་ཅིག་ཆགས་ཡོད་པ་རེད། 

ཉེ་བའི་དུས་ཚོད་ནང་སྲིད་འཛིན་རན་ནཱཐ་ཀོ་ཝིན་མཆོག་དང་སྲིད་འཛིན་གཞོན་པ་ཨེམ་ཝེན་ཀེ་ཤི་ནེ་ཌུ་རྣམ་གཉིས་ནས་ཡོ་རུབ་དཀྱིལ་མ་དང་། ལྷོ་མ། ཤར་མ་བཅས་སུ་ཕྱོགས་ཕེབས་གནང་བ་རྣམས་ཀྱང་མངའ་ཁུལ་ལྷན་གྱི་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་ཐབས་ལམ་ཞིག་རེད། ཁྱད་པར་དུ་ཧན་གྷ་རི་དེ་བཞིན་རྒྱ་གར་རྒྱ་མཚོ་དང་བྷལ་ཊིག་རྒྱ་མཚོ་མཐུད་རྒྱུར་དམིགས་པའི་རྒྱལ་སྤྱིའི་ཁྱད་མང་ལྷོ་བྱང་སྐྱེལ་འདྲེན་རྒྱུད་ལམ་ལས་འཆར་ནང་ཆ་ཤས་གལ་ཆེན་ལེན་མཁན་ཞིག་ཡིན་པ་དང་། པོ་ལེནྚིས་ཨེ་ཤི་ཡའི་ནང་གི་བྱེད་སྒོ་རྒྱ་བསྐྱེད་བྱ་རྒྱུའི་དམིགས་ཡུལ་དང་བཅས་ཏེ་ཐད་ཀའི་འབྲེལ་མཐུད་དེ་པོ་ལེནྚིས་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་རེད། པོ་ལེནྚིར་རྒྱལ་ནང་ཐོན་སྐྱེད་རྩ་འབོར་ཨ་སྒོར་ཐེར་འབུམ་ ༥༢༤ ཡོད་པའི་ཐོག་ནང་ཡོ་རོབ་མཉམ་སྦྲེལ་ནང་ནས་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་བདུན་པར་སླེབས་ཡོད། ཟླ་ ༨ ནང་མཉམ་སྦྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་དེ་པོ་ལེནྚ་ཡིན་སྟབས་ཌག་ཌར་ཇེ་ཤན་ཀར་པོ་ལེནྚིར་ཕེབས་པ་དེ་གནད་འགག་ཆེབ་པོོ་ཆགས་ཡོད་པ་དང་ལྷག་པར་དུ་པ་ཀི་སི་ཏན་གྱིས་ཀ་ཤི་མིར་ཐོག་སྤེལ་བའི་བྱ་སྤྱོད་བཀག་འགོག་བྱ་རྒྱུར་གནད་འགག་ཆེན་པོ་ཆགས་ཡོད། 

ཌག་ཌར་སངྒ་མི་ཏྲ་སར་མ། ཡོ་རོབ་ཀྱི་འབྲེལ་ལམ་ཐོག་ཐབས་བྱུས་དཔྱད་ཞིབ་པ།

རྒྱ་གར་དང་ཨུ་རུ་སུའི་ནུས་ཤུགས་མཉམ་ལས་ནང་མདུན་མཆོངས་གསར་པ།

$
0
0

རྒྱ་གར་དང་ཨུ་རུ་སུའི་འབྲེལ་ལམ་དེ་བཞིན་མཛའ་མཐུན་དམ་ཟབ་དང་ཁྱབ་ཁོངས་རྒྱ་ཆེའི་ཐོག་མཉམ་ལས་ལྡན་པ་ཞིག་ཆགས་ཡོད། སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ཨུ་རུ་སུའི་ཝ་ལ་ཌི་ཝོ་སི་ཊོག་ཏུ་་ཤར་ཕྱོགས་དཔལ་འབྱོར་ཚོགས་ཆེན་དང་རྒྱ་གར་དང་ཨུ་རུ་སུའི་ལོ་འཁོར་ཚོགས་ཆེན་བཅས་ལ་མཉམ་བཞུགས་ཆེད་ཕྱོགས་ཕེབས་མ་གནང་གོང་ལ་རྒྱལ་ཁབ་གཉིས་ནས་ནུས་ཤུགས་མཉམ་ལས་ཐོག་ལ་ཤུགས་སྣོན་གསར་པ་ཞིག་སྦྱིན་རྒྱུའི་ཐག་གཅོད་གནང་ཡོད། མོ་དྷི་དང་པུ་ཊིན་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ཡང་གཟའ་འཁོར་སྔ་མར་རྒྱ་གར་གྱི་སྣུམ་དང་རང་བྱུང་རླང་སྣུམ་གྱི་བློན་ཆེན་སྐུ་ཞབས་ད་མེནྡྲ་པྲ་དན་མཆོག་ཨུ་རུ་སུར་ཕེབས་སྐབས་གཏན་འཁེལ་བཟོས་པ་ཞིག་རེད། རྒྱ་གར་དང་ཨུ་རུ་སུའི་ཉིང་རྡུལ་འབྲེལ་ལམ་དེ་གྲང་དམག་གི་དུས་སྐབས་ནས་ཡོད་པ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་ནས་ལོ་རྒྱུས་རང་བཞིན་གྱི་མཉམ་ལས་དེར་མདུན་བསྐྱོད་གསར་པ་ཞིག་སྦྱིན་རྒྱུའི་ཐག་གཅོད་བྱས་ཡོད།

རྒྱ་གར་དང་ཨུ་རུ་སུའི་ད་ལྟའི་ནུས་ཤུགས་སྲིད་བྱུས་སྡོམས་རྩིས་བྱེད་པའི་བརྗོད་ཚིག་གཅིག་པོ་དེ་གཞི་རྒྱ་ཆེན་པོ་རྟེན་པ་ཞེས་པ་དེ་ཡིན་པ་དང་རྒྱལ་ཁབ་གཉིས་ཀས་ཁྲོམ་རའི་དྲ་བ་རྒྱ་ཆེ་རུ་གཏང་རྒྱུའི་བདམ་ག་འཚོལ་བཞིན་པ་དང་ཆབས་གཅིག་ཉེན་ཁ་མེད་པ་བཟོ་བཞིན་ཡོད་པ་རེད། རྒྱ་གར་ལ་མཚོན་ན་སྔོན་འགྲོའི་ཆ་ནས་གཞན་ལ་རྟེན་ཤུགས་ཆུང་དུ་གཏོང་རྒྱུའི་འདོད་པ་ཡོད་པ་དང་བརྟན་པོ་མེད་པའི་གྷལ་ཕ་མངའ་ཁུལ་ནས་ནུས་ཤུགས་དགོས་མཁོ་མཁོ་བསྒྲུབ་བྱེད་པ་དང་འབྲེལ་བའི་ཉེན་ཚབ་མེད་པ་བཟོ་རྒྱུ་བཅས་ཀྱི་འདུན་པ་ཡོད་པ་རེད། ཨུ་རུ་སུ་ལ་མཚོན་ན་ཤེལ་གྷེ་སི་གསར་བརྗེའི་རྗེས་ནས་་ཉེས་ཆས་དང་བར་ཆད་རིམ་ཅན་དུ་ཕོག་ནས་ནུས་ཤུགས་ཁྲོམ་རའི་བདམ་ག་གཞན་ཞིག་་འཚོལ་ཕྱིར་ཨེ་ཤི་ཡར་ལྟ་བའི་ཕྱོགས་མངས་སྲིད་བྱུས་འགོ་བཙུགས་པ་རེད། དེས་ན། སྐུ་ཞབས་པྲ་དན་ཨུ་རུ་སུར་ཕེབས་སྐབས་ཐུན་མོང་གི་གཅིག་ལ་གཅིག་རྟེན་དེས་མདུན་བསྐྱོད་ཀྱི་ལམ་བུ་གཏོད་ཡོད་པ་དང་ནུས་ཤུགས་ཀྱི་འབྲེལ་ལམ་སལ་སྐུལ་འདེད་ཐེབས་པ་བཅས་བྱུང་ཡོད་པ་རེད། 

རྒྱ་གར་གྱི་སྣུམ་དང་རང་བྱུང་རླང་སྣུམ་བློན་ཆེན་མཆོག་གིས་གཞུང་གི་ལས་སྣེའི་ཆེས་མཐོའི་སྐུ་ཚབ་ཚོགས་པ་དང་བཟོ་ལས་ཀྱི་སྐུ་ཚབ་ཀྱི་སྣེ་ཁྲིད་ཡོད་པ་དང་ཨུ་རུ་སུའི་སྲིད་གཞུང་གི་ལས་སྣེ་དང་སྒེར་ཁྱབ་ཁོངས་ཀྱི་སྐུ་ཚབ་རྣམས་དང་ལྷན་དུ་མཇལ་འཛོམས་རིམ་པ་ཁ་ཤས་གནང་ཡོད། ཨུ་རུ་སུའི་སྲིད་བློན་གཞོན་པ་ཡུ་རི་ཏྲུ་ནེཝ་དང་ནུས་ཤུགས་བློན་ཆེན་ཨེ་ལེག་ཛེན་ཌར་ནོ་ཝག་རྣམ་གཉིས་ལྷན་དུ་མཇལ་འཕྲད་གནང་བ་ལས་ནག་རྫས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བསྐྱར་ཞིབ་འཐུས་ཚང་གནང་སྟེ་ཨུ་རུ་སུའི་ཤར་ཕྱོགས་ནས་སྣུམ་དང་རླང་སྣུམ་མཁོ་འདོན་བྱ་རྒྱུ་དང་ཐུན་མོང་གི་ནུས་ཤུགས་ཁྱབ་ཁོངས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་གཏན་འཁེལ་གནང་ཡོད།

དེ་དག་ནི་རྒྱ་གར་བློན་ཆེན་མཆོག་མོ་སི་ཀོར་ཕེབས་པའི་གྲུབ་འབྲས་ཆེ་བ་རྣམས་ཡིན་པ་རེད། རྒྱ་གར་གྱི་ཐུགས་རེ་ལྟར་ན་ཨུ་རུ་སུ་དེ་བཞིན་པེ་ཊྲོལ་ཕྱིར་ཚོང་རྒྱལ་ཁབ་ཀྱི་འཐུས་ཚབ་ཅིག་ཡིན་པའི་ཆ་ནས་སྣུམ་རྗེན་མཁོ་གཏོང་བྱ་རྒྱུ་དང་གོང་ཚད་ངེས་གཏན་མེད་པར་ཚོད་འཛིན་བྱ་རྒྱུ་བཅས་ལ་འགན་འཁུར་གྱི་ཆ་ཤས་ལེན་རྒྱུ་དེ་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་གོང་ཚད་ངེས་གཏན་མེད་པའི་དབང་གིས་ཉོ་མཁན་ཚོང་ཚོང་མཁན་རྒྱལ་ཁབ་གཉིས་ལར་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་རེད། རྒྱ་གར་གྱི་སྣུམ་རྗེན་ལྔ་ཆ་བཞི་ཚང་མ་པེ་ཊྲོལ་ཕྱིར་ཚོང་རྒྱལ་ཁབ་ཚོགས་པ་ནས་མཁོ་བསྒྲུབ་བྱེད་ཀྱི་ཡོད་པ་དང་ས་བབ་ཆབ་སྲི་བརྟེན་ལྷིང་མེད་པའི་རྐྱེན་གྱིས་ཐོན་རྫས་ཉུང་འཕྲི་བྱེད་པ་དེས་རྒྱ་གར་གྱི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་གཏང་གི་ཡོད་པ་རེད།

རྒྱ་གར་དང་ཨུ་རུ་སུའི་བློན་ཆེན་གཉིས་ནས་རྗེས་སོར་མོ་དྷི་དང་པུ་ཊིན་རྣམ་གཉིས་ཝ་ལ་ཌི་ཝོ་སི་ཊོག་ཏུ་མཇལ་འཛོམས་སྐབས་མིང་རྟགས་འགོད་རྒྱུའི་འཐུས་ཚང་ནུས་ཤུགས་མཉམ་ལས་གྲོས་མཐུན་གྱི་རྨང་གཞི་ཞིག་བཏིང་ཡོད་པ་རེད།

ནུས་ཤུགས་རྒྱུད་ལམ་གྱི་ཐོག་ནས་ཨུ་རུ་སུའི་ཤར་ཕྱོགས་མངའ་ཁུལ་རྣམས་རྒྱ་གར་དང་འབྲེལ་མཐུད་བྱ་རྒྱུ་ཡིན་པ་རེད། འབྲེལ་ཡོད་གྲུབ་འབྲས་ཤིག་ནི་ནུས་ཤུགས་ཁྱབ་ཁོངས་ལས་འཆར་ཁག་གི་ནང་ཐུན་མོང་གི་མ་འཇོག་ཁྱབ་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་རེད། ཨུ་རུ་སུ་དེ་བཞིན་རྒྱ་གར་གྱི་སྣུམ་དང་རླང་སྣུམ་མ་འཇོག་བྱ་ཡུལ་ཆེ་ཤོས་དེ་ཡིན་པ་རེད། རྒྱ་གར་གྱི་སྣུམ་དང་རླང་སྣུམ་གྱི་ཀམ་པ་ནི་ ONGC དང་ IOCL རྣམས་ནས་ཨུ་རུ་སུའི་ནུས་ཤུགས་བཟོ་ལས་ཁག་དང་། ཤ་ཁ་ལིནདང་། ཝེན་ཀོར། ཊཱ་སི་ཡུར་ཡག་བཅས་ནང་གི་ལས་འཆར་ཐོག་མ་འཇོག་ཕོན་ཆེ་བྱས་ཡོད་པ་རེད།

ཨུ་རུ་སུའི་ལྟ་ཕྱོགས་ནས་བཤད་ན་འདིའི་ཐོག་ནས་རྒྱ་ནག་གིས་སེར་བྷི་ཡ་ལྟ་བུའི་མངའ་ཁུལ་ནང་ནུས་ཤུགས་མ་འཇོག་རྒྱ་བསྐྱེད་བྱེད་པར་ཁ་གཏད་ཅིག་ཀྱང་ཆགས་ཀྱི་ཡོད། རྒྱ་གར་གཞུང་གིས་གཉེར་བའི་རླང་སྣུམ་ཀམ་པ་ནི་ GAIL ཞེས་པས་ཨུ་རུ་སུའི་གྷེཛ་པྲོམ་ཚོགས་པ་དང་ལྷན་དུ་སྤྱི་ལོ་ ༢༠༡༨ ལོར་ཕུག་ཕན་གྱི་ LNG ཆོད་གན་ཞིག་གི་ཐོག་ལ་གྲོས་མོལ་བསྐྱར་མ་བྱས་ཡོད། རྒྱ་གར་གྱིས་ཀྱང་ནོ་ཝ་ཊེག་ལྟ་བུ་ཨུ་རུ་སུའུ་ཀམ་པ་ནི་རྣམས་ལ་གྲོང་འཁྱེར་གྱི་རླང་སྣུམ་བགོ་འགྲེམས་དང་ LNG ལས་འཆར་ཁག་གི་ནང་མ་འཇོག་གི་གོ་སྐབས་སྤྲད་ཡོད་པ་མ་ཟད་འཚོལ་བསྒྲུབ་དང་། ཐོན་སྐྱེད། བཙོ་སྦྱངས་བཅས་ཀྱི་བྱེད་སྒོའི་ནང་མཉམ་བཞུགས་བྱ་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད།

སྐུ་ཞབས་པྲ་དན་མཆོག་གི་ཕྱོགས་ཕེབས་དེ་ཚོགས་ཆེན་རིམ་པའི་མཇལ་འཕྲད་ཅིག་ལ་གྱུར་བ་དེའི་ཐོག་ནས་རྒྱལ་ཁབ་གཉིས་ཀ་ནུས་ཤུགས་མཉམ་ལས་ལ་ཤུགས་སྣོན་བྱེད་བཞིན་པ་མཚོན་གྱི་ཡོད། ཝ་ལ་ཌི་ཝོ་སི་ཊེག་གི་ལོ་འཁོར་ཚོགས་ཆེན་ཐེངས་ ༢༠ པ་དེའི་ཐོག་ནས་ཕྱོགས་གཉིས་ཀྱི་ནུས་ཤུགས་འབྲེལ་ལམ་ལ་འཕོ་འགྱུར་ཞིག་ཡོང་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་ནུས་ཤུགས་ཁྱབ་ཚད་ཀྱི་ཆ་ནས་བཤད་ན་ཕུག་ཕན་གྱི་གྲུབ་འབྲས་ཤིག་ཡོང་རྒྱུ་ཡིན་པ་རེད། 

མ་ཟིན། སཏྱ་ཇིཏ་མོ་གན་ཏི། དཔལ་འབྱོར་དཔྱད་ཞིབ་པ་རྒན་པ།

ཀ་ཤི་མིར་ཐོག་པ་ཀི་སི་ཏན་གྱི་ཁུངས་མེད་འཆལ་གཏམ།

$
0
0

རྒྱ་གར་གྱིས་ཇམ་མུ་དང་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་མེེད་པ་བཟོས་ཏེ་མངའ་སྡེ་དེ་ཉིད་དབུས་གཞུང་འཛིན་སྐྱོང་ས་ཁུལ་གཉིས་དུ་དབྱེ་བ་ནས་བཟུང་པ་ཀི་སི་ཏན་གྱི་འགོ་ཁྲིད་རྣམས་ཡོངས་སུ་འཁྱོམས་པ་བུར་གྱུར། པ་ཀི་སི་ཏན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་གོ་སྐབས་ནམ་བྱུང་ལ་རྒྱ་གར་ལ་སྡིག་ར་སྐུལ་བ་དང་ཐ་ན་ཉིང་རྡུལ་དམག་འཁྲུག་གི་སྐད་ཆ་བཤད་པ་དང་རྒྱ་གར་ལ་གནོད་པའི་ཚིག་ངན་མང་པོ་ཕངས་ཡོད་པ་རེད། ཁོ་པས། གལ་ཏེ་རྒྱལ་སྤྱིའི་ཐོག་ནས་ཀ་ཤི་མིར་དང་འབྲེལ་བའི་རྒྱ་གར་གྱི་ཐག་གཅོད་དེ་མཚམས་འཇོག་མ་བྱེད་ཚེ་རྒྱ་གར་དང་པ་ཀི་སི་ཏན་གཉིས་དབར་དྲག་པོའི་དམག་འཐབ་བྱུང་རྒྱུ་རེད་ཅེས་བཤད་ཡོད། ཁོ་པའི་ཕྱི་སྲིད་བློན་ཆེན་ཤཧ་མཧ་མོད་ཁུ་ར་ཤི་ཡིས་ཨིམ་རན་ཁན་གྱི་སྐད་ཆ་དང་འགྲོགས་ཏེ་དམག་འཁྲུགས་ནི་ཀ་ཤི་མིར་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་བདམ་ག་ཞིག་མ་རེད་ཅེས་བཤད་ཡོད། པ་ཀི་སི་ཏན་གྱི་ལྕགས་ལམ་བློན་ཆེན་ཤེག་ར་ཤིད་ཡིས་མི་དམངས་འདུ་འཛོམས་ཤིག་གི་ཐོག་ལ་ཁོ་པས་སྤྱི་ཟླ་ ༡༠ འམ་ ༡༡ ནང་རྒྱལ་ཁབ་གཉིད་དབར་ལ་དམག་འཁྲུགས་ཤོར་བ་མཐོང་བྱུང་ཞེས་བཤད་ཡོད། སྐད་ཆ་ཚང་མ་གཅིག་མཐུན་མེད་པ་དེའི་ཐོག་ནས་རྒྱ་གར་གཞུང་གི་ཐག་གཅོད་དེས་པ་ཀི་སི་ཏན་ལ་ཁོང་ཁྲོ་ཇི་ཙམ་བསླངས་མིན་ར་སྤྲོད་ཐུབ་ཀྱི་ཡོད།
པ་ཀི་སི་ཏན་གྱིས་ཀ་ཤི་མིར་གྱི་གནད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐེ་བྱུས་ཡོང་བའི་འབད་བརྩོན་ཡོད་རྒུ་བྱས་མིན་ལ་མ་ལྟོས་པར་པ་ཕན་ཐོགས་པའི་ཡ་ལན་སྤྲོད་མཁན་ཞིག་བྱུང་མེད་པ་རེད། ཨ་རི་དང་། ཨུ་རུ་སུ། ཕ་རན་སི། དབྱིན་ཡུལ་ལྟ་བུའི་རྒྱལ་ཁབ་རྣམས་ནས་པ་ཀི་སི་ཏན་ལ་རྒྱ་གར་གཞུང་ནས་ཀ་ཤི་མིར་ཐོག་ལག་བསྟར་བྱས་པ་དེ་རྒྱ་གར་ནང་ཁུལ་གྱི་གནས་ཚུལ་ཞིག་ཡིན་པ་དང་ཕྱིའི་རྒྱལ་ཁབ་ཀྱི་བར་འདུམ་དགོས་པ་མེད་ཚུལ་གསལ་པོ་གསུངས་ཡོད་པ་རེད། ཐ་ན་རྒྱ་ནག་ལ་མཚོན་ནའང་པ་ཀི་སི་ཏན་གྱི་གྲོགས་པོ་འགྱུར་བ་མེད་པ་ཞིག་ཡིན་ཡང་གནད་དོན་འདིའི་ཐད་ལ་ཁ་སངས་ནས་པ་ཀི་སི་ཏན་ལ་རྒྱབ་སྐྱོར་བྱེད་མེད་པ་རེད། འདི་དག་ཀུན་ལ་མ་ལྟོས་པར་ཨིམ་རན་ཁན་གྱིས་པ་ཀི་སི་ཏན་ནང་རེ་གཟའ་པ་སངས་ཉིན་ཆུ་ཚོད་གཅིག་གི་གྱེར་ལངས་སྐུལ་བཅག་བྱས་ཡོད། ཇི་ལྟར་ཀྱང་གྱེར་ལངས་དེར་པ་ཀི་སི་ཏན་གྱི་མི་མང་མང་པོ་མཉམ་བཞུགས་མ་བྱུང་བས་ལས་འགུལ་དེ་ལམ་ལྷོང་བྱུང་མེད་པ་རེད།
ཨིམ་རན་ཁན་གྱི་གནད་དོན་དེ་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་དུ་གླེང་རྒྱུའི་གསལ་བསྒྲགས་བྱས་ཡོད། འོན་ཀྱང་མཉམ་སྦྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ནས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ཁ་གསལ་བཟོས་ཟིན་པ་དེ་ཁོས་མ་དྲན་པ་རེད།
ཁོ་ཁྲོའི་རྗེས་འབྲས་སུ་རྒྱ་གར་དང་གྲོས་མོལ་བྱ་རྒྱུའི་གནད་དོན་ཐད་པ་ཀི་སི་ཏན་གྱི་དབུ་ཁྲིད་རྣམས་ཁ་མ་མཐུན་པ་ཆགས་ཡོད། ཨིན་རམ་ཁན་གྱིས་རྒྱ་གར་དང་གྲོས་མོལ་བྱེད་པའི་དགོས་དོན་གང་ཡང་མེད་ཚུལ་བཤད་པ་དང་། ཁོ་པའི་ཕྱི་སྲིད་བློན་ཆེན་ཤཧ་མཧ་མོད་ཁུ་ར་ཤི་ཡིས་པ་ཀི་སི་ཏན་ནས་རྒྱ་གར་དང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་ལྔོག་ཕྱོགས་སྐད་ཆ་བཤད་ཡོད། དེའི་རྐྱེན་གྱིས་ཨིམ་རན་ཁན་ངོས་ནས་ཨི་སི་ལམ་མ་བྷད་ཕྱོགས་ནས་རྒྱ་གར་དང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་གྱི་གསར་འགྱུར་རྒྱུད་ལམ་གྱི་གནས་ཚུལ་དེ་བདེན་པ་མིན་ཚུལ་བཤད་དགོས་པ་ཆགས་ཡོད།
རྒྱ་གར་གྱི་རྒྱུན་མཐུད་ལངས་ཕྱོགས་དེ་བཞིན་ཨི་སི་ལམ་མ་བྷད་ཕྱོགས་ནས་རྒྱ་གར་དང་དེ་མིན་རྒྱལ་ཁབ་གཞན་རྣམས་ཀྱི་ཁ་གཏད་དུ་འཇིགས་སྐུལ་རིང་ལུགས་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་ཚེ་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་དེ་རེད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཌག་ཌར་ཨེ་སི་ཇེ་ཤན་ཀར་མཆོག་ནས་རྒྱ་གར་ཕྱོགས་ནས་འཇིགས་སྐུལ་དང་དྲག་སྤྱོད་མེད་པའི་འཁོར་ཡུག་ཅིག་གི་ནང་ཇམ་མུ་དང་ཀ་ཤི་མིར་ཕུད་པའི་དེ་མིན་གནད་དོན་ཆེ་གྲས་ཅི་ཞིག་གི་ཐོག་ལའང་པ་ཀི་སི་ཏན་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་བསྐྱར་བཤད་གནང་ཡོད་པ་རེད།
པ་ཀི་སི་ཏན་ཕྱོགས་ནས་ཨི་སི་ལམ་རྒྱལ་ཁབ་རྣམས་ཚུད་པའི་རྒྱལ་ཁབ་གཞན་རྣམས་ནས་རྒྱབ་སྐྱོར་ཐོག་ཐབས་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད། ཉེ་བའི་ཆར་ཀ་ཤི་མིར་ནང་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིགས་བཏང་བའི་མིང་ཐོག་ནས་སའི་དི་ཨ་རཱ་བྷི་ཡ་དང་ཀུ་ཝེཊ་ལྷན་དུ་འབྲེལ་བ་བྱེད་བཞིན་ཡོད་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ནི་ཤུགས་རྐྱེན་ཆེ་བའི་ཨི་སི་ལམ་རྒྱལ་ཁབ་ཁག་གཅིག་གིས་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ནས་ཀ་ཤི་མིར་ཐོག་གི་ཐག་གཅོད་ལག་བསྟར་བྱས་པའི་རྗེས་སུའང་ཁོང་ལ་གུས་བརྩི་ཞུ་རྒྱུའི་བདམ་ག་བྱས་ཡོད། ཉིན་ཤད་གོང་ལ་ཡུ་ཨེ་ཨི་ནས་ཛ་ཡད་ཡི་བཀའ་ཁྱབ་ཅེས་པའི་གཟེངས་རྟགས་མཐོ་ཤོས་དེ་སྐུ་ཞབས་མོ་དྷི་མཆོག་ལ་ཕུལ་ཡོད་པ་དེས་ཨིམ་རེཙ་ཡིས་རྒྱ་གར་ལྷན་གྱི་འབྲེལ་ལམ་དེ་གང་ལས་གལ་ཆེ་བ་ཡིན་པ་དང་འབྲེལ་ལམ་དེར་པ་ཀི་སི་ཏན་གྱི་འཆལ་གཏམ་གྱིས་བར་ཆད་གཏོང་ཐུབ་རྒྱུ་མིན་པའི་གོ་བརྡ་གསལ་པོ་ཞིག་བཏང་ཡོད།
པ་ཀི་སི་ཏན་གྱི་ཁྲིམས་བཟོ་བ་རྒན་པ་ཞིག་གིས་ཨི་སི་ལམ་གྱི་ཨུམ་མཧ་ཡི་ལྦུ་བ་དེ་ཐོར་སོང་ཞེས་བཤད་ཡོད། དེ་ཡང་རྒྱ་གར་གྱིས་ཀ་ཤི་མིར་ཐོག་ལག་བསྟར་བྱས་པ་དེར་ཨི་སི་ལམ་རྒྱལ་ཁབ་ལྷན་ཚོགས་ཀྱིས་ངག་བསྡམས་ནས་བསྡད་པ་དེར་གོ་བ་བཀོན་པ་ཞིག་རེད། ཁོས། དྷི་ལིའི་ངོས་ནས་ཀ་ཤི་མིར་གྱི་རང་སྐྱོང་གནས་བབ་མེད་པ་བཟོས་རྗེས་གྷལ་ཕ་ཨ་རབ་ཚུད་པའི་ཨི་སི་ལམ་རྒྱལ་ཁབ་ལྷན་ཚོགས་ཀྱི་འཐུས་ཚབ་གཙོ་གྲས་ཁག་གཅིག་ནས་ཁ་བཙུམ་ནས་བསྡད་ཡོད་ཅེས་བཤད་པ་རེད།
པ་ཀི་སི་ཏན་ངོས་ནས་བཤད་ན་རང་ཉིད་ཀྱི་ས་ཁོངས་བྷ་ལོ་ཆི་སི་ཏན་དང་། ཁེ་བྷར་ཕག་ཏུན་ཁ་ཝ་ས་ཁུལ། པ་ཀི་སི་ཏན་གྱིས་དབང་བསྒྱུར་བྱས་པའི་ཀ་ཤི་མིར་བཅས་སུ་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིགས་ཀླ་ཀློའི་ངང་ཚུལ་དུ་སྤྱོད་བཞིན་པའི་སྐབས་འདིར་ཀ་ཤི་མིར་ནང་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིགས་བཏང་བའི་སྐད་ཆ་བཤད་མི་རུང་བ་ཞིག་རེད། པ་ཀི་སི་ཏན་ངོས་ནས་དངོས་ཡོད་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་རྒྱ་གར་ལ་ཁ་གཏད་གཅོག་པའི་འཚལ་གཏམ་ཐོག་དུས་ཚོད་དང་ནུས་ཤུགས་འཕྲོ་བརླག་མ་གཏང་བར་ལག་ལེན་ནོར་བཅོས་བྱེད་དགོས་པ་རེད། དེ་ཁོ་ནས་རྒྱལ་ཁབ་གཉིས་དབར་ཁྱིམ་མཚེས་མཐུན་པའི་འབྲེལ་ལམ་གྱི་རྨང་གཞི་འདིང་ཆེད་རྒྱལ་ཁབ་གཉིས་དབར་གྱི་གནད་དོན་ཆེ་གྲས་རྣམས་ཐག་གཅོད་བྱེད་པའི་ལམ་བུ་གཏོད་ཐུབ་རྒྱུ་རེད།
མ་ཟིན། ཨ་ཤོག་ཧན་ཌུ། ཆབ་སྲིད་འགྲེལ་བརྗོད་པ།

རྒྱལ་སྲུང་བློན་ཆེན་ཉི་ཧོང་དུ་ཕྱོགས་ཕེབས་གནང་བ་རྒྱུད་འབྲེལ་ལམ་ཇི་ཟབ་ཏུ་ཕྱིན་པ།

$
0
0

རྒྱལ་སྲུང་བློན་ཆེན་རཱཇ་ནཱཐ་སིང་མཚོག་ཟླ་ ༩ ཚེས་ ༢ ནས་ ༣ བར་ཉི་ཧོང་དུ་ཕྱོགས་ཕེབས་གནང་རྗེས་ཟླ་ཚེས་ ༥ ནས་ ༦ བར་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་རེད། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་ས་བབ་ཐབས་བྱུས་ལ་འགྱུར་བ་འགྲོ་བཞིན་པའི་རྒྱུ་མཚན་ལ་རྟེན་ནས་ཕྱོགས་ཕེབས་གཉིས་ཀ་གནད་འགག་ཆེན་པོ་ཆགས་ཡོད། བློན་ཆེན་མཆོག་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་ཞི་བདེ་དང་བརྟན་ལྷིང་བསྐྲུན་རྒྱུའི་ཆེད་བབ་མཚུངས་བློན་ཆེན་རྣམས་དང་ལྷན་དུ་ཕྱོགས་གཉིས་ཅན་དང་མངའ་ཁུལ་བཅས་ཀྱི་གནད་དོན་རྣམས་ཀྱི་ཐད་ལ་གྲོས་མོལ་དང་བསམ་ཚུལ་བརྗེ་རེས་དོན་སྙིང་ལྡན་པ་གནང་ཡོད།
སྐུ་ཞབས་སིང་མཆོག་གིས་བབ་མཚུངས་བློན་ཆེན་ཏ་ཀེ་ཤི་ཨི་ཝ་ཡ་དང་ལྷན་དུ་རྒྱལ་སྲུང་བློན་ཆེན་རིམ་པའི་ལོ་འཁོར་གྲོས་མོལ་གཅིག་ལྕོག་གཙོ་སྐྱོང་གནང་ཡོད་པ་རེད། གྲོས་མོལ་འདི་བཞིན་རྒྱ་གར་དང་ཉི་ཧོང་གི་དམིགས་བསལ་ཐབས་བྱུས་དང་རྒྱལ་སྤྱི་རིམ་པའི་ཟླ་གྲོགས་བཅས་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་པ་ཞིག་རེད། དབུ་ཁྲིད་གཉིས་ཀས་རྒྱལ་ཁབ་གཉིས་དབར་བདེ་སྲུང་འབྲེལ་ལམ་དང་ཕྱོགས་གཉིས་ཀྱི་རྒྱལ་སྲུང་བཅས་ཤུགས་ཆེ་རུ་གཏང་རྒྱུའི་ཐད་བགྲོ་གླེང་གཞི་རྒྱ་ཆེ་བ་ཞིག་ཀྱང་གནང་ཡོད། སྐུ་ཞབས་སིང་གིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བེ་མཆོག་དང་ལྷན་དུའང་མཇལ་འཕྲད་གནང་ཡོད་པ་རེད། རྒྱལ་སྲུང་ཐད་ལ་མཐུན་པའི་ཆ་མང་རུ་འགྲོ་བཞིན་པ་རྒྱུ་མཚན་དུ་བྱས་ཏེ་རྒྱ་གར་དང་ཉི་ཧོང་གཉིས་ཀས་མཉམ་འདུས་ཐོག་དྲག་དམག་གི་སྡིང་ཆ་ཆེ་གྲས་འཛུགས་བསྐྲུན་བྱ་རྒྱུའི་ཐག་གཅོད་བྱས་ཟིན་པ་རེད། སིང་གི་ཕྱོགས་ཕེབས་རིང་འཚོལ་སྙེགས་ལྟ་བུའི་བྱེ་བྲག་དགོས་འདུན་ཐོག་ལ་བགྲོ་གླེང་གནང་ཡོད།
སིང་མཆོག་ཉི་ཧོང་དུ་ཕྱོགས་ཕེབས་གནང་བའི་དགོས་དོན་གཙོ་བོ་ཞིག་ནི་ཉི་ཧོང་གི་བབ་མཚུངས་བློན་ཆེན་དང་ལྷན་དུ་ཡུན་རིང་ནས་ལྷག་བསྡད་པའི་ US-2 གནམ་གྲུ་ཉི་ཧོང་གིས་རྒྱ་གར་ལ་མཁོ་སྤྲོད་བྱ་རྒྱུའི་གནད་དོན་དེ་ཆགས་ཡོད་པ་རེད། དོན་དངོས་ཐོག ཕྱོགས་གཉིས་ཀྱི་རྒྱལ་སྲུང་མཉམ་ལས་ཁྱོན་ཡོངས་ལ་བསྐྱར་ཞིབ་བྱས་ཡོད། གྲོས་མོལ་རྣམས་ཀྱང་རྒྱ་ནག་གིས་དྲག་པོའི་སྟོབས་ཤུགས་རྒྱ་བསྐྱེད་བཞིན་བཞིན་པའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་གནས་སྟངས་ཁྱོན་ཡོངས་ཐོག་ལ་ཁྱབ་པ་བྱས་ཡོད། རྒྱ་གར་དང་། ཉི་ཧོང་། ཨ་རི་བཅས་གསུམ་ནས་རྒྱལ་ཁབ་གསུམ་པོའི་མཚོ་དམག་དབར་ལ་མཉམ་རུབ་ནུས་པ་ཆེར་སྐྱེད་ཆེད་ལོ་འཁོར་མ་ལ་བྷར་མཚོ་ཁའི་སྦྱོང་བརྡར་བྱེད་བཞིན་ཡོད། ཕྱོགས་གསུམ་ཅན་གྱི་མཚོ་ཁའི་སྦྱོང་བརྡར་མ་ལ་བྷར་དེ་བཞིན་ཟླ་ ༩ པའི་ཟླ་མཇུག་ནས་ཟླ་ ༡༠ འགོ་སྟོད་བར་ཚུགས་རྒྱུ་ཡིན་པ་རེད། ཕྱོགས་ཕེབས་དེ་བཞིན་རྒྱ་གར་དང་པ་ཀི་སི་ཏན་དབར་ལ་ཀ་ཤི་མིར་གྱི་གནད་དོན་ཐོག་འགལ་ཟླ་བྱུང་བཞིན་པའི་སྐབས་ལ་འཁེལ་ཡོད་སྟབས་སྐུ་ཞབས་སིང་གིས་ཉི་ཧོང་གི་དབུ་ཁྲིད་རྣམ་པར་པ་ཀི་སི་ཏན་ཕྱོགས་ནས་ཀ་ཤི་མིར་གྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་བཟོ་ཐབས་བྱེད་བཞིན་པའི་ཐད་གླེང་མོལ་གནང་ཡོད།
རྒྱ་གར་དང་ཉི་ཧོང་གི་བསྒྲགས་གཏམ་དེ་བཞིན་ན་རེནྡྲ་མོ་དྷི་སྲིད་གཞུང་གིས་རྩ་ཁྲིམས་དོན་ཚན་ ༣༧༠ པ་མེད་པ་བཟོ་རྒྱུའི་ཐག་གཅོད་བྱས་པར་པེ་ཅིང་གིས་སྐྱོན་བརྗོད་བྱས་པར་ཡ་ལན་ཆེད་རྒྱ་ནག་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དབང་ཤུགས་ཆེར་བསྐྱེད་བྱེད་བཞིན་པའི་གནས་ཚུལ་དྷི་ལི་གསར་པས་ཐེར་འདོན་བྱས་པའི་ཉིན་ཤས་རྗེས་སུ་ཐོན་ཡོད། ཨ་ཝ་ཡ་དང་ལྷན་དུ་ཕྱོགས་གཉིས་ཀྱི་ཚོགས་འདུ་ཞིག་ཚོགས་པའི་རྗེས་སུ་བཏོན་པའི་སྙན་ཐོའི་ནང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་འཛམ་གླིང་ཁྱོན་ཡོངས་འཕེལ་རྒྱས་ཡོང་བ་བྱེད་པར་རྒམ་གར་དང་ཞི་བདེ་རྒྱ་མཚོའི་ནང་ཞི་བདེ་དང་བརྟན་ལྷིང་དགོས་པ་དང་ཀོ་རི་ཡའི་གླིང་ཕྲན་དང་ལྷོ་རྒྱ་ནག་རྒྱ་མཚོ་ཚུད་པའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ནང་བྱུང་བཞིན་པའི་གནས་སྟངས་ཁ་སངས་གོ་བདེའི་བསམ་ཚུལ་བརྗེ་རེས་བྱེད་པ་བཅས་བྱུང་ཡོད། རྒྱ་གར་དང་ཉི་ཧོང་གི་བསྒྲགས་གཏམ་དེ་བཞིན་མོ་དྷི་སྲིད་གཞུང་གིས་རྩ་ཁྲིམས་དོན་ཚན་ ༣༧༠ པ་མེད་པ་བཟོ་རྒྱུའི་ཐག་གཅོད་བྱས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པའི་ཁ་གཏད་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་པེ་ཅིང་གིས་དབང་ཤུགས་ཆེར་བསྐྱེད་བྱེད་བཞིན་པའི་སྐྱོན་བརྗོད་བྱས་པའི་རྗེས་སུ་བྱུང་ཡོད། སྐུ་ཞབས་སིང་གིས་ཁོང་ལ་ཇམ་མུ་དང་ཀ་ཤི་མིར་རྒྱ་གར་གྱི་ཁ་བྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་དང་རྩ་ཁྲིམས་དོན་ཚན་ ༣༧༠ པ་མེད་པ་བཟོས་པ་དེས་བྱང་ཕྱོགས་མངའ་སྡེ་དེའི་མི་དམངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། ཟླ་འདིའི་ཟླ་མཇུག་ཏུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཟུར་དུ་ཨ་བྷེ་དང་མོ་དྷི་མཇལ་འཕྲད་གནང་རྒྱུ་ཡིན་སྟབས་གསལ་བཤད་འདི་ཉིད་གནད་འགག་ཆེན་པོ་ཆགས་ཡོད་པ་རེད།
མཉམ་འདུས་བསྒྲགས་གཏམ་དེ་བཞིན་དེ་སྔ་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠ ནང་མོ་དྷི་དང་ཨ་བྷེ་རྣམ་གཉིས་ཀྱི་བསྒྲགས་གཏམ་ནང་ཨེ་ཤི་ཡའི་དབུ་ཁྲིད་རྣམ་གཉིས་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་དེ་རང་དབང་དང་གུ་ཡངས་ཅན་ཞིག་བཟོ་རྒྱུའི་ཆེད་ཆོད་སེམས་གཡོ་བ་མེད་པའི་མཉམ་ལས་བྱ་རྒྱུའི་དམ་བཅའ་བཞག་པ་དེར་གཞི་བཅོལ་བ་ཞིག་རེད། ལོ་འདིའི་ལོ་མཇུག་ཏུ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་ཞི་བདེ་དང་འཕེལ་རྒྱས་མཉམ་ལས་མདུན་བསྐྱེད་ཆེད་རྒྱ་ཧར་དང་ཉི་ཧོང་ཧི་ལོ་འཁོར་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་པ་དེའི་སྔ་རོལ་དུ་རྒྱལ་ཁབ་གཉིས་དབར་རྒྱལ་སྲུང་དང་ཕྱི་འབྲེལ་གྱི་གྲོས་མོལ་ (༢+༢) ཞིག་འཚོག་རྒྱུ་ཡིན་པ་རེད།
མ་ཟིན། པོར་ཕེ་སར་རཱ་ཇཱ་རམ་པན་ཌ། ལོག་ས་བའི་ཉམས་ཞིབ་པ། རྒྱ་གར་གྲོས་ཚོགས།

རྒྱ་གར་དང་ཨུ་རུ་སུའི་ཐབས་བྱུས་ཟླ་གྲོགས།

$
0
0

རྒྱ་གར་དང་ཨུ་རུ་སུའི་ལོ་འཁོར་ཚོགས་ཆེན་ཐེངས་ ༢༠ པ་དེ་བཞིན་རྒྱལ་སྤྱིའི་གོ་རིམ་ལ་འགྱུར་བ་འགྲོ་བཞིན་པའི་ཁྲོད་འདིར་ལོ་རྒྱུས་རང་བཞིན་གྱི་ཐབས་བྱུས་ཟླ་གྲོགས་འདི་ལ་ཚོད་འགམ་བྱེད་ས་ཞིག་ཆགས་ཡོད།

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ཝ་ལ་ཌི་ཝོ་སི་ཊོག་ཏུ་ཤར་ཕྱོགས་དཔལ་འབྱོར་ཚོགས་ཆེན་དུ་ཉིན་གྲངས་གཉིས་རིང་ཕྱོགས་གནང་བཞིན་པ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ལྷན་དུ་ལོ་འཁོར་ཚོགས་ཆེན་ཀྱང་ཚུགས་ཡོད་པ་རེད།

དཔལ་འབྱོར་ཚོགས་ཆེན་སྐབས་རྒྱ་གར་གྱི་དཔལ་འབྱོར་འབྲེལ་ལམ་ནང་རྒྱུན་མཐུད་མཐོང་ཐུབ་པའི་ཤར་ཕྱོགས་ལག་བསྟར་སྲིད་བྱས་གསལ་འདོན་བྱས་ཡོད། སྲིད་བློན་མཆོག་གིས་ཐོན་ཁུངས་ལེགས་པའི་མངའ་ཁུལ་དེའི་འཕེལ་རྒྱས་ཆེད་ཨ་སྒོར་ཐེར་འབུམ་ ༡ གི་བུ་ལོན་གཡར་རྒྱུ་གསལ་བསྒྲགས་གནང་ཡོད། སྲིད་བྱུས་འདིའི་ཐོག་ནས་དྷི་ལི་གསར་པས་མངའ་ཁུལ་དེ་དང་ལྷན་དུ་མཉམ་ལས་དང་མ་འཇོག་བྱ་རྒྱུར་ཕན་ཐོགས་ཐུབ་རྒྱུ་རེད། རྒྱ་གར་གྱི་ཕ་ལམ་དང་། རྡོ་སོལ། གསེར་སྔོག་འདོན་བཅས་ཀྱི་ནང་མ་འཇོག་བྱེད་བཞིན་ཡོད།

རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་དེ་བཞིན་མཉམ་ལས་ཀྱི་ཁྱབ་ཁོངས་ཇི་ཡོད་ཚང་མར་ཁྱབ་པའི་ཐོག་ཐུན་མོང་ལ་ཕན་ཐོགས་པའི་རང་བཞིན་གྱི་ཆ་ནས་དམིགས་བསལ་ཞིག་ཆགས་ཡོད། དེའི་ཁར། དཔལ་འབྱོར་དང་འཕེལ་རྒྱས་ཀྱི་གནད་དོན་དང་འབྲེལ་བའི་དཔལ་ཡོན་གྱི་རིན་ཐང་འདྲ་མཚུངས་དང་། དུས་ཚོད་ཀྱིས་ཚོད་འགམ་བྱས་པའི་ཟླ་གྲོགས། ཐུན་མོང་གི་བསམ་ཤེས། ཡིད་ཆེས། ཐུན་མོང་གི་ཁེ་ཕན་བཅས་ཀྱི་ཐོག་ནས་རྒྱ་གར་དང་ཨུ་རུ་སུ་གཉིས་མངའ་ཁུལ་དང་རྒྱལ་སྤྱི་གཉིས་ཀའི་ཆ་ནས་འབྲེལ་ཐག་ཉེ་པོར་སླེབས་ཐུབ་ཡོད། དབུ་ཁྲིད་རྣམ་གཉིས་དབར་བགྲོ་གླེང་གནང་སྐབས་ཀྱི་དོ་སྣང་བྱེད་ས་གཙོ་བོ་ཞིག་ནི་ཤང་གའི་མཉམ་ལས་ཚོགས་པ་ཆགས་ཡོད།

ལོ་འཁོར་ཚོགས་ཆེན་སྐབས་དྷི་ལི་གསར་པས་རྒྱ་གར་གྱི་ནང་ཁུལ་གནས་ཚུལ་དང་འབྲེལ་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་གཅིག་ལ་ཕོག་དུག་བཏང་བ་ཚུད་པའི་རྒྱལ་ཁབ་གཉིས་་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་སྐབས་འདིར་དབུ་ཁྲིད་རྣམ་གཉིས་ནས་རྒྱལ་ཁབ་ཀྱི་སྣེ་ཁྲིད་རྣམ་པ་ལེགས་ཤོས་ཁག་གཅིག་གསལ་འདོན་གནང་ཡོད། ཨུ་རུ་སུས་མཉམ་སྦྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ནས་རྩིས་ཏེ་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་ཏེ་ཨུ་རུ་སུས་རྩ་ཁྲིམས་དོན་ཚན་ ༣༧༠ པ་མེད་པ་བཟོས་པ་དེ་རྒྱ་གར་གྱི་ནང་གནས་ཞིག་རེད་ཅེས་གཤད་ཡོད་པས་སོ།

ལོ་འཁོར་ཚོགས་ཆེན་ཐེངས་ ༢༠ པའི་ཐོག་དབུ་ཁྲིད་རྣམ་གཉིས་ནས་ཚོང་ལས་དང་། རྒྱལ་སྲུང་། མཁའ་དབྱིངས། ནུས་ཤུགས། རྒྱ་མཚོའི་འདབས་འབྲེལ་གྱི་འབྲེལ་མཐུད་ལྟ་བུའི་ཁྱབ་ཁོངས་ཁག་གི་ནང་ཕྱོགས་གཉིས་ཀྱི་མཉམ་ལས་བྱེད་ས་གསར་པ་བཙལ་རྒྱུར་དོ་སྣང་གནང་ཡོད། 

དཔལ་འབྱོར་གྱི་ཐོག་ནས་སྲིད་འཛིན་པུ་ཊིན་གྱིས་སྤྱི་ལོ་ ༢༠༡༨ ལོར་ལོ་འཁོར་ཚོང་འབྲེལ་ཚད་གཞི་ཨ་སྒོར་ཐེར་འབུམ་ ༡༡ ཟིན་པའི་ཐོག་ནས་བརྒྱ་ཆ་ ༡༧ འཕར་ཆ་བྱུང་བ་དེ་འདོད་བློ་ཁེངས་པ་ཞིག་བྱུང་ཚུལ་གསུངས་ཡོད། དབུ་ཁྲིད་རྣམ་གཉིས་ནས་དཔལ་འབྱོར་དང་ཚོང་ལས་འབྲེལ་ལམ་ནང་མུ་མཐུད་འཕེལ་རྒྱས་གཏོང་བའི་རྨང་གཞི་སྟེ་དཔལ་འབྱོར་དང་ཚོང་ལས་མཉམ་ལས་དེ་ཕྱོགས་མང་དང་སྲ་བརྟན་ཞིག་དགོས་པའི་ནན་བརྗོད་གནང་ཡོད། ཨུ་རུ་སུས་རྒྱ་གར་ནང་བཟོས་ཞེས་པའི་ལས་གཞིའི་ནང་མཉམ་བཞུགས་རྒྱ་བསྐྱེད་བྱ་འདོད་ཡོད་མེད་དང་རྒྱ་གར་གྱིས་ཨུ་རུ་སུའི་ལས་འཆར་ཁག་གི་ནང་མ་འཇོག་བྱ་འདོད་ཡོད་མེད་བཅས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད། 

ནུས་ཤུགས་ཁྱབ་ཁོངས་ཀྱི་ཆ་ནས་བཤད་ན། ད་ཡོད་ཀྱི་ནུས་ཤུགས་གྲོས་མཐུན་ལ་བསྔགས་བརྗོད་བྱེད་པའི་ཐོག་ནས་རྒྱ་གར་དང་ཨུ་རུ་སུས་རྒྱ་གར་དང་ཨུ་རུ་སུའི་ནང་སྣུམ་དང་རླང་སྣུམ་གྱི་ཁྱབ་ཁོངས་མཉམ་འདུས་འཕེལ་རྒྱས་དང་ས་བབ་འཚོལ་བསྙེགས་ནང་མཉམ་ལས་མདུན་བསྐྱོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ཁོང་རྣམས་ནས་ཨར་ཊིག་གི་མཚོ་ལམ་རྒྱུད་ནས་ཨུ་རུ་སུ་ནས་རྒྱ་གར་ནང་སྣུམ་མཁོ་གཏོང་རྒྱུན་གནས་ཐུབ་པ་བྱ་རྒྱུའི་མོས་མཐུན་གནང་ཡོད། རྒྱ་གར་གྱིས་ཨུ་རུ་སུ་དང་ལྷན་དུ་ཨར་ཊིག་ནང་མཉམ་ལས་བྱ་རྒྱུའི་འདུན་པ་འཆང་གི་ཡོད། ཕྱོགས་གཉིས་ནས་སྤྱི་ལོ་ ༢༠༡༩ ནས་ ༢༠༢༤ ལོའི་ཆེད་ཀྱི་ཧའི་ཌྲོ་ཀར་བོན་ནང་མཉམ་ལས་བྱ་རྒྱུའི་འཆར་གཞི་ཞིག་ལ་མིང་རྟགས་བཀོད་ཡོད། འབྱུང་འགྱུར་ལོ་ལྔའི་ནང་ནུས་ཤུགས་ཁྱབ་ཁོངས་དེ་མཐོ་ཚད་གསར་པ་ཞིག་ལ་སླེབས་རྒྱུའི་རེ་བ་ཡོད་པ་རེད། ཉིང་རྡུལ་ཁྱབ་ཁོངས་ཀྱི་ནང་འབྱུང་འགྱུར་ལོ་ ༢༠ ནང་ཨུ་རུ་སུའི་འཆར་འགོད་ཅན་གྱི་གློག་ཤུགས་སྡེ་ཚན་ ༡༢ འཛུགས་བསྐྲུན་འཕར་མ་བྱ་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་ལྷོ་བྱ་སྐྱེལ་འདྲེན་རྒྱུད་ལམ་གྱི་སྐོར་ལའང་བགྲོ་གླེང་གནང་ཡོད། ཅེན་ནའི་དང་ཝ་ལ་ཌི་ཝོ་སི་ཊོག་དབར་ལ་འབྲེལ་མཐུད་རྒྱུད་ལམ་གསར་པ་ཞིག་ཕྱེ་རྒྱུ་བྱས་ཡོད་པ་དང་རྒྱུད་ལམ་དེས་དཔལ་འབྱོར་དང་ཚོང་ལས་མ་འཇོག་ལ་ཕན་ཐོག་ཆེན་པོ་ཐུབ་རྒྱུ་ཡིན་པ་རེད།

རྒྱལ་སྲུང་ཁྱབ་ཁོངས་ནང་མདུན་བསྐྱོད་ཆེན་པོ་བྱུང་བ་ཞིག་ནི་ཚན་རྩལ་གནས་སྤོ་དང་མཉམ་འདུས་ལས་འཆར་གྱི་འོག་རྒྱ་གར་གྱིས་ཨུ་རུ་སུའི་དྲག་དམག་གི་ཡོ་ཆས་ཀྱི་ཆ་ཤས་རྣམས་བཟོ་བསྐྲུན་བྱེད་འགོ་འཛུགས་རྒྱུ་རེད། མ་ཟད་གཅིག་ལན་གཅིག་འཇལ་གྱི་དམག་འགུལ་ཐབས་བྱས་རྒྱབ་སྐྱོར་ནང་མཉམ་ལས་ཆེད་སྒྲོམ་གཞི་ཞིག་གྲ་སྒྲིག་བྱ་རྒྱུའི་མོས་མཐུན་གནང་ཡོད། 

མཁའ་དབྱིངས་ཀྱི་ཐད་ནས། རྒྱ་གར་གྱི་གྷ་གྷན་ཡན་མི་བསྐྱོད་ལས་འཆར་གྱི་རྒྱ་གར་མཁའ་དཔྱད་མཁས་པ་རྣམས་ཨུ་རུ་སུར་སྦྱོང་བརྡར་སྤྲད་རྒྱུའི་གསལ་བསྒྲགས་བྱས་ཡོད།

རིག་གཞུང་དང་མིའི་འབྲེལ་ལམ་གྱི་ཐད་ནས། ཨུ་རུ་སུར་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་ཐེངས་ ༡༥༠ པའི་རྟེན་འབྲེལ་ཆེད་དྲན་རྟེན་གྱི་སྦྲགས་རྟགས་ཞིག་གསར་དུ་བཏོན་ཡོད།

ཕྱོགས་ཡོངས་ནས་ཤར་ཕྱོགས་དཔལ་འབྱོར་ཚོགས་ཆེན་ཐེངས་ ༥ པ་དང་ལོ་འཁོར་ཚོགས་ཆེན་དེཌྷའི་ནང་ཤར་ཕྱོགས་ལག་བསྟར་སྲིད་བྱུས་གསར་པ་ངོ་སྤྲོད་བྱས་པ་ཚུད་པའི་ཁྱབ་ཁོངས་ཚང་མར་བདུན་བསྐྱོད་འཕར་མ་ཐུབ་པ་བཅས་ཀྱི་ཐོག་ནས་གྲུབ་འབྲས་ཆེན་པོ་ལྡན་པ་ཞིག་བྱུང་ཡོད།

མ་ཟིན། ཌག་ཌར་ཨིན་དྲ་ནི་ཏ་ལུག་ཌར། ཨུ་རུ་སུའི་ཐོག་ཐབས་བྱུས་དཔྱད་ཞིབ་པ།


རྒྱ་གར་གྱིས་ཤར་ཕྱོགས་ལག་བསྟར་སྲིད་བྱུས་བསྐྱར་དུ་གཙིགས་ཆེར་བཟུང་བ།

$
0
0

 

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ཨུ་རུ་སུར་ཉིན་གྲངས་གཉིས་རིང་གི་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང་ཁོང་གིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བེ་མཆོག་དང་ལྷན་དུ་མཇལ་འཕྲད་ཀྱང་གནང་ཡོད། རྒྱ་གར་ལ་མཚོན་ན་ཉི་ཧོང་དང་ལྷན་དུ་འབྲེལ་ལམ་ཧ་ཅང་ཟབ་མོ་ཡོད་པ་རེད། སྲིད་བློན་རྣམ་གཉིས་ཀྱི་དབར་ལ་སྒེར་གྱི་གྲོགས་པོའི་འབྲེལ་བ་ཞིག་ཀྱང་ཡོད་པ་རེད། རྒྱ་གར་ཕྱི་ལྷན་ཁང་གིས་མཇལ་འཕྲད་དེ་བཞིན་ཧ་ཅང་ལེགས་པོ་བྱུང་ཡོད་ཚུལ་འབྲེལ་བརྗོད་བྱས་ཡོད། 

མཇལ་འཕྲད་དེའི་ཐོག་ཉི་ཧོང་གི་སྲིད་བློན་རྒྱ་གར་དུ་ལོ་འཁོར་ཚོགས་ཆེན་ཆེད་དུ་ཕེབས་རྒྱུའི་ཐད་ལ་དམིགས་བསལ་དོ་སྣང་བྱས་ཡོད། ལོ་འཁོར་ཚོགས་ཆེན་དེ་སྤྱི་ཟླ་ ༡༢ ནང་ཚུགས་རྒྱུ་ཡིན་པ་རེད།

དབུ་ཁྲིད་རྣམ་གཉིས་ནས་བློན་ཆེན་རིམ་པའི་ཚོགས་འདུ་གཉིས་ཐོག་གཉིས་ཏེ། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་དང་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུ་དེ་ལོ་འཁོར་ཚོགས་ཆེན་གྱི་གོང་ལ་འཚོག་ཐུབ་པ་བྱ་རྒྱུར་གྲོས་འཆམ་བྱུང་ཡོད། སྲིད་བློན་ཤིན་ཛོ་ཨ་བེ་མཆོག་ནས་རྒྱལ་སྲུང་བློན་ཆེན་རཱཇ་ནཱཐ་སིང་མཆོག་ཉི་ཧོང་དུ་ཕེབས་གྲུབ་མ་ཐག་པ་དེའི་སྐབས་ལ་རྒྱལ་སྲུང་ཁྱབ་ཁོངས་ནང་མཉམ་ལས་དང་སྤེལ་རེས་མདུན་བསྐྱོད་བྱ་རྒྱུའི་ཐད་ཀྱི་གནད་དོན་གཙོ་གྲས་རྣམས་ཀྱི་ཐོག་ལ་བགྲོ་གླེང་གནང་ཟིན་སྐོར་གསུངས་ཡོད། 

སྲིད་བློན་རྣམ་གཉིས་ནས་བྷུ་ནོ་སི་ཨེར་སི་དང་ཨོ་ས་ཀར་ཚུགས་པའི་སྟབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་གྱི་ཞོར་དུ་ཚུགས་པའི་ཉི་ཧོང་དང་། ཨ་རི། རྒྱ་གར་བཅས་ཕྱོགས་གསུམ་ཅན་གྱི་ཚོགས་འདུ་གཉིས་པར་བཟང་ཕྱོགས་ཀྱི་རྒྱབ་སྐྱོར་གནང་ཡོད། སྲིད་བློན་རྣམ་གཉིས་ནས་རྒྱལ་ཁབ་གསུམ་དབར་ལ་ཚོགས་ཆེན་ཚོགས་པའི་ལམ་སྲོལ་དེ་ངེས་པར་དུ་རྒྱུན་སྐྱོང་བྱེད་དགོས་པའི་ཚོར་སྣང་བྱུང་ཡོད། 

རྒྱ་གར་དང་ཉི་ཧོང་གཉིས་ལ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐད་ལ་བསམ་ཚུལ་གཅིག་མཚུངས་ཡོད་པ་རེད། སྲིད་བློན་ཨ་བེ་མཆོག་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་དེ་གུ་ཡངས་དང་རང་དབང་ཅན་ཞིག་དགོས་སྐོར་གསུངས་ཡོད་པ་དང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེ་བདེ་འཇགས་ལྡན་པ་དང་འཕེལ་རྒྱས་ལྡན་པ་ཞིག་བཟོ་ཆེད་དཔལ་འབྱོར་དང་མིའི་འབྲེལ་ལམ་གཉིས་ཐད་ནང་ཕྱོགས་གཉིས་ཀྱི་མཉམ་ལས་གལ་ཆེ་ཡིན་ཚུལ་གསུངས་ཡོད། 

ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་ ༡༠ ཚུད་པའི་རྒྱལ་ཁབ་ ༡༦ ནས་གྲོས་མོལ་བྱས་པའི་མངའ་ཁུལ་དཔལ་འབྱོར་མཉམ་ལས་གྲོས་མཐུན་ཨར་སི་ཨི་པི་གྱི་ཐོག་ལ་བགྲོ་གླེང་གནང་ཡོད། ཕྱོགས་གཉིས་ནས་གནས་ཚུལ་དེའི་ཐོག་ལ་རང་རང་གི་མཐོང་སྣང་གསུངས་རེས་གནང་ཡོད། སྲིད་བློན་མོ་དྷི་མཆོག་གིས་དངོས་ཟོག་ཚོང་ལས་དང་ཞབས་ཞུའི་ཚོང་ལས་གཉིས་ཀའི་ནང་གི་ཁེ་ཕན་གྱི་གནད་དོན་ཁག་གཅིག་ཡོད་པ་དེ་བྱེ་བྲག་ཏུ་སྨོས་ནས་མངའ་ཁུལ་གྱི་ཚོང་ལས་གྲོས་མཐུན་ཅི་འདྲ་ཞིག་བཞག་སྐབས་ཁེ་ཕན་གྱི་གནད་དོན་དེ་སེམས་ལ་བཞག་དགོས་པ་དང་དེ་ལྟར་བྱུང་ཚེ་གྲོས་མཐུན་འདིའི་ཕྱོགས་ཀུན་ལ་བདེ་སྣང་གི་ཆ་ཞིག་ཡོང་ངེས་རེད་ཅེས་བཤད་ཡོད། 

སྐུ་ཞབས་མོ་དྷི་མཆོག་གིས་མ་ལེ་ཤི་ཡའི་སྲིད་བློན་ཌག་ཌར་མ་ཧ་དིར་མོ་ཧ་མད་དང་ལྷན་དུ་མཇལ་འཕྲད་ཅིག་ཀྱང་གནང་ཡོད། རྒྱ་གར་སྲིད་བློན་མཆོག་གིས་ཌག་ཌར་མ་ཧ་དིར་ལ་འོས་འདེམས་རྒྱལ་ཁ་ཐོབ་པ་དེ་ལོ་རྒྱུས་རང་བཞིན་ཞིག་ཡིན་པ་དང་རྒྱ་གར་ངོས་ནས་མ་ལེ་ཤི་ཡ་དང་ལྷན་དུ་ལས་ཀ་བྱ་རྒྱུའི་འདུན་པ་ཡོད་ཅེས་གསུངས་ཡོད།

གྲོས་མོལ་རྣམས་ཕྱོགས་གཉིས་ཀྱི་རིམ་པའི་ཐོག་ནས་གནང་ཡོད། སྲིད་བློན་མ་ཧ་དིར་མཆོག་ནས་རྒྱལ་ཁབ་གཉིས་དབར་ལ་ཚོང་ལས་ཤུགས་ཆེ་རུ་འགྲོ་བཞིན་པར་བསྔགས་བརྗོད་ཞུས་ཡོད་ཀྱང་ཚོང་ལས་ནང་མ་ལེ་ཤི་ཡར་ཁེ་ཕན་ཆེ་བ་ཡོད་པ་དང་ཁོང་གིས་སྲིད་བློན་མོ་དྷི་མཆོག་ལ་ང་ཚོས་ཚོང་ལས་འདི་མུ་མཐུད་འཕེལ་རྒྱས་གཏོང་བ་དང་ཆབས་གཅིག་མ་ལེ་ཤི་ཡ་ཕྱོགས་ནས་ཕྱོགས་གཉིས་ནས་ཚོང་ལས་འཁོད་སྙོམས་བཟོ་ཐབས་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་ཡོད། ཁོང་གིས་མ་ལེ་ཤི་ཡས་རྒྱ་གར་ནས་ནང་འདྲེན་སྔར་བ་མང་བ་བྱ་རྒྱུར་བསམ་གཞིགས་བྱ་རྒྱུ་དང་དེ་ལྟར་བྱུང་ན་རྒྱ་གར་གྱིས་མ་ལེ་ཤི་ཡར་ཕྱིར་ཚོང་འཕེལ་རྒྱས་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད།

འཛིན་སྐྱོང་ཚུལ་ལྡན་དང་སྤྱི་ཚོགས་དཔལ་འབྱོར་དྲང་སྙོམས་བཟོ་ཐབས་ཆེད་རྒྱ་གར་གྱི་མངའ་སྡེ་ཇམ་མུ་དང་ཀ་ཤི་མིར་བསྐྱར་སྒྲིག་བྱས་པ་དེའི་རྒྱབ་ལྗོངས་རྒྱུ་མཚན་ཡང་དག་རྣམས་མ་ལེ་ཤི་ཡར་འགྲེལ་བརྗོད་གནང་ཡོད། དབུ་ཁྲིད་རྣམ་གཉིས་ནས་འཇིགས་སྐུལ་རིང་ལུགས་ཀྱི་གཉའ་གནོན་ཤུགས་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ཕྱོགས་གཉིས་ནས་གདོང་ལེན་འབད་བརྩོན་བཅས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད། སྲིད་བློན་མ་ཧ་དིར་མཆོག་ནས་དཀའ་ངལ་འདི་བཞིན་ད་ཆ་རྒྱལ་སྤྱིའི་དཀའ་ངལ་ཞིག་ཡིན་པ་དང་མ་ལེ་ཤི་ཡས་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་ཅི་རུང་ལ་ངོས་ལེན་མེད་ཚུལ་གསུངས་ཡོད། 

རྒྱ་གར་སྲིད་བློན་མཆོག་གིས་སོག་པའི་སྲིད་འཛིན་ཀལ་མ་གྷིན་བྷ་ཏུལ་གྷ་མཆོག་དང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་དེ་ཧ་ཅང་ལེགས་པོ་བྱུང་ཡོད། སྲིད་འཛིན་བྷ་ཏུལ་གྷ་མཆོག་ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་འཆར་ཡོད་པ་རེད། གྲུབ་འབྲས་མང་དག་ཅིག་གི་ཐོག་ལ་བགྲོ་གླེང་གནང་ཡོད། 

རྒྱུ་གར་གྱིས་བུན་གཡར་རོགས་སྐྱོར་ཐོག་ནས་སོག་པོའི་སྣུམ་གྱི་དགོས་མཁོ་བཀོང་ཕྱིར་སོག་པོར་སྣུམ་ཚགས་འདོན་གྱི་སྡེ་ཚན་ཆེ་གྲས་ཤིག་འཛུགས་བསྐྲུན་བྱ་རྒྱུར་རོགས་སྐྱོར་བྱེད་བཞིན་པ་ཚུད་པའི་ལས་འཆར་ཁག་ཅིག་གི་ཐོག་ལ་བགྲོ་གླེང་གནང་ཡོད། 

རིག་གཞུང་དང་ཆོས་དད་ཀྱི་འབྲེལ་ལམ་ཚུད་པའི་མི་དང་མིའི་གནད་དོན་མང་དག་ཅིག་གི་ཐོག་ལ་བགྲོ་གླེང་གནང་ཡོད། སོག་པོའི་སྲིད་འཛིན་མཆོག་གིས་ཁོང་ཉིད་དྷི་ལི་དང་བྷེང་ལོར་དུ་ཕེབས་པའི་ཐོག་རྡོ་རྗེ་གདན་དུའང་ཆིབས་བསྒྱུར་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད། 

མ་ཟིན། པ་དམ་སིང་། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་དཔྱད་ཞིབ་པ།

དངུལ་ཁང་ནས་དངུལ་གཡར་ཚད་མཐོ་རུ་གཏོང་ཐབས་ཆེད་རྒྱ་གར་དངུལ་ཁང་ཨ་མས་རེ་པོ་ཚད་གཞི་དང་འཁོར་རྒྱུག་བུ་ལོན་ཚད་གཞི་འབྲེལ་བ་བཟོས་པ.

$
0
0

རྒྱ་གར་དངུལ་ཁང་ཨ་མའི་ཐག་གཅོད་གསར་ཤོས་ཤིག་གི་ནང་སྤྱི་ཟླ་ ༡༠ ཚེས་ ༡ ནས་སྒེར་དང་ཚོང་ལས་ཆུང་འབྲིང་བཅས་ནང་གི་འཁོར་རྒྱུག་ཚག་གཞིའི་བུ་ལོན་རྣམས་རེ་པོ་ཚད་གཞི་དང་འབྲེལ་མཐུད་བྱ་རྒྱུ་བྱས་ཡོད་པ་དེས་དངུལ་ཁང་ནས་དངུལ་གཡར་མཁན་རྣམས་ལ་དཀའ་ངལ་ཆེན་པོ་ཞིག་སེལ་ཡོད་པ་རེད། རེ་པོ་ཚད་གཞི་ཞེས་པ་ནི་ཚོང་ལས་དངུལ་ཁང་རྣམས་ཀྱིས་རྒྱ་གར་དངུལ་ཁང་ཨ་མ་ནས་དངུལ་གཡར་བའི་གཡར་ཚད་དེ་ལ་གོ་ཡི་ཡོད། འདི་ཉིད་དགོས་པ་ཆེན་པོ་ཆགས་དོན་ནི་ཨེ་པེག་སི་དངུལ་ཁང་རྣམས་ནས་བུན་གཡར་སྲིད་བྱུས་ཚད་གཞི་ནམ་གཅོག་ལ་དངུལ་ཁང་རྣམས་ནས་གློ་བུར་དུ་བུན་གཡར་ཚད་གཞི་གཅོག་འདོད་བྱེད་ཀྱི་མེད་པ་རེད།

མུམ་བྷེ་རུ་འཚོགས་པའི་མ་དངུལ་སྲིད་བྱུས་ཚོགས་འདུའི་ཐོག་རྒྱ་གར་སྤྱི་ཁྱབ་དངུལ་ཁང་ནས་དངུལ་ཁང་རྣམས་ལ་དངུལ་གཡར་པོ་བཏང་བའི་གོང་ཚད་དམ་ཡང་ན་རེ་པོ་གོང་ཚད་ཅེས་པ་དེ་དེ་སྔ་སྐར་གྲངས་ ༢༥ ཡི་ཚད་གཞི་ནས་བརྒྱ་གར་ གི་ཚད་གཞི་བར་གཅོག་ཆ་བྱས་ཡོད། ད་རེས་ཀྱི་གཅོག་ཆ་འདི་བཞིན་སྲིད་སྐྱོང་གསར་པ་ཤག་ཏི་ཀན་ཏ་དཱ་སིའི་དབུ་ཁྲིད་འོག་ཟླ་ ནང་གློ་བུར་དུ་གཅོག་ཆ་ཞིག་བྱས་པའི་རྗེས་སུ་བསྟུད་མར་གཅོག་ཆ་བྱེད་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ད་རེས་ཀྱི་གཅོག་ཆ་འདི་བཞིན་བཟོ་ལས་དང་ཕྱི་ཚོང་འཕེལ་རྒྱས་ཁྲོད་དུ་དཔལ་འབྱོར་འཕེལ་རྒྱས་ཉམ་དམའ་རུ་འགྲོ་བཞིན་པར་གདོང་ལེན་ཆེད་དུ་ཡིན་པ་རེད། མ་དངུལ་སྲིད་བྱུས་ཚོགས་ཆུང་གིས་བཏང་སྙོམས་ལངས་ཕྱོགས་ཤིག་བཟུང་རྒྱུའི་ཐག་གཅོད་བྱས་པ་དེའི་རྒྱུ་མཚན་ནི་སྲིད་བྱུས་རིན་གོང་སྙོམས་སྒྲིག་བྱ་རྒྱུ་ཡིན་པ་རེད། སྡེབ་ཚོང་རིན་གོང་འཕར་བཞིན་པའི་སྐབས་འདིར་རྒྱ་གར་སྤྱི་ཁྱབ་དངུལ་ཁང་གི་སྲིད་བྱུས་བཟོ་འགོད་དེ་ཟླ་ ནང་བརྒྱ་ཆ་.༥༧ གྱི་ཐོག་ནས་འདས་པའི་ཟླ་ངོ་བཞི་ལས་ཚད་མཐོ་བ་བྱུང་ཡོད་པ་རེད། དེ་ལྟར་ཀྱང་རྒྱ་གར་སྤྱི་ཁྱབ་དངུལ་ཁང་གི་བརྒྱ་ཆ་ ཡི་དམིགས་ཡུལ་ལས་དམའ་བར་གནས་ཡོད།

རྒྱ་གར་སྤྱི་ཁྱབ་དངུལ་ཁང་གིས་ད་ལྟའི་དངུལ་རྩིས་ལོའི་འཕེལ་རྒྱས་ཚོད་དཔག་ཚད་གཞི་དེ་ཟླ་ པའི་ཚོད་དཔག་ཚད་གཞི་བརྒྱ་ཆ་. ལས་དམའ་བ་སྟེ་བརྒྱ་ཆ་ . བར་གཅོག་ཆ་བྱས་ཡོད། ཟླ་ པའི་སྲིད་བྱུས་ནང་སྤྱི་ལོ་ ༢༠༡༩༢༠ ལོའི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་འཕེལ་རྒྱས་དེ་བརྒྱ་ཆ་ . ལ་ཚོད་དཔག་བྱས་པ་དྲན་གསོ་བྱེད་ཀྱི་ཡོད། ཐོན་སྐྱེད་དང་དངོས་ཟོག་ནང་འདྲེན་དལ་པོར་གྱུར་བ་ནས་མངོན་པ་ལྟར་རྒྱལ་ནང་མ་འཇོག་བྱེད་སྒོ་དལ་པོར་གྱུར་བཞིན་པའི་སྔོན་རྟགས་ཤིག་ཐོན་གྱི་ཡོད། རྒྱལ་སྤྱིའི་དཔལ་འབྱོར་ཁྲོད་འཕེལ་རྒྱས་ཆ་སྙོམས་ཤིག་ཆགས་པ་དེས་རྒྱ་གར་གྱི་ཕྱིར་ཚོང་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། འོན་ཀྱང་། བཟང་ཕྱོགས་ནས་ལྟས་ན། ཉོ་ཚོང་ཁྱབ་ཁོངས་ལ་མ་དངུལ་འཁོར་རྒྱུག་སྔར་བས་ཚད་མཐོ་བ་དེས་དཔལ་འབྱོར་བྱེད་སྒོར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡོད་པ་རེད། སྒེར་གྱི་སྤྱོད་སྒོ་དེ་རྒྱུན་མཐུད་བརྟན་པོར་གནས་པ་དེ་བཞིན་གྲོང་གསེབ་ཁུལ་གི་ནང་མི་དམངས་ཀྱི་སྤྱོད་གཏོང་ནས་ལྡབ་འཕར་ཡོང་རྒྱུའི་རེ་བ་ཡོད་པ་དང་དཔྱ་ཁྲལ་གྱི་ཁེ་ཕན་ལ་རྟེན་ནས་ཁྱིམ་པ་རྣམས་ཀྱི་ཡོང་འབབ་འཕར་ཆ་ཡོད་བའི་རེ་བ་ཡོད་པ་རེད། ཚོང་ལས་མངོན་འདོད་རྣམས་ཀྱང་མུ་མཐུད་རེ་ལྟོས་བཟང་པོར་གནས་ཡོད། བཟང་ཕྱོགས་ཀྱི་རྒྱུ་རྐྱེན་འདི་དག་ཚང་མར་བསམ་གཞིགས་བྱེད་པའི་ཐོག་ནས་སྤྱི་ལོ་༢༠༡༩༢༠ ལོའི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་དེ་བརྒྱ་ཆ་ . ལཚོད་དཔག་བྱས་ཡོད།

དེ་དང་ཆབས་གཅིག་རྒྱ་གར་སྤྱི་ཁྱབ་དངུལ་ཁང་གིས་ཡར་རྒྱས་དང་འགྲོ་ལུགས་ཀྱི་སྲིད་བྱུས་འཆར་ཟིན་ཞིག་བཟོས་ཡོད། དེས་ན། ཆེས་མཐོའི་ཁྲིམས་ཁང་གིས་གཟའ་འཁོར་སྔ་མར་ཁྲིམས་ཐག་བཅས་པའི་རྗེས་སུ་རྒྱ་གར་སྤྱི་ཁྱབ་དངུལ་ཁང་གི་སྲིད་སྐྱོང་གིས་སྤྱི་ཁྱབ་དངུལ་ཁང་ནས་དངུལ་ཁང་རྣམས་ལ་བེད་སྤྱོད་མེད་པའི་རྒྱུ་དངོས་རྣམས་ཐག་གཅོད་ཇི་ལྟར་བྱེད་ལུགས་ཀྱི་ལམ་སྟོན་གསར་པ་ཞིག་གནང་རྒྱུ་ཡིན་པའི་གསལ་བཤད་བྱས་ཡོད། རྒྱ་གར་སྤྱི་ཁྱབ་དངུལ་ཁང་གིས་དངུལ་བུན་བཏང་མཁན་རྣམས་ལ་ཟླ་དྲུག་ནང་ཚུད་ལ་མ་དངུལ་ལོག་སྤྱོད་བྱེད་མཁན་རྣམས་ཁྲིམས་རར་བཙུད་ཐུབ་པ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

མ་ཟིནཇི་སི་རི་ན་ཝ་སན། དཔལ་འབྱོར་གསར་འགོད་པ་རྒན་པ།

 

པ་ཀི་སི་ཏན་སླར་ཡང་ཅི་བྱ་གཏོལ་མེད་དུ་གྱུར་བ།

$
0
0

ཀ་ཤི་མིར་གྱི་གནད་དོན་ཐོག་པ་ཀི་སི་ཏན་གྱིས་རང་ཉིད་ངོས་འཛིན་མ་ཐུབ་པར་ལུས་ཡོད། རྒྱ་གར་གྱིས་ཇམ་མུ་དང་ཀ་ཤི་མིར་མངའ་སྡེའི་དམིགས་བསལ་གནས་བབ་མེད་པ་བཟོས་པའི་ཐག་གཅོད་ཐོག་ལ་པ་ཀི་སི་ཏན་གྱིས་རྒྱལ་སྤྱིའི་དོ་སྣང་འདྲེན་ཐབས་ཡོད་ཚད་བྱེད་བཞིན་ཡོད་པ་རེད། དྷི་ལི་གསར་པའི་ངོས་ནས་ཐག་གཅོད་དེ་བཞིན་རྒྱ་གར་གྱི་ནང་གནས་ཞིག་ཡིན་པ་གསལ་པོ་བརྗོད་ཡོད། རྒྱ་གར་གྱིས་རང་གི་ལངས་ཕྱོགས་གསལ་འདོན་བྱས་པར་གྲུབ་འབྲས་ཐོན་ཡོད། རྒྱ་གར་གྱི་ཐག་གཅོད་དེར་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཁས་ལེན་བྱས་ཡོད་པ་རེད།

འོན་ཀྱང་། པ་ཀི་སི་ཏན་འདོད་བློ་ཁེངས་མེད་པ་རེད། ད་ཆ་པ་ཀི་སི་ཏན་རང་ཉིད་ཀྱི་བློ་ཐག་ཉེ་བའི་མཐུན་གྲོགས་རྣམས་ཀྱིས་ཀྱང་ཁེར་རྐྱང་དུ་ཟུར་འབུད་བྱེད་བཞིན་ཡོད། གཟའ་འཁོར་སྔ་མར། པ་ཀི་སི་ཏན་གྱི་སྲིད་བློན་དང་དམག་དྲག་ཆས་དམག་གི་འགོ་དཔོན་གཉིས་ནས་སའོ་དི་ཨ་རཱ་བྷི་ཡ་དང་ཨུ་ཨེ་ཨི་ཡི་ཕྱི་སྲིད་བློན་ཆེན་གདན་ཞུ་བྱས་ཡོད། འབྲེལ་ལམ་བྱེད་སྟངས་ཀྱི་ཚད་གཞི་མཐོ་ས་ཞིག་ནས་བཤད་ན་ཕྱོགས་ཕེབས་གནང་བའི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱིས་གནང་བ་དེ་པ་ཀི་སི་ཏན་གྱི་སྐད་ཆར་ངང་རྒྱུད་རིང་པོའི་ཐོག་ནས་ཉན་འཇོག་བྱས་པ་ཙམ་ཞིག་རེད། 

དེའི་རྗེས་སུ་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་ཤཧ་མོ་ཧ་མད་ཁུ་ར་ཤི་ཡིས། ང་ཚོའི་རེ་བར་རྒྱལ་ཁབ་གཉིས་ཐད་ནས་ང་ཚོ་བློ་ཕམ་དུ་མ་འཇུག་པའི་རེ་བ་ཡོད། རྒྱལ་ཁབ་གཉིས་ཀའི་བློན་ཆེན་ནས་ང་ཚོའི་ལངས་ཕྱོགས་ལ་ཉན་འཇོག་གནང་སོང་ཞེས་བཤད་ཡོད། 

མཇལ་འཕྲད་དེའི་ཐོག་ནས་བསྒྲགས་གཏམ་དོན་སྨིན་ཞིག་ཡོང་ཐབས་མེད་ལ་སུ་ཞིག་གིས་ཀྱང་རེ་བ་དེ་ཙམ་བྱས་མེད། འོན་ཀྱང་། པ་ཀི་སི་ཏན་གྱི་དཔྱད་ཞིབ་པ་ཚོས་མཇལ་འཕྲད་དེ་བཞིན་ཆ་བྱད་ཙམ་ཞིག་ལས་གང་ཡང་མིན་ཚུལ་བཤད་ཡོད། པ་ཀི་སི་ཏན་གྱིས་སའོ་དི་ཨ་རཱ་བྷི་ཡ་དང་ཡུ་ཨེ་ཨི་ལྷན་དུ་འབྲེལ་ལམ་བྱས་ཐུབ་ཡོད་ཚུལ་བཤད་ཡོད། ཇི་ལྟར་ཀྱང་། ཨ་རབ་རྒྱལ་ཁབ་གལ་ཆེན་གཉི་ནས་ལངས་ཕྱོགས་གཡོ་བ་མེད་པར་བསྡད་ཡོད་པ་དེས་ཨི་སི་ལམ་མ་བྷད་ཡི་བྱ་སྤྱོད་ལ་ལམ་ལྷོང་མ་བྱུང་བ་མཚོན་གྱི་ཡོད། མཇལ་འཕྲད་དེ་རྒྱུད་ནས་པ་ཀི་སི་ཏན་གྱི་གསར་འགྱུར་རྒྱུད་ལམ་ནང་བསམ་ཚུལ་སྣ་ཚོགས་ཤིག་བྱུང་ཡོད། 

པ་ཀི་སི་ཏན་གྱི་བསམ་སྦྱོར་ངན་པའི་བྱ་སྤྱོད་དེའི་འགན་ཁག་པ་ཀི་སི་ཏན་རང་ཉིད་ཁོ་ནར་ཡོད། པ་ཀི་སི་ཏན་དེ་ཉིད་འབྱོར་ལྡན་ཨ་རབ་རྒྱལ་ཁབ་ཁག་ནས་རོགས་སྐྱོར་ཐོབ་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པ་རེད། ན་ནིང་ལོར། རི་ཡད་དང་ཨ་བུ་ད་བྷི་གཉིས་སོ་སོ་ནས་པ་ཀི་སི་ཏན་ལ་ཨ་སྒོར་ཐེར་འབུམ་ ༦ བྱུང་ཡོད་པ་རེད། སའོ་དི་ཡིས་དེ་གར་གནས་སྡོད་བྱེད་མཁན་པ་ཀི་སི་ཏན་མི་རིགས་རྣམས་ལ་དངུལ་པོ་ཞེས་འབོད་ཀྱི་ཡོད། འོན་ཀྱང་གྷལ་ཕ་རྒྱལ་ཁབ་ཕལ་ཆེ་བའི་ནང་གནས་སྡོད་བྱེད་མཁན་རྒྱ་གར་བ་རྣམས་སྒྱུར་རྩལ་དང་། ཤེས་ཡོན། མ་འོང་སྔོན་དྲན། ཐབས་བྱུས་ཤེས་བྱ་བཅས་ཀྱི་མིང་གྲགས་ལྡན་པ་ཞིག་ཡོད་པ་རེད། རྒྱ་གར་མི་རིགས་རྣམས་ནས་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ལེགས་སྐྱེས་ཕུལ་བ་ཡོངས་གྲགས་རེད། 

སྤྱི་ལོ་ ༢༠༡༦ ལོར། སའོ་དི་ཨ་རཱ་བྷི་ཡའི་རྒྱལ་པོ་སལ་མན་གྱིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ལ་རྒྱལ་ཁབ་དེའི་གཟེངས་རྟགས་ཆེ་ཤོས་དེ་ཕུལ་ཡོད། སའོ་དི་ཡི་ཁྲི་གསོལ་རྒྱལ་སྲས་མོ་ཧ་མད་བྷིན་སལ་མ་མཆོག་གིས་སྤྱི་ལོ་ ༢༠༢༡ ཚུན་དུ་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་ ༡༠༠ མ་འཇོག་བྱ་རྒྱུའི་དམ་བཅའ་བཞག་ཡོད། འདི་ལོའི་ལོ་སྟོད་དུ་ཁོང་གིས་པ་ཀི་སི་ཏན་ནང་ཨ་སྒོར་ཐེར་འབུམ་ ༢༠ མ་འཇོག་བྱ་རྒྱུའི་ཁས་ལེན་གནང་ཡོད། འདིའི་ཐོག་ནས་ཨ་རབ་རྒྱལ་ཁབ་རྣམས་ནས་མི་དམངས་ལ་ཕན་ཐོགས་ཡོད་པའི་འབྲེལ་ལམ་འཕེལ་རྒྱས་གཏོང་རྒྱུའི་འདོད་པ་བྱེད་པ་ལས་ཆོས་ལུགས་ལ་འབྲེལ་བ་མེད་པ་གསལ་པོ་སྟོན་གྱི་ཡོད། པ་ཀི་སི་ཏན་དང་སའོ་དི་ཨ་རཱ་བྷི་ཡའི་དབར་གྱི་ཚོང་འབྲེལ་དེ་སྤྱི་ལོ་ ༢༠༡༧-༡༨ ནང་ཨ་སྒོར་ཐེར་འབུམ་ ༧.༥ ཡིན་པ་དང་རྒྱ་གར་དང་སའོ་དི་ཡི་ལོ་དེ་གའི་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་ ༢༧.༥ ཆགས་ཡོད། 

ཡུ་ཨེ་ཨི་ཡིས་པ་ཀི་སི་ཏན་ལ་དོ་སྣང་དེ་བས་ཆུང་བ་བྱས་ཡོད། རྒྱ་གར་བཅའ་བཞུགས་ཡུ་ཨེ་ཨི་ཡི་གཞུང་ཚབ་ཆེན་མོ་ཨཧ་མད་ཨལ་བྷ་ན་མཆོག་གིས་རྒྱ་གར་གྱི་བྱེད་སྟངས་དེ་འཛིན་སྐྱོང་ནང་ཚུད་ཀྱི་གནས་ཚུལ་ཞིག་ཡིན་པ་དང་ཞི་བདེ་དང་བརྟན་ལྷིང་མུ་མཐུད་ཆེ་རུ་གཏོང་ཐབས་ཤིན་ཡིན་སྐོར་གསུངས་ཡོད། གཟའ་འཁོར་ཁ་ཤས་རྗེས་སུ་ཡུ་ཨེ་ཨི་ཡིས་སྲིད་བློན་མོ་དྷི་མཆོག་ལ་གཟེངས་རྟགས་ཆེ་ཤོས་དེ་ཕུལ་ཡོད་པ་རེད། དེར་རྟན་བྱ་སྤྱོད་དེས་པ་ཀི་སི་ཏན་ཡི་མ་རངས་པར་གྱུར་ནས་གྲོས་ཚོགས་གོང་མའི་ཚོགས་གཙོ་ས་ཌིཁ་སན་ཇ་ར་ནི་ཡུ་ཨེ་ཨི་རུ་ཕེབས་རྒྱུ་མཚམས་འཇོག་བྱས་ཡོད། 

པ་ཀི་སི་ཏན་གྱི་འགྲེལ་བརྗོད་པ་རྣམས་ནས་སྣུམ་ཕྱུག་པོ་ཡོད་པའི་ཨ་རབ་རྒྱལ་ཁབ་རྣམས་ནས་རྒྱ་གར་ལ་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་དང་། པ་ཀི་སི་ཏན་གྱི་སྲང་ལམ་ནང་ཡོད་པའི་མི་དམངས་ཀྱིས་པ་ཀི་སི་ཏན་དབུ་ཁྲིད་རྣམས་ནས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་བ་རྣམས་བསམ་བློའི་སློབ་སྦྱོང་ཁུལ་ཁག་ཏུ་བརྫངས་བཞིན་པའི་ཐད་ལ་སྐད་ཆ་མ་བཤད་པའི་རྒྱུ་མཚན་དྲིས་བཞིན་ཡོད་པ་རེད། འོན་ཀྱང་། ཁོ་ཚོས་རྒྱ་ནག་དང་པ་ཀི་སི་ཏན་གྱིས་དཔལ་འབྱོར་རྒྱུད་ལམ་དེ་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་པ་ཤེས་ཀྱི་ཡོད། པ་ཀི་སི་ཏན་གྱིས་ཐ་ན་ཡེ་མན་ནང་དམར་གསོད་དང་གཏོར་བཅོམ་བྱུང་བར་སྐད་ཆ་གང་ཡང་བཤད་མེད། པ་ཀི་སི་ཏན་གྱི་དམག་སྒྲིག་དང་མི་དམངས་ལ་རོགས་རམ་ཞུ་བའི་འདོད་པ་དེས་ལོ་ངོ་བཅུ་ཕྲག་མང་པོའི་རིང་གཞན་གྱི་ཁེ་ཕན་བསྒྲུབ་དགོས་པའི་གནས་སྟངས་ཤིག་ལ་གྱར་ཡོད། 

དཔྱད་ཞིབ་པ་རྣམས་ཀྱི་ཚོར་སྣང་ལྟར་ན་པ་ཀི་སི་ཏན་གྱིས་ཨ་རབ་རྒྱལ་ཁབ་རྣམས་ནས་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དེ་ལྐུགས་པའི་ངང་ཚུལ་ཞིག་ཡིན་པ་ཚོར་གྱི་ཡོད། ཨི་སི་ལམ་རྒྱལ་ཁབ་རྣམས་ནས་པ་ཀི་སི་ཏན་གྱི་བྱེད་སྟངས་ར་འཕྲོད་ཐུབ་ཟིན་པ་རེད། རང་བཙན་ཐོབ་ནས་ལོ་ ༧༢ སོང་བའི་ནང་སྔར་གྱི་བྱེད་སྟངས་དེ་ལ་འགྱུར་བ་གང་ཡང་གཏང་མེད་པ་རེད། ཁྱིམ་མཚེས་རྒྱལ་ཁབ་རྣམས་འཕེལ་རྒྱས་ཕྱིན་པ་ན་ཨི་སི་ལམ་མ་བྷད་དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་རོགས་རམ་ལ་རྟེན་ནས་འཚོ་བ་དང་འཇིགས་སྐུལ་རིང་ལུགས་ཕྱིར་འཚོང་བྱེད་མཁན་ཞིག་ཆགས་ནས་བསྡད་ཡོད། དོན་དངོས་ཐོག་དེའི་ཐོག་ནས་རྒྱལ་སྤྱིའི་ཁྲོད་ཀྱི་གནས་བབ་ཞན་དུ་བཏང་ཡོད། པ་ཀི་སི་ཏན་གྱིས་གནས་ཚུལ་འདི་ར་འཕྲོད་དགོས་པའི་དུས་ལ་བབ་ཟིན་པ་དང་དེ་ཚོད་ཀྱི་ལག་བསྟར་དགོས་པའི་དུས་སུ་སླེབས་ཡོད། 

མ་ཟིན། ཀོ་ཤིག་རོའི། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་དཔྱད་ཞིབ་པ།

 

 

ཨི་རན་གྱིས་ཉིང་རྡུལ་གྲོས་མཐུན་གྱི་ཁས་ལེན་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ།

$
0
0

ཨི་རན་གྱིས་སྤྱི་ལོ་ ༢༠༡༥ ལོར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་དང་ལྷན་དུ་གྲོས་འཆམ་བྱུང་བའི་ཉིང་རྡུལ་གྲོས་མཐུན་གྱི་ཁས་ལེན་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད། ཐག་གཅོད་དེའི་རྒྱབ་ལྔོངས་རྒྱུ་མཚན་ནི་ཡོ་རོབ་སྤྱི་མཐུན་ནས་ཉིང་རྡུལ་གྲོས་མཐུན་གྱི་ཁས་ལེན་ལ་མ་གནས་པར་རྟེན་ཨི་རན་ངོས་ནས་ཀྱང་དེ་ལྟར་བྱེད་དགོས་པ་ཆགས་ཡོད་པ་དེ་རེད། ཨ་རིས་ཉིང་རྡུལ་གྲོས་མཐུན་ནས་རང་ཐག་རང་གཅོད་ཀྱིས་ཕྱིར་འཐེན་བྱས་པ་ནས་བཟུང་ཨི་རན་དང་ཡོ་རོབ་སྤྱི་མཐུན་གཉིས་ནས་ཉིང་རྡུལ་གྲོས་མཐུན་རྒྱུན་གནས་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད་པ་ནི། ཡོ་རོབ་སྤྱི་མཐུན་ནས་ཉིང་རྡུལ་གྲོས་མཐུན་འོག་ཨི་རན་ལ་དཔལ་འབྱོར་ཁེ་ཕན་གྱི་ཁས་ལེན་ཡོང་བ་བྱ་རྒྱུ་དང་། ཨི་རན་ངོས་ནས་ཉིང་རྡུལ་གྲོས་མཐུན་གྱི་ཁས་ལེན་ལ་མུ་མཐུད་གནས་རྒྱུ་བཅས་བྱས་ཡོད་པ་རེད།

ཨི་རན་གྱི་ཉིང་རྡུལ་ནུས་ཤུགས་ཚོགས་པའི་དབུ་འཛིན་ཨ་ལི་ཨག་བྷར་ས་ལེ་ཧི་ཡིས་ཐག་གཅོད་དེའི་རྒྱབ་ལྔོངས་རྒྱུ་མཚན་གསལ་བཤད་བྱས་ཡོད། ཌག་ཌར་ས་ལེ་ཧི་ཡིས་གསུངས་པར་གཞིགས་ན་ཡོ་རོབ་སྤྱི་མཐུན་ནས་རང་བབ་ཀྱི་ཁས་ལེན་ལ་མ་གནས་པར་རྟེན་ཨི་རན་ལ་གྲོས་མཐུན་གྱི་ཁས་ལེན་ཕྱིར་འཐེན་བྱེད་པའི་ཐོབ་ཐང་ཡོད་པ་རེད། ཁོང་གིས། ཡོ་རོབ་སྤྱི་མཐུན་ནས་ཨ་རིའི་ཉེས་ཆས་འོག་ནས་བཀག་བསྡོམས་བྱས་པའི་ཨི་རན་གྱི་ཕྱི་རྒྱལ་ཚོང་འབྲེལ་སླར་གསོ་བྱས་མ་ཐུབ་པར་རྟེན་ཨི་རན་གྱིས་རང་བབ་ཀྱི་གྲོས་མཐུན་ཁས་ལེན་ནས་ཕྱིར་འཐེན་བྱ་རྒྱུ་ཐག་བཅད་པ་ཡིན་ཞེས་གསུངས་ཡོད། 

ཨི་རན་གྱི་གསར་འགྱུར་ལས་ཁང་གིས་གཟའ་འཁོར་སྔ་མར་གནས་ཚུལ་སྤེལ་བའི་ནང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཇ་ཝད་ཛ་རིཕ་ཡིས་ཡོ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་སྲིད་བྱུས་དབུ་འཛིན་ལ་ཕྱག་བྲིས་ཤིག་ཕུལ་ཏེ་ཨི་རན་གྱིས་ཉིང་རྡུལ་ཉམས་ཞིབ་དང་འཕེལ་རྒྱས་བྱེད་སྒོ་ཁག་ཚད་བཀག་བཟོ་རྒྱུ་ཁས་བླངས་པ་དེ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱས་ཡོད། ཇི་ལྟར་ཀྱང་། ཐབས་ལམ་གསར་པ་དེ་དག་ IAEA ཡི་ལྟ་ཞིབ་འོག་ལ་གནས་རྒྱུ་ཡིན་སྟབས་ཞི་འཇམ་ཡོང་རྒྱུ་དང་གལ་ཏེ་ཡོ་རོབ་སྤྱི་མཐུན་ནས་རང་གི་ཁས་ལེན་དོན་འཁྱོལ་བྱེད་ཚེ་ཨི་རན་ངོས་ནས་ཀྱང་ཐག་གཅོད་དེ་མེད་པ་བཟོ་ཆོག་པ་ཞིག་རེད།

ཇི་ལྟར་ཀྱང་། ཉེ་ཆར་ཨི་རན་གྱིས་ཉིང་རྡུལ་གྲོས་མཐུན་གྱི་ཁས་ལེན་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་དེས་ཉིང་རྡུལ་གྲོས་མཐུན་མཇུག་རྫོགས་པ་ཞིག་ལ་ལྟ་མི་རུང་། དེ་ལས་ལྡོག་ཏེ། ཨི་རན་གྱིས་དཔལ་འབྱོར་གྱི་ཁེ་ཕན་རྣམས་གང་མགྱོགས་ཐོབ་ཐབས་སུ་ཡོ་རོབ་སྤྱི་མཐུན་ལ་གནོན་ཤུགས་སྤྲད་པ་ཞིག་ལ་ལྟ་དགོས། དོན་དངོས་ཐོག ཕ་རན་སིས་འགོ་ཁྲིད་པའི་ཡོ་རོབ་སྤྱི་མཐུན་གྱིས་ཉིང་རྡུལ་གྲོས་མཐུན་རྒྱུན་གནས་ཐུབ་ཐབས་བྱེད་བཞིན་ཡོད་པ་དང་དེའི་དཔང་རྟགས་ནི་ཟླ་སྔ་མར་ཕ་རན་སིའི་ནང་སྟོབས་ཆེན་རྒྱལ་ཁབ་ ༧ གྱི་ཚོགས་ཆེན་འཚོགས་སྐབས་གསལ་པོ་ཆགས་ཡོད། ཕ་རན་སིའི་སྲིད་འཛིན་ཨི་མ་ནུལ་མེ་ཀྲོན་གྱི་མགྲོན་འབོད་འོག་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཧ་ཝད་ཛ་རིཕ་བྷྱ་རིཛ་རུ་ཕེབས་གནང་ཡོད་པ་དང་སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་ཀྱང་མཉམ་བཞུགས་ཡོད་པ་རེད། ཕ་རན་སིའི་སྲིད་འཛིན་གྱི་འབད་བརྩོན་དེའི་ཐོག་ནས་ཨ་རི་དང་ཨི་རན་དབར་ལ་དངོས་སུ་གྲོས་མོལ་བྱེད་ཐུབ་པ་ཞིག་བྱུང་མེད་ཀྱང་གྲོས་མཐུན་དེ་སོར་གནས་ཆེད་དེ་སྔ་བྱུང་མ་མྱོང་བའི་འབད་བརྩོན་ཞིག་ཆགས་ཡོད་པ་རེད། 

ཨ་རི་དང་ཨི་རན་དབར་གྱི་འགལ་ཟླ་དེ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ཤིག་གི་ནང་དང་པར་ཤི་ཡའི་གྷལ་ཕ་ནང་མེ་སྒྱོགས་མི་སྣ་འཛིན་བཟུང་བྱེད་པ་དང་འབྲེལ་བའི་གནད་དོན་ལ་རྟེན་ནས་གནས་སྟགས་ཇི་ཞན་དུ་འགྲོ་བཞིན་པར་རྟེན་གནས་སྟངས་དེ་མེད་པ་བཟོ་ཕྱིར་ཕྱོགས་ཚང་མས་བསམ་པ་རྣམ་དག་གིས་འབད་བརྩོན་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཨ་རིས་ད་བར་ཨི་རན་ལ་གནོན་ཤུགས་ཇི་ཆེ་སྤྲོད་རྒྱུའི་སྲིད་བྱུས་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་དང་ཨ་རིའི་འཛིན་སྐྱོང་འདིའི་སྲིད་བྱུས་འོག་རྒྱལ་ཁབ་སུ་ཞིག་གིས་ཨི་རན་ནས་སྣུམ་ཉོ་ཚོང་བྱེད་ཚེ་རྒྱལ་ཁབ་དེ་ཉེས་ཆས་བཀལ་རྒྱུ་ཡིན་པ་རེད། ཇི་ལྟར་ཀྱང་། སྲིད་བྱུས་འདི་བཞིན་ཨི་རན་གྱི་ཉིང་རྡུལ་གྲོས་མཐུན་གྱི་རྨང་གཞིའི་ཆ་རྐྱེན་དང་འགལ་གྱི་ཡོད། སྔོན་འགྲོའི་ཆ་རྐྱེན་ནང་ཨི་རན་ངོས་ནས་ཉིང་རྡུལ་ལས་གཞི་མཚམས་འཇོག་བྱ་རྒྱུའི་ཁས་ལེན་གྱི་དོད་དུ་ཁོ་ཚོར་དཔལ་འབྱོར་གྱི་ཁེ་ཕན་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པ་རེད། ཨ་རིས་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ཨི་རན་ལ་ཉེས་ཆས་བཀལ་རྒྱུ་བྱས་པར་རྟེན་རྩོད་གཞི་འདི་ཐོན་པ་དང་རྩོད་གཞི་འདི་བཞིན་ད་བར་ཡོ་རོབ་སྤྱི་མཐུན་ནས་སེལ་ཐབས་བྱེད་བཞིན་པ་དེ་ཆགས་ཡོད། 

ཨི་རན་དེ་བཞིན་རྒྱ་གར་གྱི་ནུས་ཤུགས་ཡོང་ཁུངས་གལ་ཆེན་ཞིག་ཡིན་སྟབས་རྒྱ་གར་གྱིས་འགྱུར་གྲོས་དེ་དག་ལ་གཟབ་ནན་ཆེན་པོས་དོ་སྣང་བྱེད་བཞིན་ཡོད། ཨི་རན་དེ་རྒྱ་གར་གྱི་རྒྱ་བསྐྱེད་ཁྱིམ་མཚེས་ཁོངས་སུ་ཡང་ཚུད་ཀྱི་ཡོད་པ་དང་དེར་རྟེན་མངའ་ཁུལ་དེར་ཞི་བདེ་དང་བརྟེན་ལྷིང་དགོས་རྒྱུ་དེ་རྒྱ་གར་ལ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་རེད། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ནས་ཨི་རན་གྱི་ཉིང་རྡུལ་རྩོད་རྙོག་དེ་བསམ་པ་གཅིག་མཐུན་ཐོག་གང་མགྱོགས་ཐག་གཅོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། 

མ་ཟིན། ཌག་ཌར་ཨ་སིཕ་ཤུ་ཇ། ཨི་རན་ཐོག་ཐབས་བྱུས་དཔྱད་ཞིབ་པ།

ལྷོ་ཨེ་ཤི་ཡའི་ནང་གི་ཐོག་མར་གྱུར་བའི་རྒྱ་གར་དང་བལ་ཡུལ་གྱི་རྡོ་སྣུམ་སྦུག་ལམ་དབུ་འབྱེད་བྱས།

$
0
0

རྒྱ་གར་དང་བལ་ཡུལ་གྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གྲུབ་འབྲས་གསར་པ་ཞིག་ཐོན་པ་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་མཉམ་འདུས་ཐོག་བརྙན་ལམ་ཚོགས་འདུ་རྒྱུད་ནས་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་མོ་ཏི་ཧ་རི་ནས་བལ་ཡུལ་གྱི་ཨམ་ལེག་གྷུན་ཇ་བར་རྡོ་སྣུམ་གྱི་སྦུག་ལམ་དབུ་འབྱེད་བྱས་ཡོད། ཀི་ལོ་མི་ཊར་ ༦༩ ཡོད་པའི་སྦུག་ལམ་དེ་ནས་ཀི་ལོ་མི་ཊར་ ༣༢.༧ རྒྱ་གར་ནང་འཁེལ་གྱི་ཡོད་པ་དང་ཀི་ལོ་མི་ཊར་ ༣༧.༢་བལ་ཡུལ་ནང་འཁེལ་གྱི་ཡོད་པ་རེད། སྦུག་ལམ་དེ་རྒྱུད་ནས་བལ་ཡུལ་མི་དམངས་ལ་ལོ་རྒྱུད་ཆད་རྡོ་སྣུམ་ཊོན་ས་ཡ་ ༢ རེ་ཆད་མེད་མཁོ་གཏོང་བྱ་རྒྱུ་ཡིན་པ་རེད།

སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་སྦུག་ལམ་འདི་བཞིན་རྒྱ་གར་དང་བལ་ཡུལ་དབར་གྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཟབ་མོ་ཡོད་པའི་མཚོན་དོན་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་བ་དང་སྦྲགས་མོ་ཏི་ཧ་རི་ནས་ཨམ་ལེག་གྷུན་ཇ་བར་གྱི་སྦུག་ལམ་འདིས་མངའ་ཁུལ་གྱི་ནུས་ཤུགས་བདེ་འཇགས་ཤུགས་ཆེ་རུ་གཏོང་རྒྱུ་དང་སྐྱེལ་འདྲེན་གྱི་འགྲོ་གྲོན་ཉུང་འཕྲི་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཚུལ་གསུངས་ཡོད། ཆེས་མཐོའི་ཆབ་སྲིད་དཔོན་རིགས་དབར་རྒྱུན་གཏན་དུ་སྤེལ་རེས་བྱས་པའི་རྨང་གཞིའི་ཐོག་ནས་རྒྱ་གར་དང་བལ་ཡུལ་གྱི་ཟླ་གྲོགས་རྒྱ་བསྐྱེད་བྱ་རྒྱུའི་ཆེད་ཀྱི་ཕྱི་ཐག་རིང་བའི་ལས་འཆར་ཞིག་བྱུང་ཡོད་ཅེས་གསུངས་ཡོད། སྐུ་ཞབས་མོ་དྷིས་དྷི་ལི་གསར་པ་ནས་ལས་འཆར་དབུ་འབྱེད་གནང་བ་དང་སྦྲགས་ཁྱབ་ཁོངས་སྣ་ཚོགས་ནང་རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་གཉིས་ཀྱི་འབེལ་ལམ་རྣམས་མུ་མཏུད་གཏིང་ཇི་ཟབ་དང་རྒྱ་ཇི་ཆེར་གཏོང་བའི་གདེང་ཚོད་ཡོད་པ་དང་རྒྱ་གར་ངོས་ནས་ཧི་མ་ལ་ཡའི་རྒྱལ་ཁབ་དེའི་འཕེལ་རྒྱས་འབད་བརྩོན་ལ་རྒྱབ་སྐྱོང་བྱ་རྒྱུའི་ཆོད་སེམས་བསྐྱར་ཟློས་གནང་ཡོད། 

ནལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་ཡིས་ཀ་ཐ་མན་ཌུ་རུ་སྦུག་ལམ་དབུ་འབྱེད་ཐོག་གཏམ་བཤད་གནང་བའི་ནང་སྦུག་ལམ་ལས་འཆར་དེ་བཞིན་ཚོང་ལས་དང་། སྐྱེལ་འདྲེན། རྨང་གཞི་བཅས་ཀྱི་དཔེ་མཚོན་ལེགས་ཤོས་ཤིག་ཡིན་ཚུལ་འགྲེལ་བརྗོད་གནང་ཡོད། ཁོང་གིས། ཆབ་སྲིད་ཆོད་སེམས་བརྟན་པོ་ཡོད་པའི་རྒྱབ་རྟེན་འོག་རྒྱ་གར་དང་བལ་ཡུལ་གཉིས་ལ་རང་གི་མི་དམངས་ཆེད་འཕེལ་རྒྱས་དང་། གྲུབ་འབྲས། བདེ་སྐྱིད་བཅས་བསྐྲུན་རྒྱུའི་འཆར་སྣང་ཡོད་སྐོར་བཤད་ཡོད། སྐུ་ཞབས་ཨོ་ལི་ཡིས་བལ་ཡུལ་ནང་པེ་ཊྲོལ་དང་ཌི་ཛལ་སོ་སོར་ལི་ཊར་རེ་ནས་བལ་སྒོར་ ༢ རེ་གཅོག་ཆ་བྱ་རྒྱུ་གསལ་བསྒྲགས་བྱས་པ་དེས་བལ་ཡུལ་མི་དམངས་ཀྱི་དཀའ་ངལ་ཆེན་པོ་ཞིག་སེལ་ཡོད། ཁོང་གིས། རྒྱ་གར་ནས་བལ་ཡུལ་ལ་སྦུག་ལམ་རྒྱུད་ནས་སྣུམ་མཁོ་གཏོང་བྱེད་པ་དེས་འགྲོ་གྲོན་སྲི་ཚགས་ཐུབ་པ་དང་།་དུས་ཚོད་མི་འགོར་བ། གཞུང་ལམ་ཐོག་འཚང་ག་ཉུང་དུ་འགྲོ་རྒྱུ། རྡོ་སྣུམ་ཐོན་རྫས་སྐྱེལ་འདྲེན་བྱེད་མཁན་རླང་འཁོར་གྱིས་བཟོས་པའི་རླུང་ཁམས་སྦག་བཙོག་ཉུང་འཕྲི་ཡོང་རྒྱུ་བཅས་ཡིན་སྐོར་གསུངས་ཡོད།་

སྤྱི་ལོ་ ༡༩༧༣ ལོ་ནས་བཟུང་བལ་ཡུལ་གྱིས་སྣུམ་གྱི་དགོས་མཁོ་ཡོངས་རྫོགས་རྒྱ་གར་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་ད་བར་གྱི་ལམ་སྲོལ་ནང་སྣུམ་གྱི་ཐོབ་རྫས་སྐྱེལ་འདྲེན་ཆེད་རླང་འཁོར་ཁོ་ན་བེད་སྤྱོད་བྱས་ཡོད། རྒྱ་གར་གྱི་སྣུམ་མཉམ་ལས་ཚོགས་པས་བལ་ཡུལ་གྱི་སྣུམ་མཉམ་ལས་ཚོགས་པ་དང་ལྷན་དུ་སྤྱི་ལོ་ ༢༠༡༧ ལོར་སྤྱི་ལོ་ ༢༠༢༢ བར་ལོ་ལྔ་མུ་མཐུད་སྣུམ་མཁོ་གཏོང་བྱ་རྒྱུའི་གྲོས་མཐུན་བསྐྱར་གསོ་བྱས་ཡོད།

སྤྱི་ལོ་ ༡༩༩༦ ལོར་ཆེས་ཐོག་མ་དགོས་འདུན་བཏོན་པ་ནས་བཟུང་མོ་ཏི་ཧ་རི་ནས་ཨམ་ལེག་གྷུན་ཇ་དབར་གྱི་སྦུག་ལམ་ལས་འཆར་དེ་ལོ་མང་རིང་རྒྱ་ཡན་དུ་བཏང་ནས་ལྷག་ཡོད། སྤྱི་ལོ་ ༢༠༡༤ ལོར་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་བལ་ཡུལ་དུ་ཕྱོགས་ཕེབས་གནང་བའི་རྗེས་ནས་ལས་འཆར་དེ་མངོན་འགྱུར་ཆགས་པ་རེད། ལས་འཆར་ལག་བསྟར་བྱ་ཆེད་རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་ཀམ་པ་ནིའི་དབར་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༩ ནང་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་རེད། ལས་འཆར་དེའི་རྨང་རྡོ་ཡང་ན་ནིང་ལོར་སྐུ་ཞབས་ཨོ་ལི་དྷི་ལི་གསར་པར་ཕེབས་སྐབས་དྷི་ལི་གསར་པའི་ཧའི་དྲ་བྷད་ཁང་ཆེན་ནང་སྐུ་ཞབས་མོ་དྷི་དང་སྐུ་ཞབས་ཨོ་་ལི་རྣམ་གཉིས་ནས་རྒྱང་ཆོད་ཚོད་འཛིན་རྒྱུད་ནས་བཏིང་གནང་ཡོད་པ་རེད། 

ལས་འཆར་དེ་བཞིན་ཟླ་བ་ ༣༠ ནང་ལེགས་གྲུབ་བྱ་རྒྱུའི་འཆར་གཞི་བྱས་ཡོད་ཀྱང་ཕྱོགས་གཉིས་ཀྱི་ལས་བྱེད་པའི་ལྷོད་མེད་འབད་བརྩོན་ལ་རྟེན་ནས་སྔོན་དཔག་བྱས་པའི་དུས་ཚོད་ལས་ཟླ་བ་ ༡༥ ཙམ་གྱིས་སྔོན་ལ་ཚར་བ་དེ་རྒྱ་གར་གྱིས་བལ་ཡུལ་ནང་སྤེལ་བའི་ལས་འཆར་ཁྲོད་དུ་ཟིན་ཐོ་གསར་པ་ཞིག་ཆགས་ཡོད། འདིའི་ཐོག་ནས་བལ་ཡུལ་ནང་རྒྱ་གར་གྱིས་རོགས་སྐྱོར་བྱས་པའི་ལས་འཆར་རྣམས་ལག་ལེན་ནར་འགྱངས་བྱས་ནས་འགྲོ་གྲོན་སོགས་འཕར་མ་བཟོ་བ་སོགས་ཀྱི་ལབ་གླེང་བྱུང་བཞིན་པ་དེ་མེད་པ་བཟོ་རྒྱུར་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་ནས་ད་ཡོད་ཀྱི་ལས་འཆར་རྣམས་ལ་བསྐྱར་ཞིབ་ཆེད་རྒྱུན་དུ་ཆེས་མཐོ་རིམ་གྱི་ཚོགས་འདུ་བསྐོང་ཚོགས་གནང་བཞིན་ཡོད། ཟླ་སྔོན་མ་ཁོ་ནར་རྒྱ་གར་དང་བལ་ཡུལ་གྱི་མཉམ་འདུས་ཚོགས་འདུ་ཀ་ཐ་མན་ཌུ་རུ་འཚོགས་ཡོད་པ་དང་ཚོགས་འདུ་དེ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ནས་གཙོ་སྐྱོང་གནང་ཡོད། ཚོགས་འདུ་དེའི་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྱོན་ཡོངས་ལ་བསྐྱར་ཞིབ་གནང་བ་དང་། མཉམ་ལས་ཁྱབ་ཁོངས་གསར་པ་ངོས་འཛིན་པ། ད་ལྟ་འགྲོ་བཞིན་པའི་ལས་འཆར་རྣམས་ཀྱི་འཕེལ་རྒྱས་ལ་བསྐྱར་ཞིབ་གནང་བ་བཅས་བྱས་ཡོད། སྲིད་བློན་རྣམ་པ་གཉིས་ཀས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ནང་འཕེལ་རྒྱས་བྱུང་བར་བློ་ཡིད་འཚིམ་པོ་བྱུང་ཚུལ་གསུངས་ཡོད། སྐུ་ཞབས་ཨི་ལི་ཡིས་རྒྱ་གར་ལ་བལ་ཡུལ་ནང་སྤྱི་ལོ་ ༢༠༡༥ ལོའི་ས་ཡོམས་གོད་ཆག་འོག་གནོད་འཚེ་ཕོག་མཁན་མི་དམངས་རྣམས་ལ་སྡོད་ཁང་ ༥༠,༠༠༠ གསར་རྒྱག་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། 

མ་ཟིན། ར་ཏན་སད་ལི། ཆབ་སྲིད་འགྲེལ་བརྗོད་པ།

མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༤༢ པའི་ཐོག་རྒྱ་གར་གྱི་ཤུགས་ཆེའི་ལངས་ཕྱོགས།

$
0
0

མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ལ་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་ཤའ་མེཧ་མུད་ཁེ་རེ་ཤི་ཡིས་ཀ་ཤི་མིར་གྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བསྒྱུར་ཐབས་བྱས་ཀྱང་གྲུབ་འབྲས་སོན་མེད། འཐུས་ཚབ་རྒྱལ་ཁབ་ ༤༧ ཡོད་པ་ནས་རྒྱལ་ཁབ་ ༢༤ ཡི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང་འབད་བརྩོན་དེ་ལྟར་བྱས་མིན་ལ་ལྟོས་པར་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྫ་དྲག་བགྲོ་གླེང་ཡོང་བའི་རེ་སྐུལ་བྱ་རྒྱུར་ཡང་རྒྱབ་སྐྱོར་ཐོབ་མེད་པ་རེད། ཚོགས་ཐུན་གྱི་མགོ་མཇུག་བར་གསུམ་གང་གི་སྐབས་སུའང་བགྲོ་གླེང་གི་རེ་སྐུལ་ཞུས་ཆོག་གི་ཡོད་པ་དང་ཀ་ཤི་མིར་ཐོག་ལ་གྲོས་ཆོད་འཇོག་རྒྱུའི་རེ་སྐུལ་ཞུ་བའི་དུས་ཚོད་མཐའ་མ་དེ་སྤྱི་ཟླ་ ༩ ཚེས་ ༡༩ ཡིན་པ་རེད། རྒྱ་གར་གྱིས་གནད་དོན་དེར་གལ་འགང་མ་བཟུང་བ་མཚོན་ཆེད་དུ་ཇེ་ནི་ཝར་སྐུ་ཚབ་བློན་ཆེན་ཆེད་གཏོང་བྱ་རྒྱུ་མིན་པ་རེད། ཇི་ལྟར་ཀྱང་པ་ཀི་སི་ཏན་གྱི་སྐད་ཆ་དེ་དག་གཞི་མེད་སྐྱོན་འཛུགས་ཁོ་ན་ཡིན་ཚུལ་གསུངས་ཡོད། 

ཤཧ་མཧ་མུད་ཁུ་རེ་ཤི་ཡིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཚུལ་བཤད་ནས་ཀ་ཤི་མིར་གྱི་གནད་དོན་གླེང་སློང་བྱ་ཐབས་བྱས་པ་དང་མཉམ་སྦྲེལ་རྒྱལ་ཚོགས་ནས་མཉམ་འདུས་ཞིབ་དཔྱོད་གནང་དགོས་པའི་དགོས་འདུན་བཏོན་ཡོད། རྒྱ་གར་གྱིས་ཀ་ཤི་མིར་གྱི་གནད་དོན་དེ་རྒྱ་གར་གྱི་ནང་གནས་ཤིག་ཡིན་པ་དང་དམ་དྲག་བྱས་པ་དེ་བཞིན་མི་དམངས་རྣམས་ས་མཚམས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ལས་སྲུང་སྐྱོབ་བྱ་ཆེད་དུ་ཡིན་ཚུལ་བཤད་ནས་པ་ཀི་སི་ཏན་ལ་དགག་ཆ་བྱས་ཡོད། རྒྱ་གར་སྐུ་ཚབ་རྣམས་ནས་པ་ཀི་སི་ཏན་ལ་ལན་སློག་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏང་མཁན་ཚབས་ཆེ་ཤོས་དེ་འཇིགས་སྐུལ་རིང་ལུགས་ཡིན་པ་དང་ལྷན་ཚོགས་ཀྱི་འཐུས་ཚབ་རྣམས་ནས་དེ་ལྟའི་འཇིགས་སྐུལ་བྱ་སྤྱོད་ཐོག་ལ་བཀའ་མོལ་གནང་རྒྱུའི་སྐུལ་མ་ཞུས་ཡོད། 

རྒྱ་གར་གྱི་སྐུ་ཚབ་ལྕམ་ཝི་ཇེ་ཐ་ཀུར་སིང་མཆོག་གིས་སྣེ་ཁྲིད་ཡོད་པ་དང་ཁོང་དང་ལྷན་དུ་ཨ་ཇེ་བྷིར་ལ་དང་པ་ཀི་སི་ཏན་བཅའ་བཞུགས་རྒྱ་གར་སྐུ་ཚབ་ཟུར་པ་དང་ཇེ་ནི་ཝའི་ནང་མཉམ་སྦྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཏན་འཇགས་སྐུ་ཚབ་རཱ་ཇིཝ་ཆན་ཌར་བཅས་ཡོད་པ་རེད། ལྕམ་སིང་མཆོག་གིས་པ་ཀི་སི་ཏན་ལ་ལན་སློག་པའི་ཐོག་ནས་འདི་ན་ཡོད་པའི་སྐུ་ཚབ་ཚོགས་པ་གཅིག་གིས་ངའི་རྒྱལ་ཁབ་ལ་གཞི་མེད་སྐྱོན་འཛུགས་བྱེད་པ་བྱེད་ཀྱི་འདུག མ་བདེན་བརྫུན་སྒྲིག་གི་འཆལ་གཏམ་འདི་དག་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ལྟེ་བ་ནས་ཐོན་བཞིན་ཡོད་པ་འཛམ་གླིང་ཀུན་གྱིས་མཁྱེན་གསལ་རེད། ལྟེ་བའི་ཁུལ་དེར་འཇིགས་སྐུལ་བའི་འགོ་གཙོ་རྣམས་བདག་ཉར་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་འདིས་ས་མཚམས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱེད་བཞིན་ཡོད་ཅེས་གསུངས་ཡོད། རྒྱ་གར་སྐུ་ཚབ་རྣམས་ནས་པ་ཀི་སི་ཏན་ནང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏང་བཞིན་པ་དང་ས་མཚམས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་དེ་པ་ཀི་སི་ཏན་ནས་ཐོན་བཞིན་ཡོད་པ་གསལ་འདོན་གནང་ཡོད། 

སྟབས་འཁེལ་བའི་གནས་ཚུལ་གཉིས་ཀྱི་ཐོག་ནས་རྒྱ་གར་གྱི་ལངས་ཕྱོགས་བརྟན་པོ་ཆགས་ཡོད་པ་ནི། ཐོག་མར་པ་ཀི་སི་ཏན་ཏེཧ་རིག་ཨི་ཨིན་སཕ་ཚོགས་པའི་གྱི་གྲོས་ཚོགས་འཐུས་མི་ཟུར་པ་རྒྱ་གར་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པ་དང་བྷལ་ཌེཝ་སིང་གིས་བཤད་པའི་སྐད་ཆ་སྟེ། ཁོང་གིས་གསར་འགྱུར་རྒྱུད་ལམ་ཐོག་བཤད་པའི་སྐད་ཆའི་ནང་པ་ཀི་སི་ཏན་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་གསལ་འདོན་གནང་ཡོད་པ་དང་ཆབས་གཅིག་པ་ཀི་སི་ཏན་ནང་སྡུག་སྦྱོང་མྱོང་མཁན་དེ་ཧིན་དུ་དང་སིཁ་ཙམ་མ་ཡིན་པར་ཐ་ན་ཁ་ཆེ་བ་རྣམས་ལའང་བདེ་འཇགས་མེད་པ་རེད་ཅེས་གསུངས་ཡོད། གཉིས་པ། འཛམ་གླིང་སིན་དི་ཀོང་རེ་སིས་སིན་དི་དང་། བྷ་ལོ་ཆི་སི་ཏན། ཁེ་བྷར་པག་ཏུན་ཝ་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་བ་འཛམ་གླིང་གི་དོ་སྣང་འདྲེན་ཐབས་ཆེད་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁང་ཕྱི་ལ་ངོ་རྒོལ་བྱས་པ་དེ་ཆགས་ཡོད། 

མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་མ་ཚོགས་པའི་གོང་ཙམ་ལ་ཀ་ཤི་མིར་ནང་རྒྱ་གར་ལ་དམག་འཐབ་བྱ་ཆེད་འཇིགས་སྐུལ་རིང་ལུགས་པ་རྣམས་ལ་སྐུལ་ཅག་ཆེད་ཇེཤ་ཨི་མོ་ཧ་མད་ཚོགས་པའི་འགོ་གཙོ་མ་སུད་ཨ་ཛར་གློང་གྲོལ་བཏང་བའི་གནས་ཚུལ་ཞིག་ཐོན་ཡོད། པ་ཀི་སི་ཏན་གྱིས་གོ་གཉིས་ཆོད་ཀྱི་ཐབས་བྱུས་ཤིག་བེད་སྤྱོད་བྱ་འདོད་བྱས་ཡོད། དང་པོ། རཱ་ཇ་སི་ཏན་དང་སེལ་ཀོཊ་མངའ་ཁོངས་སུ་དམག་དཔུང་སྒྲིག་འཛུགས་བྱ་རྒྱུ་དང་། གཉིས་པ་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་མ་ཚུགས་གོང་ལ་ཇམ་མུ་དང་ཀ་ཤི་མིར་ནང་ལྐོག་འཛུལ་ཤུགས་ཆེ་རུ་གཏང་རྒྱུ་དེ་ཡིན་པ་རེད། ད་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་པ་ཀི་སི་ཏན་གྱི་སྐད་ཆར་འདྲི་རྩད་བྱས་ཡོད། 

མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་པ་ཀི་སི་ཏན་ལ་གྲུབ་འབྲས་མ་སོན་པ་དང་པ་ཀི་སི་ཏན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱུན་མཐུད་རྒྱབ་སྐྱོར་བྱེད་པ་བཅས་ལ་རྟེན་ནས་སྤྱི་ཟླ་ ༩ ཚེས་ ༢༧ ཉིན་སྐུ་ཞབས་ཨིམ་རན་ཁན་གྱིས་མཉམ་སྦྲེལ་རྒྱལ་ཚོགས་སུ་གཏམ་བཤད་གནང་སྐབས་པ་ཀི་སི་ཏན་གྱི་ལངས་ཕྱོགས་ཤུགས་ཆེན་པོ་མེད་པ་བཟོ་སྲིད་པ་རེད། པ་ཀི་སི་ཏན་གྱིས་སྡིང་ཆ་ཡོད་ཚད་ཐོག་ལ་སྐད་ཅོར་རྒྱག་བཞིན་པ་ན་རྒྱ་གར་གྱིས་ཞི་འཇམ་ངང་ཀ་ཤི་མིར་གྱི་ཐག་གཅོད་ཐད་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད། ཇི་ལྟར་ཀྱང་། པ་ཀི་སི་ཏན་ལ་གྲུབ་འབྲས་སོན་མེད་ལ་མ་ལྟོས་པར་ཁོ་ཚོས་གཞི་མེད་མེད་སྐྱོན་བརྗོད་ཁྱབ་སྤེལ་བྱེད་པའི་ཐོག་ནས་ཀ་ཤི་མིར་གྱི་གནད་དོན་ཚབས་ཆེ་རུ་གཏོང་ཐབས་མུ་མཐུད་བྱ་རྒྱུ་དང་དྲག་སྤྱོད་པའི་ཚོགས་པ་བསྐྱར་གསོ་བྱ་རྒྱུ་རེད། རྒྱ་གར་གྱི་ཁ་གཏད་གྲ་སྒྲིག་བྱེད་དགོས་པ་དང་སྤྱི་ཟླ་ ༡༠ ནང་དཔལ་འབྱོར་ལག་བསྟར་ལས་དོན་ཚོགས་པའི་ཚོགས་འདུ་མ་འཚོག་གོང་ལ་གོ་སྐབས་འདི་བེད་སྤྱད་ནས་པ་ཀི་སི་ཏན་དེ་ཉིད་ཐོ་གཞུང་ནག་པོའི་ནང་བཙུད་ཐབས་བྱེད་དགོས་པ་རེད།

མ་ཟིན། ཌག་ཌར་ཛེ་ནབ་ཨག་ཏར། པ་ཀི་སི་ཏན་ཐོག་ཐབས་བྱུས་དཔྱད་ཞིབ་པ།

རྒྱ་གར་གྱིས་ཤར་ཕྱོགས་འབྲེལ་ལམ་གཏིང་ཟབ་ཏུ་བཏང་བ།

$
0
0

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཌག་ཌར་ཇེ་ཤན་ཀར་མཆོག་གིས་ལས་འཁུར་བླངས་པའི་རྗེས་སུ་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་དུ་ཆེས་ཐོག་མའི་ཕྱོགས་ཕེབས་གནང་ས་དེ་ཞིན་ཌོ་ནེ་ཤི་ཡ་དང་སིང་ག་པོར་ཆགས་ཡོད།

ཁོང་ཉིད་ལྷོ་ཤར་ཨེ་ཤི་ཡར་ཕྱོགས་ཕེབས་གནང་ས་དང་པོ་དེ་ཨིན་ཌོ་ནེ་ཤི་ཡ་ཡིན་པ་དང་རྒྱལ་ཁབ་དེའི་བབ་མཚུངས་བློན་ཆེན་རེཏ་ནོ་མར་སུ་ཌི་དང་ལྷན་དུ་གྲོས་མོལ་གནང་ཡོད། མཇལ་འཕྲད་གནང་ས་གལ་ཆེ་བ་གཞན་ཞིག་ནི་རྒྱ་མཚོའི་འདབས་འབྲེལ་གྱི་འབྲེལ་མཐུད་བློན་ཆེན་དང་དམག་དཔོན་ཟུར་པ་ལུ་ཧུད་བྷིན་སར་པན་ཇེ་ཏན་ཡིན་པ་རེད། བློན་ཆེན་རྣམ་གཉིས་ནས་རྒྱ་གར་གྱི་ཨན་ད་མན་དང་ནི་ཀོ་བྷར་མཚོ་གླིང་དང་ཨིན་ཌོ་ནེ་ཤི་ཡའི་ཨེཆ་མཚོ་གླིང་གཉིས་དབར་མཉམ་ལས་ཆེར་བསྐྱེད་བྱ་རྒྱུའི་ཐད་ལ་བགྲོ་གླེང་གནང་ཡོད། རྒྱ་གར་གྱི་ལྟོ་ཕྱོགས་མཚམས་མཐིལ་ནས་ཨིན་ཌོ་ནེ་ཤི་ཡའི་བྱང་ཕྱོགས་མཚམས་མཐིལ་བར་རྒྱང་ཐག་ཀི་ལོ་མི་ཊར་ ༩༠ ལས་ཉུང་བ་ཡོད་སྟབས་ཨིན་ཌོ་ནེ་ཤི་ཡ་དེ་རྒྱ་གར་གྱི་རྒྱ་མཚོའི་འདབས་འབྲེལ་གྱི་ཁྱིམ་མཚེས་ཐག་ཉེ་བ་གཅིག་ཡིན་པ་རེད། ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཆེ་གྲས་གཉིས་དབར་གྱི་རྒྱ་མཚོའི་འདབས་འབྲེལ་གྱི་མཉམ་ལས་དེར་གལ་གནད་ཆེན་པོ་ལྡན་ཡོད། 

ཕྱི་སྲིད་བློན་ཆེན་མཆོག་གིས་ཨིན་ཌོ་ནེ་ཤི་ཡའི་ཆབ་སྲིད་དང་། ཁྲིམས་ལུགས། བདེ་སྲུང་འབྲེལ་ལམ་བཅས་ཀྱི་འབྲེལ་མཐུད་བློན་ཆེན་ཨེཆ་ཝི་རན་ཏོ་དང་ལྷན་དུ་མཇལ་འཕྲད་གནང་ནས་རྒྱལ་སྲུང་དང་། བདེ་སྲུང་། འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་བཅས་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་ལ་མཉམ་ལས་བྱ་རྒྱུའི་སྐོར་བགྲོ་གླེང་གནང་ཡོད། ཁོང་གིས་ད་དུང་ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་གཞོན་པ་ཇ་སུཕ་ཀུ་ལ་དང་མཇལ་འཕྲད་ཀྱང་གནང་ཡོད། 

ཕྱོགས་ཕེབས་དེའི་གཞི་རྩའི་དམིགས་ཡུལ་ནི་ཁྱབ་ཁོངས་རྒྱ་ཆེན་ཞིག་གི་ནང་རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡའི་འབྲེལ་ལམ་མདུན་བསྐྱེད་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པ་རེད། རྒྱ་གར་གྱི་མངའ་ཁུལ་འབྲེལ་ལམ་དང་ཕུག་རྒྱང་རིང་པོའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་ཨིན་ཌོ་ནེ་ཤི་ཡའི་གནས་བབ་ཇི་ཡིན་གྱི་ཐད་ནས་བཤད་ན་ད་རེས་ཀྱི་འབད་བརྩོན་འདི་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད། ཨིན་ཌོ་ནེ་ཤི་ཡ་དེ་བཞིན་མངའ་ཁུལ་ནང་སིང་ག་པོར་གྱི་རྗེས་སུ་རྒྱ་གར་གྱི་ཚོང་ལས་ཟླ་གྲོགས་ཆེ་ཤོས་གཉིས་པ་དེ་ཡིན་པ་རེད། སྤྱི་ལོ་ ༢༠༡༨-༡༩ ལོའི་ནང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་ ༢༡.༡༢ ཟིན་ཡོད། 

སྤྱི་ལོ་ ༢༠༡༨ ལོར་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ཨིན་ཌོ་ནར་ཤི་ཡར་ཕེབས་སྐབས་དྷི་ལི་གསར་པ་དང་ཇ་ཀར་ཏ་གཉིས་ནས་རྒྱལ་སྲུང་མཉམ་ལས་གྲོས་མཐུན་ཤུགས་ཆེ་རུ་བཏང་བ་དང་ཞི་བའི་རང་བཞིན་གྱི་དགོས་དོན་ཆེད་མཁའ་དབྱིངས་འཚོལ་སྙེགས་དང་བེད་སྤྱོད་ཁྲོད་མཉམ་ལས་ཀྱི་གྲོས་མཐུན་སྒྲོམ་གཞིའི་གྲོས་མཐུན་བཞག་པའི་ཐོག་ནས་རྒྱལ་སྲུང་དང་བདེ་སྲུང་འབྲེལ་ལམ་མཐོར་འདེགས་བཏང་ཡོད། 

རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡ་གཉིས་འཐུས་ཚང་ཐབས་བྱུས་ཟླ་གྲོགས་ཡིན་པ་དང་སྤྱི་ལོ་ ༢༠༡༧ ལོ་ནས་བཟུང་རྒྱ་མཚོའི་འདབས་འབྲེལ་གྱི་མཉམ་ལས་ཐོག་ཆེད་སེམས་ལྡན་པའི་མཉམ་འདུས་སྙན་ཐོ་བཏོན་བཞིན་ཡོད། 

རྒྱ་གར་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་གཉིས་ནས་སྤྱི་ལོ་་༢༠༡༨ ལོའི་ཟླ་ ༡༡ ནང་ཨིན་ཌོ་ནེ་ཤི་ཡའི་སུ་ར་བ་ཡར་རྒྱ་མཚོའི་སྟོབས་ཤུགས་ཞེས་པའི་མཚོ་དམག་གི་སྦྱོང་བརྡར་ཞིག་ཐོག་མ་དེ་གཉེར་ཡོད། ཨིན་ཌོ་ནེ་ཤི་ཡས་ཨེཆ་མཚོ་གླིང་གི་ས་བྷང་དུ་གཏིང་མཐའི་གྲུ་ཚིགས་འཛུགས་བསྐྲུན་བྱེད་བཞིན་པའི་ནང་རྒྱ་གར་གྱིས་མཉམ་ལས་བྱེད་བཞིན་ཡོད། ས་བང་དེ་བཞིན་རྒྱ་གར་ནས་ལྷོ་ཤར་ཨེ་ཤི་ཡ་དང་དེ་ལས་རྒལ་བའི་ས་ཁུལ་དུ་བསྐྱོད་པའི་མཇུག་སྒོ་ཡིན་པ་དང་དེའི་ཐོག་ནས་རྒྱ་གར་གྱིས་མངའ་ཁུལ་དེའི་ནང་འབྲེལ་མཐུད་ལས་གཞི་སྤེལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད། 

ཌག་ཌར་ཇེ་ཤན་ཀར་མཆོག་སིང་ག་པོར་དུ་ཕྱོགས་ཕེབས་གནང་སྐབས་བབ་མཚུངས་བློན་ཆེན་ཌག་ཌར་ཝི་ཝེན་བྷ་ལ་ཀྲི་ཤན་མཆོག་དང་ལྷན་དུ་རྒྱ་གར་དང་སིང་ག་པོར་གྱི་མཉམ་འདུས་བློན་ཆེན་རིམ་པའི་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གཅིག་ལྕོག་གནང་ཡོད་པ་དང་རྒྱ་གར་དང་སིང་ག་པོར་གྱི་ཐབས་བྱུས་ཟླ་གྲོགས་འོག་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་བསྐྱར་ཞིབ་གནང་ཡོད། 

ཁོང་གིས་སིང་ག་པོར་གྱི་སྲིད་བློན་སྐུ་ཞབས་ལི་ཧ་སན་ལུང་དང་མཇལ་འཕྲད་གནང་བ་མ་ཟད་སྲིད་བློན་གཞོན་པ་ཧང་སི་ཝིི་ཀེད་དང་རྒྱལ་སྲུང་བློན་ཆེན་ནག་ཨེང་ཧེན་དང་ལྷན་དུའང་མཇལ་འཕྲད་གནང་ཡོད། 

ཌག་ཌར་ཇེ་ཤན་ཀར་སིང་ག་པོར་དེ་བཞིན་རྒྱ་གར་གྱིས་སིང་ག་པོར་དེ་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡ་དང་འབྲེལ་བྱེད་ས་གཙོ་བོ་དེ་ཡིན་ཚུལ་གསུངས་ཡོད། སིང་ག་པོར་དེ་བཞིན་རྒྱ་གར་གྱི་དེང་རབས་གྲོང་འཁྱེར་ལས་གཞིའི་ནང་གི་ཟླ་གྲོགས་ཆེ་གྲས་ཤིག་ཡིན་པ་དང་། ཚོང་ལས་དང་། མ་དངུལ་བཅས་ཀྱི་ཟླ་གྲོགས་གཙོ་བོ་ཞིག་ཡིན་པ་རེད། ཉེ་རྒྱ་གར་གྱིས་དཔལ་བྱོར་ཕྱི་གསལ་ནང་གསལ་བཟོ་ཤིགས་ཆེ་རུ་བཏང་བར་སིང་ག་པོར་གྱིས་བསྔགས་བརྗོད་ཞུས་གནང་བ་དང་ཁྱབ་ཁོངས་དེ་དག་ནང་ཟླ་གྲོགས་ལྟེ་བ་ཞིག་ཆགས་ཡོད། 

སྲིད་བློན་མོ་དྷིའི་ལས་ཡུན་གཉིས་པའི་ནང་རྒྱ་གར་གྱི་ཤར་ཕྱོགས་ལག་བསྟར་སྲིད་བྱུས་རྒྱུན་མཐུད་མངོན་གསལ་གནང་ཡོད། ཤར་ཕྱོགས་ལག་བསྟར་སྲིད་བྱུས་ཀྱི་ཁྱབ་ཁོངས་སུ་ཚུད་པའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་གཙོ་གྲས་ཁག་ཏུ་དམིགས་ཡུལ་ལྡན་པའི་ཐོག་ནས་རྒྱུན་གཏན་སྤེལ་རེས་བྱེད་པའི་ཐོག་ནས་རྒྱ་གར་གྱི་ཤར་ཕྱོགས་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱས་ཡོད། ཌག་ཌར་ཇེ་ཤན་ཀར་གྱི་ཕྱོགས་ཕེབས་འདི་དེ་ལྟའི་འབད་བརྩོན་གྱི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད། 

མ་ཟིན། ཌག་ཌར་ར་ཧུལ་མི་ཤྲ། ཤར་དང་ལྷོ་ཤར་ཨེ་ཤི་ཡའི་ཐོག་ཐབས་བྱུས་དཔྱད་ཞིབ་པ།


མངའ་ཁུལ་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ཚོགས་འདུ་ཐེངས་བདུན་པ།

$
0
0

མངའ་ཁུལ་གྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ཚོགས་འདུ་དེ་ཉེ་ཆར་བྷེང་ཀོག་ཏུ་འཚོགས་ཡོད། ཚོགས་འདུ་དེ་བཞིན་ཨ་རྒྱ་གཉིས་ཀྱི་ཚོང་དོན་དམག་འཁྲུགས་ཀྱི་གྲིབ་གཟུགས་འོག་དང་ཉི་ཧོང་དང་ལྷོ་ཀོ་རི་ཡི་དབར་ལ་དཔལ་འབྱོར་གྱི་འགལ་ཟླ་བྱུང་བཞིན་པའི་སྐབས་འདིར་འཚོགས་ཡོད། གལ་ཆེའི་ཚོགས་འདུ་དེའི་ཐོག་རྒྱ་གར་གྱི་ཚོང་ལས་དང་བཟོ་ལས་བློན་ཆེན་པི་ཡུཤ་གོ་ཡལ་མཉམ་བཞུགས་གནང་ཡོད་པ་རེད། སྐུ་ཞབས་གོ་ཡལ་མཆོག་ནས་ལྷན་ཚོགས་དེའི་འཐུས་ཚབ་རྒྱལ་ཁབ་གཞན་རྣམས་དང་ལྷན་དུ་རྒྱལ་ཁབ་ཀྱིཕྱོགས་མང་དང་ཕྱོགས་གཉིས་ཀྱི་གྲོས་མོལ་འཆར་གཞི་མང་དག་གཅིག་བསྣམས་ནས་བློན་ཆེན་རིམ་པའི་ཚོགས་འདུར་མཉམ་བཞུགས་གནང་ཡོད། 

མངའ་ཁུལ་གྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ནང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ ༡༠ དང་། རྒྱ་གར། རྒྱ་ནག ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་སི་ཊི་ལི་ཡ། ནིའུ་ཛི་ལེནྚི་བཅས་མངའ་ཁུལ་རྒྱལ་ཁབ་དྲུག་ཡོད་པ་རེད། མངའ་ཁུལ་གྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ཚོགས་པ་དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་དང་དེ་འབྲེལ་མངའ་ཁུལ་ནང་གུ་ཡངས་ཚོང་ལས་མངོན་འགྱུར་བྱ་ཆེད་དུ་བཙུགས་པ་ཞིག་རེད། བློན་ཆེན་རིམ་པའི་ཚོགས་འདུ་ཐེངས་ ༧ པའི་རྗེས་སུ་འཐུས་ཚབ་རྒྱལ་ཁབ་ ༡༦ མཉམ་འདུས་ཐོག་བཏོན་པའི་བསྒྲགས་གཏམ་ནང་མངའ་ཁུལ་ཁྱོན་ཡོངས་སུ་གུ་ཡངས་ཚོང་ལས་དབང་འཛིན་ཞིག་འཛུགས་རྒྱུའི་གཞི་རྩའི་འཆར་གཞི་གཙོ་བོར་བཟུང་ཡོད། ཐེ་ལེནྚིའི་སྲིད་བློན་གཞོན་པ་དང་ཚོང་ལས་བློན་ཆེན་སྐུ་ཞབས་ཇུ་རིན་ལག་ས་ན་ཝི་སིཊ་ཡིས་རང་དབང་ཚོང་ལས་དབང་འཛིན་གྱི་མཐའ་མའི་ཐག་གཅོད་དེ་ལོ་རྗེས་མར་བྱུང་སྲིད་སྐོར་གསུངས་ཡོད། 

ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དེ་བཞིན་ཡོ་རོབ་སྤྱི་མཐུན་གྱི་རྗེས་སུ་འཛམ་གླིང་ནང་དཔལ་འབྱོར་སྒྲིག་འཛུགས་ཆེ་ཤོས་གཉིས་པ་དེ་ཆགས་ཡོད། མངའ་ཁུལ་མཉམ་ལས་ཆེད་ཀྱི་ལྷོ་ཨེ་ཤི་ཡའི་ལྷན་ཚོགས་ཀྱི་དཔལ་འབྱོར་ལ་གྲུབ་འབྲས་ཆེན་པོ་བྱུང་རྗེས་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དང་མཉམ་ལས་དང་འབྲེལ་ལམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ད་ཆ་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་རྒྱ་གར་གྱི་ཚོང་ལས་ཟླ་གྲོགས་ཆེ་ཤོས་ཡིན་པ་དང་དེའི་རྗེས་སུ་ཨ་རི་སླེབས་ཀྱི་ཡོད། རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ལྷན་དུ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་བྱེད་ཚད་དེ་སྤྱི་ལོ་ ༢༠༠༥-༠༦ ལོར་ཨ་སྒོར་ཐེར་འབུམ་ ༢༡ ཡིན་པ་ནས་སྤྱི་ལོ་ ༢༠༡༨-༡༩ ལོར་ཨ་སྒོར་ཐེར་འབུམ་ ༩༦.༧ བར་ལྡབ་གསུམ་འཕར་ཆ་བྱུང་ཡོད། སྤྱི་ལོ་ ༢༠༡༨-༡༩ ལོར་རྒྱ་གར་གྱི་ཚོང་འབྲེལ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༡༡.༤༧ ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་ཀྱིས་བཟུང་ཡོད་སྟབས་རྒྱ་གར་གྱི་ཚོང་ལས་ཟླ་གྲོགས་ཆེ་ཤོས་སུ་ཐོན་ཡོད། སྤྱི་ལོ་ ༢༠༡༨ ལོར་རྒྱ་གར་འདི་ཉིད་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཀྱི་ཚོང་ལས་ཟླ་གྲོགས་ཆེ་ཤོས་དྲུག་པ་ཆགས་ཡོད། 

འགྱུར་འགྲོས་འདི་དག་གི་འོག་ནས་གལ་ཏེ་གུ་ཡངས་ཚོང་ལས་མངོན་འགྱུར་བྱུང་ཚེ་རྒྱ་གར་ལ་དངོས་ཟོག་དང་། ཞབས་ཞུ། མ་འཇོག ཤེས་རིག་རྒྱུ་དངོས། སྲིད་གཞུང་གི་མཁོ་བསྒྲུབ་བཅས་ཀྱི་ཐོག་ལ་གོ་སྐབས་ཧ་ཅང་ཆེན་པོ་ཐོབ་རྒྱུ་ཡིན་པ་རེད། ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དང་འབྲེལ་བ་བྱ་རྒྱུ་དེ་རྒྱ་གར་གྱི་ཤར་ཕྱོགས་ལག་བསྟར་སྲིད་བྱུས་ཀྱི་ལྟེ་བར་གནས་ཡོད་པ་རེད། མ་ཟད། ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་ནི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁྱབ་ཆེ་སར་བསྐྱོད་པའི་བགྲོད་ལམ་ཞིག་ཆགས་ཡོད། དམ་ཟབ་ཟླ་གྲོགས་ཤིག་ཡིན་པའི་ཆ་ནས་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་ཀྱིས་མཉམ་ལས་དང་ཚོང་ལས་ལ་ལྟ་བའི་བསམ་ཚུལ་ལ་མཐུན་པའི་ཆ་ཆེན་པོ་ཡོད་པ་རེད། རྒྱ་གར་གྱིས་མངའ་ཁུལ་དེའི་རྒྱལ་ཁབ་མང་པོ་ཞིག་དང་ལྷན་དུ་ཚོང་ལས་འབྲེལ་ལམ་ཤུགས་ཆེ་ལོངས་སྤྱོད་བྱེད་བཞིན་ཡོད། ཇི་ལྟར་ཀྱང་། མ་ལེ་ཤི་ཡ་དང་ལྷོ་ཀོ་རི་ཡ་ལྟ་བུའི་རྒྱལ་ཁབ་ཁག་གཅིག་དང་ལྷན་དུ་ཚོང་ལས་འཁོད་མ་སྙོམས་པ་ཡོད་པ་དེ་དག་སེལ་དགོས་ཀྱི་ཡོད་པ་རེད། 

ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་ནས་སྤྱི་ལོ་ ༢༠༡༨-༡༩ ལོའི་ཟླ་ ༤ ནས་ ༣ བར་རྒྱ་གར་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བྱས་ཚད་དེ་ཨ་སྒོར་ཐེར་འབུམ་ ༡༦.༤༡ ཟིན་ཡོད་པ་དེ་རྒྱ་ནག་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བྱུང་བ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༣༧ སྐོར་ཞིག་ཆགས་ཡོད། རྒྱ་གར་གྱིས་སྤྱི་ལོ་ ༢༠༡༨ ལོར་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཁག་ལ་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བྱས་ཚད་དེ་ཨ་སྒོར་ཐེར་འབུམ་ ༡.༧ ཆགས་ཡོད་པ་དེས་རྒྱ་གར་འདི་ཉིད་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཁག་གི་ཕྱི་རྒྱལ་གྱི་ཏད་ཀའི་མ་འཇོག་ཡོང་ཁུངས་ཆེ་ཤོས་དྲུག་པ་ཆགས་ཡོད། 

རྒྱ་གར་གྱི་ཚོང་ལས་དང་བཟོ་ལས་བློན་ཆེན་པི་ཡུཤ་གོ་ཡལ་མཆོག་གིས་མངའ་ཁུལ་གྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ཚོགས་འདུའི་ཟུར་དུ་ཉིང་ཧོང་དང་། སིང་ག་པོར། རྒྱ་ནག ཨིན་ཌོ་ནེ་ཤི་ཡ། ཨོ་སི་ཊི་ལི་ཡ། ནིའུ་ཛི་ལེནྚི། ཕི་ལི་སི་པིན། ཐའི་ལེནྚི་བཅས་ཀྱི་བབ་མཚུངས་བློན་ཆེན་རྣམས་དང་བགྲོ་གླེང་གནང་ཡོད།

རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་གུ་ཡངས་ཚོང་ལས་གྲོས་མཐུན་དེ་སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༡ ནང་ལག་བསྟར་བྱས་ཡོད། སྐབས་དེར་ཚོང་འབྲེལ་དེ་བཞིན་སྣུམ་དང་། འགྱིག ཚིག་ཇ། ཇ་ཐང་། སྨན་སྣ་བཅས་དངོས་ཟོག་ངེས་གཏན་ཁག་གཅིག་ཁོ་ན་གཙོ་བཟུང་བྱས་ཡོད། སྐབས་དེར་རྒྱ་གར་ནང་བསམ་ཚུལ་ཤིག་ཐོན་ཡོད་པ་ནི་གུ་ཡངས་ཚོང་ལས་དེ་རྒྱུད་ནས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཁག་ནས་དངོས་ཟོག་འདི་དག་ནང་འདྲེན་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་རྒྱ་གར་གྱི་བཟོ་ལས་ཁྱབ་ཁོངས་ཁག་ལ་གྱོང་གུད་ཡོང་རྒྱུ་ཡིན་པ་དེ་རེད། གུ་ཡངས་ཚོང་འབྲེལ་འདིའི་དཔལ་འབྱོར་རྒྱུ་མཚན་ད་ལྟ་བསྐྱར་ཞིབ་འོག་ལ་ཡོད་པ་རེད། 

ཇི་ལྟར་ཀྱང་། རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ལྷན་གྱི་གུ་ཡངས་ཚོང་ལས་གྲོས་མཐུན་ལ་བསྐྱར་ཞིབ་བྱ་རྒྱུའི་ཐག་གཅོད་བྱས་པ་དེས་ལོ་རྗེས་མར་མཇུག་སྒྲིལ་རྒྱུའི་རེ་བ་བྱེད་བཞིན་པའི་མངའ་ཁུལ་གྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ཐད་གྲོས་མོལ་བྱ་རྒྱུར་གནོད་སྐྱོན་གཏང་གི་མེད་པ་རེད། མངའ་ཁུལ་གྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ཐད་ཀྱི་མཐའ་མའི་ཐག་གཅོད་དེ་ལོ་རྗེས་མར་མངོན་འགྱུར་ཡོང་རྒྱུ་རེད། རྒྱ་གར་གྱི་ཚོང་ལས་བློན་ཆེན་པི་ཡུཤ་གོ་ཡལ་གྱིས་རྒྱ་གར་གྱིས་རྒྱལ་སྤྱིའི་དཔལ་འབྱོར་ཁྲོད་དུ་གནས་བབ་གལ་ཆེན་ཞིག་བཟུང་ཡོད་པ་དང་དྷི་ལི་གསར་པའི་ངོས་ནས་ཚོང་ལས་དང་མ་འཇོག་ནང་བརྟན་ལྷིང་འཕེལ་རྒྱས་ཇི་ལྟར་གཏོང་ཚུལ་གྱི་བསམ་ཚུལ་འདོན་རྒྱུ་ཡིན་ཞེས་གསུངས་ཡོད། 

མ་ཟིན། མ་ནོ་ཧར་མ་ནོཇ། དཔལ་འབྱོར་གསར་འགོད་པ།

ཊྲམ་གྱིས་ཏ་ལི་བྷན་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་མཚམས་འཇོག་བྱས་སྟབས་ཨབ་གྷ་ནི་སི་ཏན་གྱི་མདུན་ལམ་ངེས་གཏན་མེད་པར་གྱུར་བ།

$
0
0

ཏ་ལི་བྷན་གྱིས་འདི་ལོའི་ལོ་སྟོད་དུ་འཐུས་མི་ ༡༤ ཅན་གྱི་ཞི་བའི་གྲོས་མོལ་སྐུ་ཚབ་ཚོགས་པ་ཞིག་བཙུགས་ཡོད་པ་དང་ཚོགས་པ་དེར་ཨ་རི་དང་ལྷན་དུ་ཞི་བའི་གྲོས་མོལ་བྱ་རྒྱུའི་ལས་འགན་སྤྲད་ཡོད་པ་རེད། ཨབ་གྷ་ནི་སི་ཏན་སྲིད་གཞུང་དང་ཏ་ལི་བྷན་དབར་ལ་དམག་འཐབ་མུ་མཐུད་བྱུང་བཞིན་ཡོད་ནའང་གྲོས་མོལ་མུ་མཐུད་འགྲོ་རྒྱུའི་འཆར་གཞི་ཡོད་པ་རེད། ཏ་ལི་བྷན་གྱི་དྲག་སྤྱོད་དེ་དག་གི་རང་བཞིན་དང་། མི་སེར་ལ་དམིགས་འབེན་བཟུང་བ་བཅས་ལ་རྟེན་ནས་གྲོས་མོལ་རྒྱུན་སྐྱོང་བྱ་རྒྱུ་དེ་ཐོག་མ་ནས་དཀའ་ཁག་གཅིག་ཆགས་ཡོད་པ་རེད།

གྲོས་མོལ་གྱི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་སྒྲོམ་གཞི་གཞི་རྒྱ་ཆེ་བ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་དང་སྒྲོམ་གཞི་དེས་ཏ་ལི་བྷན་གྱི་མངོན་འདོད་དང་ཀ་བྷུལ་ནང་གི་ཆབ་སྲིད་སྡེ་ཚན་གཙོ་བོ་ལྟ་བུའི་མངོན་འདོད་བསྒྲུབ་རྒྱུ་དེ་ཡིན་པ་རེད། གྲོས་མོལ་ནང་གི་གནད་དོན་གཙོ་བོ་ནི་ཏ་ལི་བྷན་གྱི་འགོ་གཙོ་རྣམས་ནས་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གཅོག་རྒྱུ་ཨ་རིར་ཡིད་ཆེས་འཕེར་བ་ཞིག་བྱེད་དགོས་པ་དེ་ཡིན་པ་སྟེ་དེ་སྔ་ལོ་རབས་ ༩༠ ནང་ཨབ་གྷ་ནི་སི་ཏན་དེ་བཞིན་རྒྱལ་སྤྱིའི་འཇིགས་སྐུལ་ཚོགས་པ་གནས་སྡོད་བྱེད་ས་ཞིག་ཡིན་པའི་གནས་སྟངས་དེར་ཕྱིར་ཟློག་མི་རུང་བ་དེ་ཡིན་པ་རེད། གནས་ཚུལ་སྤེལ་བ་ལྟར་ན་ཨ་རིའི་སྲིད་གཞུང་གིས་འཇིགས་སྐུལ་ཁ་གཏད་ཁས་ལེན་རྒྱུན་མཐུད་ཚིག་ཐོག་ལ་གནས་པ་བཟོ་བའི་ཐབས་ལམ་དུ་ཨབ་གྷན་ས་ཁོངས་ནས་དམག་མི་ཕྱིར་འཐེན་བྱས་རྗེས་ཨ་རིའི་གསང་བའི་མ་ལག་ཚུད་པའི་ཆབ་སྲིད་མི་སྣ་ཨབ་གྷན་ནང་གནས་སྡོད་བྱེད་ཆོག་པ་དགོས་པའི་དགོས་འདུན་བཏོན་ཡོད། ཨབ་གྷན་ཏ་ལི་བྷན་གྱིས་གསང་བའི་མ་ལག་ཚུད་པའི་ཨ་རིའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད། དུས་ཚོད་ཉག་ཕྲ་བའི་སྐབས་འདིར་ཀ་བྷུལ་ནང་གི་དམག་སྦྱོང་ཁང་ཞིག་ལ་འབར་རྫས་དང་མེ་མདའི་དོན་རྐྱེན་ཞིག་ཐོན་པ་དེའི་ནང་ཨ་རིའི་དམག་མི་ཞིག་དང་གཞན་བཅུ་གཉིས་སྲོག་ཤོར་ཡོད་པ་རེད།

དྲག་སྤྱོད་དེའི་འགན་ཁག་ཏ་ལི་བྷན་གྱིས་ཁས་ལེན་བྱས་སྟབས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་གྱིས་དྲག་སྤྱོད་དེར་སྐྱོན་བརྗོད་གནང་ནས་གྲོས་མོལ་ཐོར་བཤིགས་ཕྱིན་ཡོད། ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་རིང་འཐབ་འཛིང་བྱས་རྗེས་ཆབ་སྲིད་ཀྱི་གྲོས་མོལ་ཞིག་བྱུང་བ་དེས་ཞི་བའི་རེ་བ་ཞིག་སྦྱིན་ཡོད་ཀྱང་འགྱུར་གྲོས་ཀྱི་ཆ་ནས་བཤད་ན་ཨབ་གྷན་སྲིད་གཞུང་ལ་འཐབ་འཛིང་བྱེད་པའི་ཚོགས་པ་དེ་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། 

ཏ་ལི་བྷན་གྱིས་འགལ་རྐྱེན་དེ་བྱུང་མིན་ལ་མ་ལྟོས་པར་གྲོས་མོལ་གྱི་སྒོ་མུ་མཐུད་ཕྱེ་ཡོད་ཚུལ་བཤད་ཡོད། ཆབ་སྲིད་མི་སྣས་ཤེས་རྟོགས་བྱས་པར་གཞིགས་ན་ཨ་རིའི་གསང་བའི་མ་ལག་ཨབ་གྷན་ས་ཐོག་ནས་མེད་པ་བཟོས་ཚེ་པ་ཀི་སི་ཏན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་ཚོགས་པ་རྣམས་ནས་ལྷོ་ཨེ་ཤི་ཡའི་ནང་གི་མངའ་ཁུལ་གཞན་ཁག་གི་ནང་དྲག་སྤྱོང་སྦྱོང་བརྡར་དང་གྲ་སྒྲིག་བྱེད་པའི་གོ་སྐབས་ཞིག་སྤྲད་ཀྱི་ཡོད་པར་རྟེན་ཏ་ལི་བྷན་གྱི་རྒྱབ་ལ་པ་ཀི་སི་ཏན་གྱི་བྱུས་ཆེན་ཡོད་པ་དེར་སྟངས་འཛིན་ངེས་པར་དུ་བྱེད་དགོས་ཀྱི་ཡོད་པ་རེད། ཉེ་བའི་གཟའ་འཁོར་ཁ་ཤས་ནང་ཏ་ལི་བྷན་གྱིས་མངའ་ཁུལ་གྱི་བྱེད་གཏེ་གཞན་རྣམས་དང་འབྲེལ་ལམ་བྱེད་སྐབས་རང་སྲིད་རང་སྐྱོང་ཤུགས་ཆེ་རུ་འགྲོ་བཞིན་པའི་རྣམ་པ་བཏོན་ཡོད།

ཚོགས་པ་དེས་རྒྱ་ནག་དང་། ཨུ་རུ་སུ། ཨི་རན། སའོ་དི་ཨ་རཱ་བྷི་ཡ་དང་ཀ་ཏར་ལྟ་བུའི་གྷལ་ཕ་རྒྱལ་ཁབ་རྣམས་དང་འབྲེལ་ཡོད་བྱས་ཡོད་ཀྱང་རྒྱ་གར་དང་ལྷན་དུ་གྲོས་མོལ་བྱས་མེད་པ་རེད། ཇི་ལྟར་ཀྱང་ཟླ་ ༨ ནང་ཏ་ལི་བྷན་གྱི་གནས་ཚུལ་ཡོང་ཁུངས་མིང་མི་བཏོན་པ་ཞིག་གིས་གྲོས་མོལ་ནང་རྒྱ་གར་ལྷན་དུའང་འབྲེལ་བྱ་རྒྱུའི་འདུན་པ་ཡོད་པའི་གོ་བརྡ་ཞིག་བཏང་ཡོད། ཇི་ལྟར་ཀྱང་། གལ་ཏེ་ཨ་རིའི་ལྷན་གྱི་གྲོས་མོལ་གཙོ་བོ་དེ་ལམ་དུ་མ་ཕྱིན་ཚེ་ཏ་ལི་བྷན་དང་ལྷན་དུ་རྒྱལ་ཁབ་མང་པོས་འགན་འཁུར་གྲོས་མོལ་བྱ་རྒྱུ་ཁག་པོ་ཆགས་ཡོད། རྒྱ་གར་གྱིས་གང་ཞིག་ཏུའང་འཇིགས་སྐུལ་ཚོགས་པ་དང་གྲོས་མོལ་བྱ་རྒྱུ་མིན་པའི་ལངས་ཕྱོགས་རྒྱུན་སྐྱོང་བྱས་ཡོད། 

གནས་ཚུལ་ཐོན་གསར་ཤོས་ཤིག་གི་ནང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་གྱིས་ཨ་རིའི་དམིགས་བསལ་སྐུ་ཚབ་ཛལ་མེ་ཁ་ལི་ཛད་དང་ཏ་ལི་བྷན་རུ་ཁག་དབར་གྱི་གྲོས་མོལ་མཚམས་འཇོག་བྱས་རྗེས་ནོར་ཝེ་དང་། ཇེ་མ་ནི། ཀ་ཏར་བཅས་ཀྱིས་ཨ་རི་དང་ཏ་ལི་བྷན་དབར་གྱི་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་རེད། ཇི་ལྟར་ཀྱང་གྲོས་མོལ་མཚམས་འཇོག་བྱས་པ་འདི་ནས་ཁེ་ཕན་ཐོབ་མཁན་ངོ་མ་དེ་ཨབ་གྷ་ནི་སི་ཏན་ནང་གི་འོས་བསྡུའི་ལས་རིམ་དེ་ཡིན་པ་དང་ལས་རིམ་དེ་ཟླ་འདིའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུའི་འཆར་གཞི་ཡོད་པ་རེད། 

འོས་བསྡུ་འདིར་ཡང་དྲག་སྤྱོད་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ནི་ཏ་ལི་བྷན་གྱིས་ཁྲིམས་མཐུན་དུ་ངོས་འཛིན་མ་བྱས་པའི་འོས་བསྡུ་དེར་དགག་ཆ་བྱེད་ཀྱི་ཡོད་པ་རེད། འགྱུར་འགྲོས་འདི་དག་ནང་། ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་ཕྱིའི་ཤུགས་རྐྱེན་དང་ནང་འཁྲུགས་སོགས་ཀྱིས་གཏོར་རླགས་བཏང་བའི་ཨབ་གྷ་ནི་སི་ཏན་གྱི་མདུམ་ལམ་ངེས་གཏན་མེད་པ་ཆགས་ཡོད། ད་ལྟའི་ཆར་གལ་ཏེ་ཆབ་སྲིད་ཀྱི་གྲོས་མོལ་ལམ་ལྷོང་མ་བྱུང་ཚེ་ཏ་ལི་བྷན་གྱིས་ཨ་རིའི་དམག་དཔུང་དང་ཨབ་གྷ་ནི་སི་ཏན་གྱི་སྲིད་གཞུང་ལ་མུ་མཐུད་འཐབ་འཛིང་བྱ་རྒྱུ་ཡིན་པ་ལྟ་བུར་སྣང་གི་ཡོད། 

ཨ་རིའི་དམག་དཔུང་ཁྲོད་དུ་ཡིད་ཐང་ཆད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་འོས་བསྡུ་རྗེས་མ་སླེབས་ལ་ཉེ་བར་རྟེན་སྲིད་འཛིན་ཊྲམ་ལའང་སྲིད་བྱུས་ཀྱི་བདམ་ག་དེ་ཙམ་མེད་པ་རེད། ཨབ་གྷན་གྱི་ཞི་བའི་ལས་འགུལ་བས་བཤད་པར་གཞིགས་ན་ཨབ་གྷན་གྱི་འོས་བསྡུའི་རྗེས་ནས་གྲོས་མོལ་ཕལ་ཆེར་འགོ་འཛུགས་རྒྱུ་རེད། ད་ཆ་ཨེ་ཤི་ཡའི་ལྟེ་བར་གྱུར་བའི་ཨབ་གྷ་ནི་སི་ཏན་དེ་ངེས་གཏན་མེད་པའི་གནས་བབ་ཤིག་ལ་ལྷུང་ཡོད། གྲོས་མོལ་བསྐྱར་དུ་འགོ་འཛུགས་པར་ཨ་རིས་འཇིགས་སྐུལ་རིང་ལུགས་ལ་གཏད་དུ་ལངས་དགོས་པའི་དགོས་འདུན་བཏོན་པ་དེ་ཏ་ལི་བྷན་གྱིས་ཁས་ལེན་བྱེད་དགོས་ཀྱི་ཡོད། མདུན་ཕྱོགས་ཀྱི་ལམ་བུ་འགྲོ་སྟབས་བདེ་བ་ཞིག་ཏུ་མངོན་ཡང་ཏ་ལི་བྷན་གྱིས་བློས་གཏོང་བྱ་རྒྱུ་གལ་ཆེན་ཆགས་ཡོད། 

མ་ཟིན། ཀལ་ལོལ་བ་ཊ་ཅར་ཇི། ཧིན་དུ་ཡི་དམིགས་བསལ་འབྲེལ་མཐུད་པ།

རྒྱ་གར་གྱིས་ས་གཞི་བཙའ་ཐོར་ཇེ་ཉུང་དུ་གཏོང་བར་ཁས་ལེན་འཇོག་པ།

$
0
0

མ་ཟིན།ཀེ་ཝི་ཝེན་ཀཊ་སུ་བྷྲ་མ་ནིམ།གསར་འགོད་པ་རྒན་པ།

ས་གཞི་ནི་གལ་འགངས་ཤིན་ཏུ་ཆེ་བའི་གྱི་རང་བྱུང་ཁམས་ཀྱི་རྒྱུ་ནོར་ཞིག་ཡིན།ས་གཞིས་མིའི་འཚོ་རྟེན་དང་བདེ་དོན་གྱི་གཞི་རྩ་གཙོ་བོ་ཁ་བཟས།རྒྱུག་ཆུ་དང་སྣོད་བཅུད་མ་ལག་ཀྱི་ཞབས་ཞུ་འདྲ་མིན་མཁོ་སྤྲོད་སྦྱོར་བ་དང།སྐྱེ་དངོས་སྣ་འཛོམས་ཀྱི་ས་གཞིར་ཕན་ནུས་གྲུབ་ཀྱི་ཡོད།ས་གཞིས་གནམ་གཤིས་མ་ལག་ལའང་བྱེད་སྒོ་གལ་ཆེ་གནང་བཞིན་ཡོད། 

ལོ་བཅུ་ཕྲག་ཁ་ཤས་རིང་མི་འབོར་འཕེལ་རྒྱས་རྐྱེན་་སྔོན་ཆད་མ་བྱུང་བའི་ས་གཞི་དང་རྒྱུག་ཆུ་བེད་སྤྱོད་ཀྱིས་ས་བཙའ་ཐོར་ཕྱིན་ཡོད།ད་དུང་ཞིང་ལས་དང་སྒོ་ཕྱུགས་ཐོན་སྐྱེད་ཀྱི་གནོན་ཤུགས།གྲོང་ཁྱེར་གྱི་ངོ་བོ་སྒྱུར་ལས།ནགས་ཚལ་འབྲེག་གཅོད་དང་གནམ་གཤིས་དྲག་པོའི་དུས་འགྱུར་གཙོ་སྐོམ་འདོད་ཀྱིས་ས་གཞི་བཙའ་ཐོར་གྱི་རྒྱུད་རིམ་མྱུར་སྐྱོད་གཏོང་ཡོད།མིས་འཁྱགས་པ་མེད་པའི་ས་གཞི་བརྒྱ་ཆ་༧༠ལྷག་ལ་གནོད་རྐྱེན་བཟོས་བཞིན་ཡོད།ས་གཞི་བཙའ་ཐོར་དང་བྱེ་སར་འགྱུར་བ་ནི་རྒྱལ་ཁབ་ཕལ་ཆེར་དཔལ་འབྱོར།སྤྱི་ཚོགས་དང་ཁོར་ཡུག་གི་དཀའ་ངལ་ཞིག་ཡིན།བྱེ་སར་འགྱུར་བ་ནི་ཞིང་ལས་མི་འོས་པ་བཅས་ལ་རྟེན་ནས་ས་བཅུད་བཟང་བའི་ཞིང་ཁ་དང་རྩཐང་བྱེ་ཐང་དུ་འགྱུར་བའི་ས་གཞི་བཙས་ཐོར་གྱི་ཚུལ་ཞིག་ཡིན། 

དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་འཚོལ་ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་བའི་གྲོང་སྡེར་་ཟླ་དགུ་པའི་ཚེས་༢ཆེ་ཁག་ལྷན་ཚོགས་སུ་མཉམ་ཞུགས་གནང་བར་རྒྱལ་ཁབ་༡༩༧ཡི་སྐུ་ཚབ་༩༠༠༠ཕེབས་འདུག།འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྱེ་སར་འགྱུར་ཚུལ་འགོག་པའི་ལྷན་ཁང་UNCCD ཡི་ལྷན་ཚོགས་ཐེངས་བཅུ་བཞི་པ་COP 14 རྒྱ་གར་གྱིས་གོ་སྒྲིག་གནས་བདག་གནང་འདུག།ལྷན་ཚོགས་མཉམ་ཞུགས་པ་རྣམས་ཀྱིས་ས་གཞི་སྟངས་འཛིན་བྱེད་སྟངས།བབའ་ཐོར་ཕྱིན་པའི་ས་བསྐྱར་གསོ།སྐོམ་འདོད།གནམ་གཤིས་འགྱུར་ལྡོག།སླར་གསོ་བྱེད་རུང་པའི་ནུས་པ།བུད་མེད་ནུས་སྟོབས་སྤེལ་བ།ཕ་མོ་འདྲ་མཉམ།ཆུ་དཀོན་པོ་ལ་སོགས་པའི་གནད་དོན་ཐད་གྲོས་བསྡུར་གནང་འདུག།རྒྱལ་ཁབ་ཁག་གི་སྐུ་ཚབ་ཧཏོང་བར་བློན་ཆེན་ཁག།མཉམ་སྦྲེལ་རྒྱལ་ཚོགས་དང་གཞུང་ཕན་ཚུན་ལྷན་ཚོགས་ཀྱི་འགོ་ཁྲིད་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་ཕེབས་ཞུགས་གནང་ཡོད་འདུག། 

ཉིན་བཅུ་གཉིས་རིང་གྲོས་བསྡུར་རྗེས་ལྷན་ཚོགས་ཀྱིས་ལྡི་ལིའི་གསལ་བསྒྲགས་ཞེས་པའི་འཛམ་གླིང་གི་ས་གཞི་ཉེན་སྐྱོབ་ཀྱི་བྱེད་སྒོའི་ལས་གཞི་ཁས་ལེན་མོས་མཐུད་གནང་འདུག།ས་གཞི་དེའི་འོག་སྔར་ལོ་༢༠༡༥པེ་རིས་གྲོས་མཐུན་གྱི་ཕུག་རིང་གི་དམིགས་ཡུལ་སྒྲུབ་སླད་ས་གཞི་གཞི་རྟེན་དུ་འཞག་པའི་ཐབས་ལམ་འཚོལ་དགོས་པ་བཀོད་འདུག།ཐག་གཅོད་གསལ་བསྒྲགས་དེར་མཚན་རྟགས་སྐྱོན་ཾམཁན་རྣམས་ཀྱིས་ས་གཞི་བཙའ་ཐོར།བྱེ་སར་འགྱུར་བ་དང་སྐོམ་འདོད་གཅོམ་པའི་དམ་བཅའ་༣༥ཡོད་འདུག།ལྡི་ལའི་ཐག་གཅོད་གསལ་བསྒྲགས་ནི་བསམ་ཚུལ་གཅིག་མཐུན་གྱི་གསལ་བསྒྲགས་ཡིན་ཞིང་དེའི་ནང་གི་ཁལ་ལེན་བྱེད་སྒོ་༣༥ནི་རྒྱལ་ཁན་༡༩༧ལ་ཁྲིམས་ལུགས་ཀྱིས་བཅིང་ཡོད་འདུག།ཐག་གཅོད་གསལ་བསྒྲགས་ཀྱིས་བཙའ་ཐོར་ཕྱིན་པའི་ས་བསྐྱར་གསོ་བྱེད་པའི་བྱེད་སྒོ་ཁག་རྒྱས་བཤད་བྱེད་ཞིང་དེ་ཡིས་མ་འོངས་པའི་ལས་གཞིའི་གཞི་རྟེན་དུ་འགྱུར་རྒྱུ་ཡིན།ལྷན་ཚོགས་མཉམ་ཞུགས་པ་རྣམས་ཀྱིས་ཞ་བོའི་སྐོམ་འདོད་ཚན་ཆུང་དུ་གཏོང་བ་དང་སྟངས་འཛིན་བྱེད་པརརྒྱལ་སྤྱིའི་འབད་བརྩོན་ནུས་ཤུགས་ཇེ་ཆེར་གཏོང་བ་མཔས་མཐུད་གནང་འདུག།རྒྱལ་ཁག་གིས་ཕྱི་ལོ་༢༠༣༠བར་ས་གཞི་བཙའ་ཐོར་བར་གནས་LDN མཐར་སྐྱེལ་གནང་སྟེ་རྒྱུན་འཛིན་ཐུབ་པའི་འཕེལ་རྒྱས་དམིགས་ཡུལ་གཙོ་བཟུང་བར་མོས་མཐུད་གནང་འདུག།ས་གཞི་བཙའ་ཐོར་གྱིས་འཛམ་གླིང་ཡོངས་སུ་གྲོང་གསེབ་ཁག་དང་ཞིང་པ།ཉམ་ཐག་གི་ཐིག་འཔག་ཏུ་གནས་པའི་མི་གཙོ་བྱེད་པའི་ཁྱོནམི་ཐེར་འབུམ་༣.ལ་གནོད་སྐྱོན་བཟོས་ཡོད།ས་གཞི་བཙའ་ཐོར་བར་གནས་ཀྱོས་ས་སྟངས་འཛིན་སྲིད་བྱུས་དང་བྱེད་སྒོར་ལེགས་བཅོས་ཆེན་པོ་སྒྲུབ་ཐུབ། 

སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་རྒྱལ་སྤྱིའི་ས་གཞི་གནད་དོན་ཐད་རྒྱ་གར་གྱི་དམ་བཅས་ཁས་ལེན་བསྐྱར་ནན་གནང་ཡོད།རྒྱ་གར་གྱིས་སྔར་གྱི་རང་རེའི་སྒྲུབ་བྱ་བཙའ་ཐོར་ཕྱིན་པའི་ས་གཞི་ས་ཡ་ཧེ་ཀ་ཊར་༢༡ནས་ཕྱི་ལོ་༢༠༣༠བར་བཙའ་ཐོར་ཕྱིན་པའི་ས་གཞི་ས་ཡ་ཧེཀ་ཊར་༢༦བཅས་ས་གཞི་ས་ཡཧེཀ་ཊརལྔ་མང་བ་བསྐྱར་གསོ་གནང་བའི་དམ་བཅའ་གནང་འདུག།རྒྱ་གར་ནི་སི་ཨོ་པི་༡༤ལྷན་ཚོགས་ཀྱི་སྲིད་འཛིན་ཡིན་ཞིང་ལོ་གཉིས་རིང་འགན་འཁུར་འཁྱེར་རྒྱུ་ཡིན་འདུག།མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྱེ་སར་འགྱུར་ཚུལ་འགོག་པའི་ལྷན་ཁང་གི་དྲུང་ཆེ་ཨིབ་རཱ་ཧིམ་ཐིའུ་མཆོག་གིས་གནམ་གཤིས་དང་སྐྱེ་དངོས་མེད་པ་འགྱུར་བའི་རྒྱལ་སྤྱིའི་དཀའ་རྙོག་སེལ་བར་ཐབས་ལམ་ཁེ་ཤོས་ཡིན་པ་བརྗོད་འདུག།ཁོ་བོས་ས་གཞི་བསྐྱར་གསོ།གནམ་གཤིས་དང་སྐྱེ་དངོས་སྣ་ཚོགས་རང་བཞིན་བར་སྦྲེལ་མཚམས་གསལ་པོ་ཡོད་པ་བརྗོད་དོ།

16.09.2019

$
0
0

རྒྱ་གར་ཚགས་ཤོག་ཁག་གི་གསར་འགྱུར་དཔྱད་ཞིབ།

མ་ཟིན།ཀོ་ཤིཀ་རོའི།རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་ཉམས་ཞིབ་པ།

རྒྱ་གར་གྱི་ཚགས་ཤོག་ཁག་གིས་དབུས་གཞུང་གི་རྒྱལ་ཡོངས་དཔལ་འབྱོར་ཁ་བསྒྱུར་གནང་བར་ལས་འགུལ་ལ་བསྟོད་་འདུག།བྱ་བཞག་དེ་དག་ནི་བཟོ་ཚོང་ལས་ཁང་གི་འཕེལ་རྒྱས་ལ་དོངས་བསལ་བདེ་པོ་ཡིན་འདུག།ཉིན་རེའི་ཚགས་ཤོག་ཁག་གིས་སུ་དྷན་མང་གཙོ་རྒྱབ་སྐྱོར་གྱི་ལས་འགུལ་དང་གཞུང་འཛིན་དམག་མིའི་ལྷན་ཚོགས་ཀྱི་དཀའ་རྙོག་ཐད་འགྲེལ་བརྗོད་གནང་འདུག།པར་ཤུས་གསར་འགོད་རྒྱུད་ལམ་ཁག་གིས་ལྡི་ལིདབུས་བསྐྱར་འཕེལ་ལས་འཆར་གོ་བསྡུར་གནང་འདུག།ལས་གཞིར་དེར་དེང་རབས་ཅན་དུ་སྒྱུར་བཅོས་དང་ཕ་གཞིས་མཉམ་མཐན་དགོས་པའི་བསམ་ཚུལ་བརྗོད་འདུག། 

རྒྱ་གར་གྱི་ཚགས་ཤོག་བྷིས་ནིས་ལའིན་ཡི་གླེང་བརྗོད་ཕྱི་ཚོང་ནུས་ཤུགས་སྦྱིན་པར་དབུས་གཞུང་གིས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༢༠དང་MSME བརྒྱ་ཆ་༤༠ཐོན་ཤུགས་ཡོད་པའི་ཕྱི་ཚོང་སེཀ་ཊར་འཕེལ་རྒྱས་གཏོང་བར་ལས་འཆར་སྤེལ་དགོས་པ་བརྗོད་འདུག།དབཡམུས་གཞུང་གིས་དངོས་ཟོག་ཕྱི་ཚོང་སྐབས་ཇི་ཨེས་ཊི་མིན་པའི་ཁྲལ་ཕྱིར་སློག་གནང་བའི་ལས་འཆར་RoDTEPཡོངས་སུ་སྟོན་ཡོད་འདུག།ཕྱི་ཚོང་ཁྲལ་ཕྱིར་སློག་གི་ལས་འཆར་གསར་པས་སྔར་གྱི་ལས་འཆར་བརྗེ་ཚབ་འཇོག་རྒྱུ་ཡིན་འདུག། 

ཌ་པའི་ནིར་ཚགས་ཤོག་གིས་ཉ་ཆེ་བ་མེད་པའི་གླེང་བརྗོད་རྒྱ་གར་གྱི་རི་སྐྱེས་སྲོག་ཆགས་བལྟི་གནས་ཁང་གིས་ཉེ་རིགས་༡༥༠ཙམ་ཨུ་ཏ་ཏ་ཀཌ།ཧི་མ་ཅལ་པར་དེཤ།ཇ་མུ་ཀཤ་མིར་དང།ཨ་རུ་ན་ཅལ་པར་དེཤ་བཅས་ཧི་མ་ལ་ཡའི་ས་ཁུལ་ཁག་ཏུ་གསོད་འཇོམས་སུ་འགྲོ་བའི་ཉེན་ཐོ་སྟོན་པ་བརྗོད་འདུག།གནམ་གཤིས་འགྱུར་ལྡོག་དང་དེའི་རྐྱེན་པའི་ཚ་དྲོད་འཕར་བས་ཆུའི་ཚ་དྲོད་ལ་བརྗེ་སྒྱུར་དང་ཟས་ཀྱི་བརྒྱུད་འཁོར་ལ་བསྒྱུར་བས་གནོད་སྐྱོན་བཟོས་བཞིན་ཡོད།ད་དུང་ཚདྲོད་སྒྱུར་བཅོས་ཀྱིས་སྲོག་ཆགས་གཞན་རྔོན་པའི་རིགས་གསར་པ་སྐྱེད་སྤེལ་བྱེད་པ་དང་ཆུ་ཚ་བར་འཚོ་གནས་ཐུབ་ཀྱི་ཡོད།དེ་བཞིན་ཁོར་ཡུག་ལ་བསམ་ཤེས་མེད་པའི་ཆུ་མཛོད་བཟོས་པས་ག་ཆུའི་འབབ་བཀོད་ལ་བསྒྱུར་ཀྱིས་ཉེ་རིགས་གསོག་འཇོམས་འགྲོ་བར་རྐྱེན་ཆེན་པོ་བཟོས་ཀྱི་ཡོད།རྒྱལ་སྤྱིའི་ཁོར་ཡུག་ཉེན་སྲུང་ལྷན་ཚོགས་ཀྱིས་རྒྱལ་སྤྱིར་རྒྱུག་ཆུའི་ཉེ་རིགས་གསོག་འཇོམས་འགྲོ་བར་ཉེན་ཁ་ཆེན་པོ་སླེབས་ཡོད་པ་བརྗོད་ཡོད།

ཌ་ཨིན་གྲི་ཡན་ཨེཀྶ་པེ་རེས་ཀྱི་གླེང་བརྗོད་མེ་འབར་དུ་ཁྲམས་ཁང་གི་བལའ་ཤོག་ཏུ་ནགས་ཚམ་མེ་བར་ནི་ཨེ་མེ་ཛོན་དུ་དམིགས་བསལ་མེད་པ་བརྗོད་འདུག།མེ་ནི་རྩྭ་ཁ་ཚད་བརྒལ།ཞིང་ལས་ཐོན་སྐྱེད་ལྷག་མ།དང་ལམ་ཟུར་གྱི་སྔོ་རིགས་མེད་པར་བཟོས་པར་འཆར་ཅན་བེད་སྤྱོད་གཏོང་གི་ཡོད།ལོ་འཁོར་རིང་དུ་ཆར་རྒྱུན་དྲག་པོ་མྱོང་བཞིན་པའི་ཨེ་མེ་ཛོན་ནགས་ཚལ་དུ་ད་ལོ་ལོ་རྒྱུས་ཅན་གྱི་མེ་འབར་མྱོང་འདུག། བྷར་ཛིལ་རྒྱལ་ཁབ་དུ་མེ་འབར་གྱི་རྐྱེན་ངན་༧༢༨༤༣ བྱུང་བ་ལས་ཕྱེད་ཀ་ལྷག་ཨེ་མེ་ཛོན་དུ་བྱུང་ཡོད་འདུག་ ཨ་རིའི་རྒྱལ་ཡོངས་རྒྱ་མཚོ་དང་རླུང་གི་གོ་ལའི་འགན་འཛིན་ཚན་པས་ལོ་འདིའི་ཟླ་བ་བདུན་པ་ནི་ལོ་རྒྱུས་ནང་ཕྱི་ཟླ་བདུན་པ་ཚ་དྲོད་ཆེ་ཤོས་སྟོན་པ་སྙན་ཐོ་སྟོན་འདུག། རྒྱལ་སྤྱིའི་ཚ་དྲོད་ནི་དུས་རབས་ཉི་ཤུའི་ཚ་དྲོད་ལས་ཕེ་རེན་ཧེཊ་༡.༧ མང་བ་ཡིན་ཞིང་ཨ་ལཱས་ཀ་དང་ཀེ་ནེ་རི་མཚོ་གླིང་དུ་ཐན་པ་སྐོམ་འདོད་ཆེན་པོ་བྱུང་ཡོད་འདུག། ནགས་ཚལ་འབྲེག་གཅོད་ཁྱབ་འདེལ་ཆེ་བ་དང་ཁྲིམས་འགལ་ཤིང་གཅོད་དང་གཏེར་ལས་ཀྱིས་ཨེ་མེ་ཛོན་མེ་འབར་རྐྱེན་ངན་ལ་སྐུལ་རྫས་ལྟ་བུ་ལས་ཀ་བྱས་ཡོད།ཇེར་བྷོལ་སོ་ན་རོའི་གཞུང་གིས་ཧཏེར་ལས་དང་ཤིང་གཅོད་ལ་རོགས་སྐྱོར་གྱི་ཁྲིམས་མང་པོ་བསྐྱར་དུ་ལག་བསྟར་གིས་ལོ་སྔོན་ཕྱི་ཟླ་བདུན་པ་ནས་ད་ལོ་ཕྱི་ཟླ་བདུན་པའི་བར་ནགས་ཚལ་འབྲེག་གཅོད་བརྒྱ་ཆ་༨༨ ཐམ་པ་འཕར་ཡོད་པ་རྒྱལ་ཡོངས་བར་སྣང་ཉམས་ཞིབ་ལྷན་ཁང་ཨའི་ཨེན་པི་ཨིས་འགྲེལ་བརྗོད་གནང་འདུག། 

པ་ཀིས་ཐན་གྱི་ཉིས་ཁྲིམས་ལ་སྐྱོན་འཛུགས་གནང་བ། 

$
0
0

མ་ཟིན།ཀོ་ཤིཁ་རོའི།རྒྱ་གར་རྒྱལ་ཡོངས་རླཡང་ཁྲིམས་ཁང་གི་གསར་འགོད་དཔྱད་ཞིབ་པ།

པ་ཀིས་ཐན་གྱིས་རྒྱ་གར་གྱི་མངའ་སྡེ་ཇ་མུ་ཀཤ་མིར་ཐད་མགོ་མཁྲེགས་ལང་ཕྱོགས་རྐྱེན་པའི་འུར་ཟིང་གི་གནས་སྐབས་ལས་འགྲོ་བཞིན་ཡོད།པ་ཀིས་ཐན་ལ་རྒྱལ་སྤྱིའི་སྟོབས་ཆེབ་རྒྱལ་ཁབ་ཕལ་མོ་ཆེས་རྒྱབ་སྐྱོར་མ་བྱས་སྟེ་རྒྱ་གར་གྱི་རྩ་ཁྲིམས་ལས་དོན་ཚན་༣༧༠ཕྱིར་བསྡུས་ནི་རྒྱ་གར་གྱི་ནང་སྲིད་ཡིན་པར་ངོས་འཛིན་གནང་ཡོད།པ་ཀིས་ཐན་གྱིས་རྒྱབ་སྐྱོར་ཐོབ་ཐབས་སུ་གང་ཐུབ་བྱེད་ཀྱང་རྒྱབ་སྐྱོར་ཡོངས་དཀའ་བར་འགྱུར་ཡོད། 

ཉེ་ཆར་སྒེར་པའི་གཟུགས་མཐོང་རླུང་འཕྲིན་གྱི་རྒྱུ་ལམ་ཞིག་ཏུ་བཅར་འདྲི་སྐབས་པ་ཀིས་ཐན་གྱི་སྲིད་བློན་ཨིཀ་རན་ཁན་གྱིས་རྒྱ་གར་གྱི་ཁ་གཏད་དུ་རྡུལ་ཕྲན་མཚོན་ཆ་ལས་གཞན་པའི་དམག་དཀྱུས་མ་ཐོབ་མི་སྲིད་པ་ཁས་ལེན་བྱས་འདུག།ཁོ་བོས་རྡུལ་ཕྲན་མཚོན་ཆའི་སྡིགས་ར་ནན་བརྗོད་གནང་སྟེ་ཀཤ་མིར་གནས་སྟངས་ལ་རྒྱལ་སྤྱིའི་དོ་སྣང་ཆེ་བར་འབོད་འདུག།དེ་བཞིན་གལ་ཏེ་འཛམ་གླིང་གིས་རྒྱ་གར་གྱི་རྡུལ་ཕྲན་མཚོན་ཆའི་གོ་མཛོད་ལ་དོ་སྣང་མ་བྱེད་ཚེ་བྱུང་འབྲས་ཀྱི་རྐྱེན་ངན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་དཀྲི་ཡོད་པ་བརྗོད་འདུག།ཁོ་བོས་འཛམ་གླིང་ལ་པ་ཀིས་ཐན་དམག་མི་འདོད་ཀྱང་པ་ཀིས་ཐན་གྱི་ཉེན་སྲུང་དང་གཅག་འགྱུར་ལ་ཉེན་ཁ་རྣམས་ལ་སྣང་མེད་མི་བསྡད་པ་བརྗོད་འདུག།ཁོ་བོས་ཟླ་བ་རྗེས་མ་རྒྱལ་སྤྱིའི་འཇིག་སྐུལ་དྲག་སྤྱོད་རོགས་སྐྱོར་སྟངས་འཛིན་ཚོགས་པས་FATF པ་ཀིས་ཐན་གྱིས་འཇིག་སྐུལ་དྲག་སྤྱོད་ཚོགས་པར་དངུལ་གྱི་རོགས་སྐྱོར་གྱི་གནད་དོན་ཐད་མིང་གཞུང་ནག་པོར་འགོད་མིན་གྱི་དཔྱད་ཞིབ་སྐབས་པ་ཀིས་ཐན་མྱོང་བའི་ཁེས་ལེན་གནང་འདུག།བཅར་འདྲིར་པ་ཀིས་ཐན་སྲིད་བློན་གྱིས་པ་ཀིས་ཐན་གྱི་དཔལ་འབྱོར་ཆག་པར་འཛམ་གླིང་ཡོངས་ཀྱིས་གྲོས་ངན་གཤོམ་པ་བརྗོད་འདུག།ཁོ་བོའི་རྒྱ་གར་ལྷན་དུབསྐྱར་དུ་གྲོས་མོལ་འགོ་འཛུགས་གནང་བའི་འབད་བརྩོན་རྣམས་འགྲེལ་བརྗོད་གནང་འདུག། 

དེ་དག་ནི་དངོས་ཡོད་ལས་བྲལ་བ་ཞིག་ཡིན།རྒྱ་གར་གྱིས་ཕྱི་ལོ་༢༠༡༦ཟླ་བ་དང་པོར་པ་ཊན་ཀོཊ་མཁའ་དམག་སྒར་དུ་དུ་འཇིག་སྐུལ་དྲག་སྤྱོད་བྱུང་རྗེས་འཇིག་སྐུལ་དྲག་སྤྱོད་དང་གྲོས་མོལ་གཉིས་མཉམ་དུ་འགྲོ་མི་ཐུབ་པ་བརྟན་པོ་བརྗོད་ཡོད།རྒྱ་གར་གྱི་པ་ཀིས་ཐན་ལ་གྲོགས་ཕྱོགས་ཀྱི་ལག་པ་མང་པོ་བཏང་ཡང་པ་ཀིས་ཐན་གྱིས་དུས་རྟག་ཏུ་དཀའ་ངལ་འགོག་རྐྱེན་བཟོས་ཡོད་འདུག།ད་ལྟའི་པ་ཀིས་ཐན་གྱི་དགོས་དོན་ཕིགས་སྨྲའི་གཏམ་བཤད་ནི་ཚང་མའི་བལྟ་བར་ཡོད། 

པ་ཀིེས་ཐན་ནི་ཀཤ་མིར་གནད་དོན་ཐད་རང་རེའི་ཇུས་ངན་གྱིས་ཁེར་རྐྱང་ལོགས་སུ་ལུས་པ་ཡིན།པ་ཀིས་ཐན་གྱིས་རྒྱ་གར་གྱི་མངའ་སྡེ་ཇ་མུ་ཀཤ་མིར་དུ་བརྒྱུད་སྐུལ་དམག་འཁྲུག་འཁུར་བར་ལོ་བཅུ་ཕྲག་གསུམ་ལྷག་རིང་འཇིག་སྐུལ་དྲག་སྤྱོད་ཚོགས་པར་རོགས་སྐྱོར།རྒྱབ་རྟེན།མ་དངུལ་འཇོག་པ་དང་སྦྱོང་བསྡར་སྤྲོད་བཞིན་ཡོད།པ་ཀིས་ཐན་གྱི་ས་མཚམས་ཕ་རོལ་ནས་འཇིག་སྐུལ་དྲག་སྤྱོད་རྐྱེན་པའི་རྒྱ་གར་བ་སྟོང་ཕྲག་མང་པོའི་སྲོག་ཤཔར་ཡོད།ད་ལན་པ་ཀིས་ཐན་གྱི་ཐབས་ཤེས་ལས་འགུལ་རྣམས་་སྒྲུབ་འབྲས་མི་ཐོན་པར་ངུ་སྐད་དྲག་ཤུགས་ཆེན་པོ་འབོད་མི་འོས་པ་ཡིན། 

པ་ཀིས་ཐན་གྱི་སྲིད་བློན་གྱི་བཅར་འདྲོ་མ་རྫོགས་གོང་རྒྱ་ནག་གི་ཞི་ཅིང་རྫོངས་སུ་ཨུ་གྱུར་ཁ་མཚེ་སྤྱི་ཚོགས་ཐད་བཀའ་འདྲི་ཞུས་འགོ་ཚུགས་པ་དང་བཅར་འདྲི་མཚམས་འཇོགས་བྱེད་ཡོད།འཛམ་གླིང་ཨུ་གྱུར་ཀོང་རེས་ཚོགས་པས་པ་ཀིས་ཐན་གྱི་སྲིད་བློན་གྱི་ཉིས་ཁྲིམས་དང་རྒྱ་ནག་གི་ཨུ་གྱུར་ཁ་མཆེ་རྣམས་ལ་འཚེ་བའི་གནད་དོན་ཐད་སྣང་མེད་ལོང་བར་འགྱུར་བར་པ་ཀིས་ཐན་གྱིས་ཁ་ཁུ་སིམ་པོ་གནས་སྟེ་རྒྱ་ནག་གི་ཨུ་གྱུར་ཁ་མཆེའི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བར་ངོ་ཚའི་གཞི་ཡིན་པར་སྐྱོན་འཛུགས་དྲག་པོ་གནང་འདུག། 

ཟླ་བ་ཁ་སས་གོང་རྒྱལ་སྤྱིའི་གསར་འགོད་པ་ཁག་གིས་སྲིད་བློན་ཁཱན་མཆོག་ལ་ཨུ་གྱུར་གནད་དོན་ཐད་དྲི་ཞུས་སྐབས་ཁོ་བོས་གནད་དོན་དེའི་ཐོག་ཤེས་རྟོགས་མེད་པ་བརྗོད་འདུག།པ་ཀིས་ཐན་སྲིད་བློན་གྱིས་རྒྱ་ནག་གཞུང་གིས་ཨུ་གྱུར་ཁ་མཆེ་རྣམས་ལ་གང་བྱེད་གསལ་པོ་ཤེས་ཀྱང་དེའི་ཐོག་གཏམ་གླེང་མི་འདོད་པ་ཡིན་བཅས་ཨུ་གྱུར་ཚོགས་པའི་འགོ་ཁྲིད་དྷོལ་ཀུན་ཨི་སཱས་ཇི་ནི་ཝར་བརྗོད་ཡོད། 

པ་ཀིས་ཐན་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩ་འགལ་བྱེད་མཁན་ཆེ་ཤོས་ཞིག་ཡིན་ཞིང་རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆར་དངོས་ཡོད་གནང་སྟངས་དེ་སྦད་བཞིན་ཡོད།སྐུ་ཞབས་ཨུ་སཱས་རྒྱ་ནག་གི་ཨུ་གྱུར་དོ་དམ་སྡོད་སྒར་རྣམས་ལས་རིགས་སྦྱོང་བསྡར་བལྟི་གནས་ཁང་ཡིན་ཚུལ་བརྗོད་པར་ཨུ་གྱུར་ཐབས་རྩོད་པས་དེ་དག་ནི་རྫུན་བཤད་ཡུན་ཞིང་རྒྱ་ནག་གིས་གནས་ཚུལ་སྦད་ཡོད་པ་བརྗོད་འདུག།ད་དུང་སྐུ་ཤབས་ཨི་སཱས་པ་ཀིས་ཐན་གྱི་སྲིད་བློན་གྱིས་དུས་ཀུན་ཏུ་ཀཤ་མིར་གྱི་གནད་དོན་གླེང་སློང་གནང་ཡང་ཨུ་གྱུར་གནད་དིན་ཐད་ལོང་བར་འགྱུར་སྟེ་རྒྱ་ནག་གི་སྲིད་བྱུས་ལ་རྒྱབ་རྟེན་གནང་བཞིན་ཡོད་པ་བརྗོད་འདུག།དེ་ནི་པ་ཀིས་ཐན་གྱི་ཉིས་ཁྲིམས་དང་ངོ་ཚའི་གཞི་ཡིན་འདུག་གོ།

Viewing all 6348 articles
Browse latest View live