Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

རྒྱལ་ཡོངས་ཁྲིམས་དོན་ལྷན་ཚོགས་ཀྱིས་སྲིད་དོན་ཚོགས་པ་འདྲ་མིན་ལྷན་དུ་རྒྱལ་ཁབ་གཅིག་འོས་བསྡུ་གཅིག་གི་གྲོས་འཆར་ཐད་ཉིན་གཉིས་རིང་གི་གྲོས་གླེང་མཇུག་བསྡུ་བ།

$
0
0

རྒྱལ་ཡོངས་ཁྲིམས་དོན་ལྷན་ཚོགས་ཀྱིས་སྲིད་དོན་ཚོགས་པ་འདྲ་མིན་ལྷན་དུ་རྒྱལ་ཁབ་གཅིག་འོས་བསྡུ་གཅིག་ཞེས་དབུས་དང་མངའ་སྡེ་ཁག་གི་འོས་བསྡུ་མཉམ་བསྲེ་གཏོང་བའི་གྲོས་འཆར་ཐད་ཉིན་གཉིས་རིང་གི་གྲོས་གླེང་ཁས་ས་རེས་ཉི་མར་མཇུག་བསྡུས་འདུག་ ས་མཇ་ཝ་རྡི་སྲིད་དོན་ཚོགས་པས་རྒྱལ་ཁབ་གཅིག་འོས་བསྡུ་གཅིག་གི་བསམ་འཆར་ལ་རྒྱབ་སྐྱོར་གནང་འདུག་ དེ་ཡང་ཚོགས་འདུས་སྐབས་ས་མཇ་ཝ་རྡི་སྲུད་དོན་ཚོགས་པས་དབུས་དང་མངའ་སྡེ་ཁག་གི་འོས་བསྡུ་མཉམ་བསྲེ་གཏོང་བའི་ལམ་ལུག་དེ་ཕྱི་ལོ་2019 ནས་འགོ་འཛུགས་གནང་དགོས་བཅས་འབོད་འདུག་ ལྷན་ཚོགས་མཇུག་སྒྲིག་རྗེས་གསར་འགོད་ལྷན་ཚོགས་དང་བཅར་འདྲི་སྐབས་ས་མཇ་ཝ་རྡི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རམ་གྷོ་པལ་ཡ་དྷཝ་མཆོག་གིས་གལ་ཏེ་སྲིད་དོན་ཚོགས་པ་གཞན་གྱིས་ངོས་ཕྱོགས་བསྒྱུར་བ་གཏོང་བ་ཡང་ན་འོས་བསྡུ་ཡི་ལས་གཞི་སྐབས་ངོ་ཚབ་ཚོང་ལས་སུ་འཇུག་པ་ན་ཁྲིམས་ཐོག་ཉེས་ཆད་བཏང་དགོས་བཅས་འབོད་འདུག་གོ།


Viewing all articles
Browse latest Browse all 6348