དེ་རིང་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་མཆོག་གི་ཉིན་བཞི་རིང་གི་རྒྱ་གར་མཚམས་གཟིགས་ཀྱི་ཉིན་གཉིས་པ་རུ་རྒྱལ་ས་ལྡི་ལིར་རྒྱ་གར་ཀོ་རི་ཡའི་ཚོང་འབྲེལ་ལྷན་ཚོགས་སུ་གམ་བཅར་གནང་རྒྱུ་ཡིན་འདུག་ སྐུ་ཞབས་མཆོག་སྲིད་བློན་མོ་དྷི་ལྷན་དུ་བདག་ཉིད་ཆེན་པོ་ཆེ་འདས་གྷན་དྷི་མཆོག་གི་ཞི་བའི་གནས་སུ་འཁོར་ཞག་གནང་རྒྱུ་ཡིན་འདུག་ དེ་བཞིན་དབུ་ཁྲིད་རྣམ་གཉིས་ཨུ་ཏར་པར་དེཤ་མངའ་སྡེ་ཡི་ནོཨེ་གྲ་གྲོང་འཁྱེར་དུ་སེམ་སམ་ཀམ་པ་ནི་ཡི་བཟོ་གྲྭར་བལྟ་སྐོར་ཕེབས་རྒྱུ་ཡིན་འདུག་ དེ་ཡང་རེས་གཟའ་ཟླ་བའི་སྔ་དྲོར་ཕྱི་སྲིད་བློན་ཆེན་སུཤ་མ་སུཨ་རཇ་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇེ་ཨིན་མཆོག་དང་ཐུག་འཕྲད་གྲོས་མོལ་གནང་འདུག་ ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ར་ཝིཤ་ཀུ་མར་མཆོག་གིས་དབུ་ཁྲིད་རྣམ་གཉིས་བར་ངོས་གཉིས་ཀྱི་དམག་དོན་འབྲེལ་ལམ་གོང་འཕེལ་གཏོང་བར་གྲུབ་འབྲས་ལྡན་པའི་གི་བསྡུར་བྱུང་བ་འགྲེལ་བརྗོད་གནང་འདུག་ རེས་གཟའ་མིག་མར་དུསྲིད་འཛིན་མུན་མཆོག་གིས་དབུས་གྲིས་ཚོགས་སུ་གཏམ་བཤད་གནང་རྒྱུ་ཡིན་འདུག་གོ།
↧