ཁས་ས་ཉེས་འཛུགས་གནང་བའི་པ་ཀིས་ཐན་གྱི་སྲིད་བློན་ཟུར་པའི་མག་པ་བཙོན་བཟུང་བྱས་ཡོད་འདུག་ དེ་ཡང་རེས་གཟའ་པ་སངས་སུ་པ་ཀིས་ཐན་གྱི་ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་པ་ཀིས་ཐན་གྱི་སྲིད་བློན་ཕྱིར་འབུད་པ་ན་ཝཛ་ཤཱ་རིཕ་ལ་ལྐོག་བརྔན་སྤྲོད་ལེན་གྱི་ནག་ཉེས་གསུམ་ཐོག་ལོ་བཅུ་རིང་བཙོན་འཇུག་གི་ཁྲིམས་ཐག་གཅོད་འདུག་ ད་དུང་ཁོང་གི་བུ་མོ་མར་ཡམ་ལ་ལོ་བདུན་གྱི་བཙོན་འཇུག་དང་མག་པ་རྒས་ཡོལ་ཞུ་བཟིན་པའི་དམག་དཔོན་སཕ་དྷར་ལ་ལཀ་གཅིག་རིང་བཙོན་འཇུག་གིས་ཉེས་ཆད་ཐག་གཅོད་གནང་འདུག་ ལེ་ཐོགས་ཁྲིམས་དཔོན་མོ་ཧཱ་མདྷ་བྷ་ཤིར་མཆོག་གིས་ཁང་སྒོ་རྒྱག་པའི་ཐོག་ཁྲིམས་ཐོག་ཐག་གཅོད་གནང་འདུག་གོ།
↧