Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ཨ་རི་ཡིས་བྱང་ཀོ་རི་ཡའི་ཁས་ལེན་བཞིན་རྡུལ་ཕྲན་མཚོན་ཆ་བློས་གཏོང་བར་འབོད་པ།

$
0
0

༄།ཨ་རི་ཡིས་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇུང་ཨུན་མཆིག་ལ་ཁས་ལེན་བལྟར་རང་རྒྱལ་གྱི་རྡུལ་ཕྲན་མཚོན་ཆ་བློས་གཏོང་བར་འབོད་འདུག་ ཨ་རི་ཡི་ཕྱི་སྲིད་དྲུང་ཆེ་མཨིཀ་པོམ་པོ་ཨེ་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྐབས་སྙིད་དོན་གསལ་བཤད་གནང་སྟེ་རྒྱལ་སྤྱིས་བྱང་ཀོ་རི་ཡར་རྡུལ་ཆེན་མཚོན་ཆ་རྩ་མེད་གཏོང་བར་བྱ་སྤྱོད་སྤེལ་བར་རེ་སྐུལ་ཞུ་བཞིན་ཡོད་བཅས་བརྗོད་འདུག་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་བྱང་ཀོ་རི་ཡའི་ཁ་གཏད་དུ་བཀའ་བཅད་མུ་མཐུད་གནང་བ་མ་ཟད་རྒྱ་ནག་དང་རུས་ལའང་བྱང་ཀོ་རི་ཡའི་དམ་བཅའ་མ་གྲུབ་ཚེ་སྲིད་དོན་བཀའ་བཅད་མུ་མཐུད་གནང་བར་འབོད་སྐུལ་ཞུས་འདུག་ དེ་ཡང་སྤྱི་ལོ་2006 ལོ་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་སྒྱོགས་རྡོའི་འཕུར་མདའ་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱས་པར་སྲིད་དོན་བཀའ་བཅད་གཏན་འབེབ་བྱས་ཡོད་དོ།


Viewing all articles
Browse latest Browse all 6348