Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

པ་ཀིས་ཐན་གྱི་ཁྲིམས་བཟོ་བས་བཀའ་སྡོམ་ཅན་གྱི་མི་སྣ་འོས་སྡུར་མཉམ་ཞུགས་འགྲན་སྡུར་གནང་བར་སེམས་ཚབ་བརྗོད་པ།

$
0
0

༄།པ་ཀིས་ཐན་གྱི་ཁྲིམས་བཟོ་བ་གང་འཚམ་གྱིས་བཀའ་སྡོམ་ཅན་གྱི་མི་སྣ་འོས་སྡུར་མཉམ་ཞུགས་འགྲན་སྡུར་གནང་ཚེ་དྲག་སྤྱོད་པ་རྣམས་དབུས་གྲོས་ཚོགས་སུ་འཛུལ་བཞུགས་ཐུབ་པའི་ཉེན་ཁ་ཡོད་པ་སེམས་་ཚབ་བརྗོད་འདུག་ ཁོང་ཚོས་པ་ཀིས་ཐན་འོས་བསྡུ་ལྷན་ཁང་ECP ལ་བཀག་སྡོམ་ཅན་གྱི་ཚོགས་པ་རྣམས་འོས་སྡུར་འགྲན་བསྡུར་བྱེད་བཅུག་པ་ན་ཐལ་སྤྱོད་པ་རྣམས་གཞུང་འཛིན་ལམ་ལུགས་སུ་འཛུལ་བཞུགས་ཐུབ་པའི་ཉེན་ཁ་ཡོད་པ་བརྗོད་འདུག་ སྲིད་དོན་ཚོགས་པ་PML-N གྱི་གྲོས་ཚོགས་གོང་མའི་ཚོགས་མི་པར་ཝེཛ་ར་ཤིདྷ་དང་ཁྲིམས་བཟོ་བ་གཞན་འགའ་ཤས་ཀྱིས་པ་ཀིས་ཐན་འོསབསྡུ་ལྷན་ཁང་དང་དབུས་དང་མངའ་སྡེ་ཁག་གི་གཞུང་ལ་འདི་ཟླའི་ཚེས་25 ཉིན་གྱི་འོས་བསྡུ་དགག་མེད་དྲང་བདེན་ངང་ཚུགས་ཐུབ་པར་འབོད་སྐུལ་ཞུས་འདུག་གོ།


Viewing all articles
Browse latest Browse all 6348