Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

རྒྱ་གར་གྱི་བཟའ་བཅའ་བདེ་འཇགས་དང་ཞིང་ལས་ཡར་རྒྱས།

$
0
0

ཉེས་འཆར་འབྲས་ལ་སོགས་པའི་གཞན་ཡང་ཀ་རིབ་སྟོན་ཐོག་༡༤ཡི་རིན་ཚད་གཞུང་ནས་སྤར་གནང་འདུག།ཞིང་པ་རྣམས་ལ་སྟོན་ཐོག་གི་རིན་ཚད་ལས་བརྒྱ་ཆ་༥༠མང་པ་ཐོབ་རྒྱུའི་རོགས་པ་བྱས་རྒྱུ་མིན་པ་སོ་སོ་རྒྱལ་ཁབ་ཀྱི་མི་མང་ལ་བཟའ་བཅའ་ཡི་ཐོན་སྐྱེད་འདང་ངེས་མེད་པའི་གནས་སྟངས་ཞིག་ཆགས་ཡོད་པ་རེད།  ཕྱི་ལོ་༢༠༣༠བར་རྒྱ་གར་གྱི་མི་མང་ས་ཡ་༣༩༤གསོ་སྐྱོང་གནང་དགོས་ཀྱི་ཡོད་པ་ཨ་རི་ནང་ཡོད་པའི་ཚན་རྕལ་རིགས་པའི་གསར་དེབ་ནང་བཀོད་འདུག། དེ་འདྲ་སོང་ཙང་རྒྱ་གར་མུ་འཐུད་བཟའ་བཅས་ཐོན་སྐྱེད་ཐོག་ལ་ཤུགས་རྒྱབ་ནས་ཐོན་སྐྱེད་ཀྱི་སྒྲུབ་འབྲས་ལེགས་པོ་སྟོན་དགོས་ཀྱི་ཡོད་པ་རེད།

རྒྱ་གར་གྱི་འབྲུ་རིགས་ཐོན་སྐྱེད་འདབ་ལྔ་འཕར་ཡོད་པ་ནི་ཕྱི་ལོ་༡༩༥༠ནས་༡༩༥༡བར་ལ་ས་ཡ་ཊོན་༥༠་དང་ཕྱི་ལོ་༢༠༡༧ནས་༢༠༡༨ལ་ས་ཡ་ཊོན་༢༧༧ཆགས་ཡོད་པ་རེད།

ཕྱི་ལོ་༢༠༢༢བར་དུ་རྒྱ་གར་ཞིང་པ་རྣམས་ཀྱི་ཡོངས་བབས་འདབ་གཉིས་འཕར་རྒྱ་ཆེད་ལ་རྒྱ་གར་གཞུང་ནས་སྟོན་ཐོག་ཐོན་སྐྱེད་ཀྱི་རིན་གོང་འདབ་༡་༥མང་དུ་སྤར་ཡོད་པ་རེད། རྒྱ་གར་དབུས་གཞུང་ནས་རྒྱ་གར་གྱི་བཟའ་བཅའ་བདེ་འཇགས་ལས་འཆར་བཞིན་མི་མང་སྐྱོ་བོ་དང་རིགས་དམའ་བ་ས་ཡ་ཙམ་ལ་འབྲས་དང་གྲོ་རོགས་རམ་འབུལ་རྒྱུ་ཐོག་ལ་ཕྱི་ལོ་༢༠༡༨དང་༢༠༡༩ལོ་ཡི་དངུལ་རྩིས་འཆར་གཞི་ནང་བཀོད་ཡོད་པ་རེད།

རྒྱ་གར་་གཞུང་ནས་དབུལ་འཕོང་རྣམས་ལ་བཟའ་བཅས་གཅིག་པོའི་མཐོན་སྐྱེན་བསྐྲུན་རྒྱུ་མིན་པ་ཟས་བཅུད་ལྡན་པའི་ཐོན་སྐྱེད་སྤྲོད་རྒྱུའི་འབད་བརྕོན་གནང་གྱི་ཡོད་པ་རེད། རྒྱ་གར་ནང་ཕྲུ་གུ་བརྒྱ་ཆ་༡༠་ནས་བཞི་ལ་ཟས་ཀྱི་བཅུད་མ་དངས་ནས་བཅུད་མེད་ཟས་སྤྱོད་ཀྱི་གཅོང་ནད་ནར་གྱི་ཡོད་པ་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ནང་བཀོད་འདུག། ཕྲུ་གུ་ལོ་ལྔ་ལས་ཆུང་པ་རྣམས་ཀྱི་ཟས་བཅུད་ཀྱི་རིའུ་མིག་༣༨་༤ཡིན་པ་སྟོན་ཡོད་པ་དང་དེ་ནི་སྐབས་བབས་ཀྱི་ལོ་ནས་ཉུང་ཅ་ཡིན་ཚུལ་རྒྱ་གར་གཞུང་གྱི་རེའུ་མིག་ནང་དུ་བཀོད་འདུག། ཕྲུ་གུ་ལོ་ལྔ་ནས་ཆུང་བ་བརྒྱ་ཆ་༤༥བཅུད་མེད་ཟས་སྤྱོད་ཀྱི་གཅོང་ནད་ནར་འདས་གྲོངས་ཕྱིན་ཡིན་པ་རྒྱལ་སྤྱི་འཕྲོད་བསྟན་གྱི་ཚོགས་པའི་བཀོད་གནང་འདུག།གོང་གྱི་རྒྱུ་མཚན་ལ་རྟེན་ནས་རྒྱ་གར་གཞུང་ནས་ནང་མི་ས་ཡ་༧༠ལ་ཟླ་རེ་དལ་ཀི་ལོ་གཉིས་རེ་སྤྲོད་ཀྱི་ཡོད་པ་དང་དེ་ཡང་ཁྲོམ་གཞུང་གི་རིན་ཚད་ལས་རིན་པ་ཕྱེད་ཀ་བྱས་གྱིན་ཡོད་འདུག། དལ་ནི་ཟས་བཅུད་ལྡན་པའི་ཁ་ཟས་ཞིག་ཡིན་པ་དང་དེའི་ནང་དུ་པོར་ཊིན་དང་ཕབ་པར་ཡོད་པ་ན་བཅུད་མེད་ཟས་སྤྱོད་ཀྱི་གཅོང་ནད་ལས་ཐར་ཐབས་ཞིག་ཡིན། ད་ལྟའི་འཆར་རྒྱ་གར་ནས་མི་མང་ས་ཡ་༤་༤ཏོན་ལ་དལ་གྱི་ཟས་རིགས་མཐོན་སྐྱེན་སྦྱོར་ཡོད་པ་དང་རྒྱ་གར་གཞུང་ནས་ཟས་བཅུད་ལྡན་པའི་ཟས་རིགས་རོགས་སྐྱོེར་གནང་རྒྱུ་ལ་དཀའ་ངལ་མེད་པའི་གྲོས་འཆར་སྟོན་ཡོད་པ་རེད།

རྒྱལ་ཡོངས་ཟ་བཅའ་བདེ་འཇགས་ལས་འཆར་ཚོགས་པ་ནས་རྒྱ་གར་གཞུང་ཕྲུ་གུ་ བོུ་དང་ཨ་མ་འོ་མ་སྤྲོད་བཞིན་ཡོད་པརྣམས་བཅུད་མེད་ཟས་སྤྱོད་ཀྱི་གཅོང་ནད་ནར་པ་བཞིན་ཡོད་པའི་དཀའ་ངལ་སེལ་ཐོབས་ཀྱི་འགན་དབང་སྤྲོད་ཡོད་པ་རེད། རྒྱལ་ཡོངས་ཟ་བཅའ་བདེ་འཇགས་ལས་འཆར་ཚོགས་པ་ལ་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་ནི་ཟ་བཅས་ཀྱི་ཐུན་རྐྱེད་འབྱོར་རྒྱུ་དང་ཞིང་པ་རྣམས་ལ་རོགས་བསྐྱོར་བྱེད་རྒྱ་ཡིན་འདུག།་དམིགས་ཡུལ་དེའི་ནང་དུ་མི་མང་ལ་ཟ་བཅའ་ཀྱི་རིན་གོང་ཆུང་དུ་གཏོང་རྒྱུ་དང་ཞིན་པ་ལ་ཡོངས་བབས་ཆེ་རུ་གཏོང་རྒྱུ་ཡིན་འདུག། ཕྱི་ལོ་༢༠༡༧དང་༢༠༡༨ལ་ཟ་བཅས་རོགས་རམ་ལ་རིན་གོང་ཀ་རོལ་འབུམ་༡་༤༥ཕྱིན་ཡོད་པ་དང་ཕྱི་ལོ་༢༠༡༨ནས་༢༠༡༩བར་འབུམ་ཀ་རོལ་༡་༦༠་འགྲོ་རྒྱུའི་ཚོད་པག་བྱེད་བཞིན་ཡོད་པ་རེད། ཡིན་ནའང་གཞུང་ནས་སྐྱོ་བོ་དང་ཡར་རྒྱས་མ་ཕྱིན་པའི་ས་ཁུལ་ལ་རོགས་པ་བྱེད་རྒྱུ་ཁས་ལེན་ཡོད་པ་དང་རྒྱ་གར་ལྟ་བུའི་རྒྱལ་ཁབ་ལ་ཟ་བཅས་བདེ་འཇགས་ནི་གལ་ཆེ་གནས་དོན་ཡིན་འདུག།

མ་དཔེ།      ཤན་ཀར་ཀུ་མར།    གསར་འགོད་རྒན་པ།


Viewing all articles
Browse latest Browse all 6348