Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡའི་དབར་ལྕགས་ལམ་རྨང་གཞི་དང་འབྲེལ་མཐུད་ཐོག་མཉམ་ལས།

$
0
0

རྒྱ་གར་མེ་འཁོར་ལྷན་ཁང་གིས་དབུས་གཞུང་འཛིན་སྐྱོང་ལ་མེ་འཁོར་ཁྱབ་ཁོངས་ནང་རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡའི་དབར་ལ་བཟོ་ལས་མཉམ་ལས་ཐོག་བཞག་པའི་གྲོས་མཐུན་སྐོར་སྙན་གསན་ཞུས་ཡོད། འདིའི་ཐོག་ནས་རྒྱ་གར་གྱིས་མེ་འཁོར་ཁྱབ་ཁོངས་ཡར་རྒྱས་ཆེད་ཨིན་ཌོ་ནེ་ཤི་ཡ་དང་ལྷན་དུ་གང་མགྱོགས་ལས་ཀ་བྱ་འདོད་ཡོད་པ་གསལ་པོ་རེད། མེ་འཁོར་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུའི་གྲོས་མཐུན་དེ་བཞིན་སྲིད་བློན་ན་རེནྡྲ་མོ་དི་མཆོག་སྤྱི་ལོ་ ༢༠༡༨ ལོའི་ ཟླ་ ༥ ནང་ཨིན་ཌོ་ནེ་ཤི་ཡར་ཕེབས་སྐབས་མཚན་རྟགས་བཀོད་པ་ཞིག་ཆགས་ཡོད།

རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡ་གཉིས་ནས་གྲོས་མཐུན་དེ་ཙམ་མ་ཟད་མེ་འཁོར་ཁྱབ་ཁོངས་ཀྱི་སྡེ་ཚན་ཆུང་ཁག་ནང་ནུས་ཤུགས་འཛུགས་བསྐྲུན་དང་། ལག་ལེན་བརྗེ་རེས། བཟོ་ལས་ཀྱི་ཇི་ལྟར་བྱེད་ལུགས་སོགས་ནང་ཚན་མང་དག་གཅིག་གི་ཐོག་ལ་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱུང་ཡོད།

མཉམ་ལས་ཀྱི་ཐབས་བྱུས་རྣམ་པའི་ནང་གདལ་གླའི་བབ་ཚུགས་ཡར་རྒྱས་དང་། དམག་འགུལ་ཐབས་བྱུས་ས་ཚིགས། ཕན་ཚུན་སྐྱེལ་འདྲེན། ལྕགས་ལམ་དང་སྦུག་ལམ་ཚུད་པའི་འཛུགས་བསྐྲུན་དང་གཏན་འཇགས་རྨང་གཞིའི་བདག་སྐྱོང་བཟོ་ལས་བརྗེ་རེས་བཅས་ཚུད་ཡོད་པ་རེད།

ཁྱབ་ཁོངས་འདིའི་ནང་མཉམ་ལས་ཁྱབ་ཆེ་བྱ་རྒྱུ་ཡོད་པར་མཐོང་བའི་ཐོག་ནས་ཕྱོགས་གཉིས་ཀྱིས་མ་འོངས་པར་ཐུན་མོང་གི་སློབ་སྟོན་དང་ཐག་གཅོད་ཐོག་ནས་མཉམ་ལས་གསར་པའི་རིགས་གསར་སྤེལ་གྱི་སྒོ་ཕྱེ་ནས་བཞག་ཏེ་གྲོས་མཐུན་གྱི་ཕུག་རེ་གསོན་པོར་ཉར་རྒྱུའི་ཐག་གཅོད་བྱས་ཡོད།

རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡ་གཉིས་ཀས་གོ་ལ་གཅིག་གྱུར་གྱི་འཛམ་གླིང་ནང་འགྲན་རྩོད་ཆེ་རུ་འགྲོ་བཞིན་པའི་ཁྲོད་ཡར་རྒྱས་དང་གྲུབ་འབྲས་སོན་པ་ཞིག་དགོས་ན་འབྲེལ་མཐུད་ཇི་ཆེ་དང་རྨང་གཞི་ཡར་རྒྱས་བཅས་ནི་མེད་དུ་མི་རུང་བའི་གནད་འགག་ཅིག་ཡིན་པའི་གནས་ཚུལ་ཤེས་གསལ་རེད། ཉེ་ཆར་རྒྱ་གར་དང་ཨིན་ཌི་ནེ་ཤི་ཡའི་ལྕགས་ལམ་དྲ་བ་དང་འབྲེལ་མཐུད་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱས་པ་དེ་ནས་གསལ་པོ་ཤེས་ཐུབ། རྒྱ་གར་གྱིས་རྒྱ་གར་གྱི་ཆེས་ཐོག་མའི་མྱུར་བགྲོད་མེ་འཁོར་ལྕགས་ལམ་འགོ་འཛུགས་ཆེད་ཉི་ཧོང་དང་ལྷན་དུ་མུམ་བྷེ་བས་ཨ་མི་ད་བྷད་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་གྱི་ལག་རྡང་སྦྲེལ་ཡོད། ཀི་ལོ་མི་ཊར་ ༥༣༤ ཅན་གྱི་ལས་འཆར་དེར་ཨ་སྒོར་ཐེར་འབུམ་ ༡༠ འགྲོ་སོང་འགྲོ་རྒྱུ་དང་སྤྱི་ལོ་ ༢༠༢༢ ལོར་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད། དོན་དངོས་ཐོག་མེ་འཁོར་ཁྱབ་ཁོངས་ནང་རྨང་གཞི་ཡར་རྒྱས་དང་ནུས་ཤུགས་འཛུགས་བསྐྲུན་བྱ་རྒྱུ་དེ་ཉེ་བའི་ལོ་ཤས་ནང་རྒྱ་གར་དང་ཉི་ཧོང་དབར་གྱི་མཉམ་ལས་ཀྱི་གཙོ་གནད་ཆ་ཤས་ཤིག་ཆགས་ཡོད།

ཨིན་ཌོ་ནེ་ཤི་ཡས་མེ་འཁོར་ཁྱབ་ཁོངས་ཡར་རྒྱས་ཆེད་རྒྱ་ནག་དང་ཉི་ཧོང་གི་ལྷན་དུའང་མཉམ་ལས་བྱེད་བཞིན་ཡོད། སྤྱི་ལོ་ ༢༠༡༥ ལོར་ཨིན་ཌོ་ནེ་ཤི་ཡས་ཇ་ཀར་ཏ་ནས་བྷན་རྡུང་དབར་གྱི་ ༼ནུབ་ཇ་ཝའི་རྒྱལ་ས།༽ མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་གསལ་བསྒྲགས་བྱས་ཡོད་པ་དང་ལྕགས་ལམ་དེ་བཞིན་རྒྱ་ནག་དང་ལྷན་དུ་མཉམ་ལས་བྱས་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཆགས་ཡོད་པ་རེད། ཨིན་ཌོ་ནེ་ཤི་ཡས་ཇ་ཀར་ཏ་དང་དབུས་ཇ་ཝའི་རྒྱལ་ས་སེ་མ་རང་མཐུད་པའི་མྱུར་བགྲོད་བར་མའི་ལྕགས་ལམ་འཛུགས་བསྐྲུན་གྱི་བསལ་ཚུལ་ཐོག་ལས་ཀ་བྱེད་བཞིན་ཡོད། ཇ་ཀར་ཏ་དང་སེ་མ་རང་གི་ལས་འཆར་ཆེད་ཉི་ཧོང་གི་སྲིད་བློན་ཤིན་ཛི་ཨ་བྷེ་སྤྱི་ལོ་ ༢༠༡༧ ལོར་ཕྱོགས་ཕེབས་སྐབས་མཉམ་ལས་བྱ་རྒྱུ་ཡོད་མིན་ལྟ་རྒྱུ་བྱས་ཡོད།

ཨིན་ཌོ་ནེ་ཤི་ཡས་ཉི་ཧོང་དང་ལྷན་དུ་ལས་འཆར་དེའི་ཐོག་མཉམ་ལས་བྱ་མིན་གཏན་འཁེལ་བྱུང་མེད་ཀྱང་ཇ་ཀར་ཏའི་ངོས་ནས་དེ་གའི་ལྕགས་ལམ་རྨང་གཞི་དང་འབྲེལ་མཐུད་ཡར་རྒྱས་ཆེད་ཨི་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྣམས་དང་ལས་ཀ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད།

རྒྱ་གར་གྱིས་སྔ་ས་ནས་ཉི་ཧོང་དང་ལྷན་དུ་ལྕགས་ལམ་ཁྱབ་ཁོངས་ནང་ལས་ཀ་བྱེད་བཞིན་ཡོད། ཉིང་ཧོང་ནས་མ་འཇོག་དང་། བཟོ་རྩལ། ཇི་ལྟར་བྱེད་ལུགས་སོགས་བྱུང་གི་ཡོད་པའི་ཆ་ནས་རྒྱ་གར་དང་ཉི་ཧོང་གི་མེ་འཁོར་ཁྱབ་ཁོངས་མཉམ་ལས་དེ་བཞིན་གཏོང་ལེན་གྱི་འབྲེལ་ལམ་ཞིག་ལས་ལྷག་པ་ཆགས་ཡོད། ཇི་ལྟར་ཀྱང་། རྒྱ་གར་དང་ཨིན་ཌི་ནེ་ཤི་ཡའི་ལྕགས་ལམ་མཉམ་ལས་དེ་བཞིན་ལམ་གཉིས་ཀྱི་རྒྱུད་རིམ་ཞིག་ཆགས་ཡོད་པ་དང་དེའི་ནང་ཕྱོགས་གཉིས་ཀས་སོ་སོའི་བཟོ་རྩལ་དང་ལག་ལེན་རྩེད་ཕུད་་བཅས་བརྗེ་རེས་བཅས་བྱེད་དེ་ནུས་ཤུགས་འཛུགས་བསྐྲུན་ཐོག་མཉམ་ལས་བྱ་རྒྱུ་ཡིན་པ་རེད།

རྒྱ་གར་འདི་བཞིན་འཛམ་གླིང་ནང་ནས་མེ་འཁོར་དྲྭ་བ་ཆེ་ཤོས་ཨང་བཞི་པ་ཡིན་པ་དང་ལྕགས་ལམ་རིང་ཆད་ཀི་ལོ་མི་ཊར་སྟོང་ཕྲག་ ༥༥ ཡོད་པའི་ཆ་ནས་རྒྱ་གར་གྱིས་ཨིན་ཌོ་ནེ་ཤི་ཡར་ཟླ་གྲོགས་ཐོག་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་རྒྱུ་ཡོད་པ་རེད། རྒྱ་གར་མེ་འཁོར་རྣམས་ཀྱིས་འཛམ་གླིང་ནང་འགྲུལ་བ་མང་ཤོས་འཁྱེར་གྱི་ཡོད་པ་རེད།

རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡ་གཉིས་ཀར་ས་ཁམས་མི་འདྲ་བ་སྣ་ཚོགས་ཡོད་སྟབས་ཉམས་མྱོང་དང་བཟོ་རྩལ་བརྗེ་རེས་བྱེད་སའི་ཁྱབ་ཁོངས་གསར་པ་མང་དག་ཅིག་ཐོན་རྒྱུ་ཡིན་པ་རེད།

རྒྱ་གར་དང་ཨིན་ཌོ་ནེ་ཤི་གཉིས་ལྷོ་དང་ལྷི་ཤར་ཨི་ཤི་ཡའི་མངའ་ཁུ་ནང་ནས་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་ཡིན་པའི་ཆ་ནས་ཨེ་ཤི་ཡའི་མ་འོངས་པ་དང་དེའི་ཐོག་སོ་སོའི་ཆ་ཤས་བཅས་ཚང་མ་རྒྱལ་ནང་དང་། མངའ་ཁུལ་ཕན་ཚུན། མངའ་ཁུལ། དཔལ་འབྱོར། ཌི་ཇི་ཊལ་འབྲེལ་མཐུད། ཁྱབ་ཆེའི་རྨང་གཞི་འཛུགས་བསྐྲུན་གྱི་ཡར་རྒྱས་མྱུར་ཚད་བཅས་དང་འབྲེལ་བ་ཡོད་པ་ར་འཕྲོད་གསལ་པོ་ཐུབ་ཡོད། དེ་དོན་དངོས་ཡོད་ཆགས་དགོས་ན་ལྕགས་ལམ་འབྲེལ་མཐུད་དང་རྨང་གཞི་བཅས་ཀྱི་ཐག་གཅོད་དེ་གཙོ་གནད་ཆ་ཤས་ཤིག་ཆགས་ཡོད།

་མ་ཟིན། ཌག་ཌར་ར་ཧུལ་མི་ཤྲ། ལྷོ་དང་ལྷོ་ཤར་ཨེ་ཤི་ཡའི་ཐོག་ཐབས་བྱུས་དཔྱད་ཞིབ་པ།

 


Viewing all articles
Browse latest Browse all 6348