༄། རྒྱ་གར་དད་དབྱིན་ཡུལ་གཉིས་ཀྱིས་ཉམས་ཞིབ་དང་གསར་གཏོད་སེཇ་ཊར་དུ་མཉམ་ལས་གོང་འཕེལ་གཏོང་བར་མུ་མཐུད་གནང་ཡོད་འདུག་ མཉམ་སྦྲེལ་དེ་དག་བརྒྱུད་གཙང་ཆུ་བཙོག་སྒྲིབ་དང་གནམ་གཤིས་འགྱུར་ལྡོག་ མི་ཚེ་འཇིག་ཉེན་བྱེད་པའི་ན་ཚ་སོགས་ལྡོག་རྒྱུ་ཡིན་འདུག་ ཐག་གཅོད་དེ་དག་རེས་གཟའ་ཕུར་བུ་ཉིན་རྒྱལ་ས་ལྡི་ལིར་ཚུགས་པའི་གཞུང་འབྲེལ་གནད་ཚད་ཀྱི་རྒྱ་གར་ཚན་རིག་དང་གསར་གཏོད་ལྷན་ཚོགས་ཀྱི་ཚིགས་འདུ་ཐེངས་དྲུག་པའི་སྐབས་མུ་མཐུད་བྱུང་འདུག་ ཆེས་མཐོའི་ལྷན་ཚོགས་དེར་རྒྱལ་ཡོངས་ཁོར་ཡུག་བློན་ཆེན་སྨན་པ་ཧརཤ་ཝར་དྷན་དང་དབྱིན་ཡུལ་གྱི་གོ་གནས་མཉམ་པ་སྐུ་ཞབས་སེམ་གུཨི་མེ་གཉིས་ཀྱིས་ལྷན་བཞུགས་གབང་ཡོད་འདུག་ བློན་ཆེན་ཝར་དྷན་མཆོག་གིས་ཚན་རིག་པ་དང་གསར་གཏོད་་རྣམས་ལ་མང་ཚོགས་ཀྱི་སྤྱོད་ཐུབ་པའི་རིན་གོང་ཆུང་བ་དང་ཁོར་ཡུག་མཐུན་པའི་དངོས་ཟོག་བཟོས་པར་འབོད་སྐུལ་ཞུ་འདུག་གོ།
↧
རྒྱ་གར་དད་དབྱིན་ཡུལ་གཉིས་ཀྱིས་ཉམས་ཞིབ་དང་གསར་གཏོད་སེཇ་ཊར་དུ་མཉམ་ལས་གོང་འཕེལ་གཏོང་བར་མུ་མཐུད་གནང་བ།
↧