Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ར་མོན་མགྷ་སེ་སེ་གཟེངས་རྟགས་ཐོབ་མཁན་གྱི་ཐོ་གཞུང་ནང་རྒྱ་གར་མི་སྣ་གཉིས་ཡོད་པ།

$
0
0

༄། ལོ་འདི་ཡི་ར་མོན་མགྷ་སེ་སེ་གཟེངས་རྟགས་ཐོབ་མཁན་གྱི་ཐོ་གཞུང་མོ་སྣ་དྲུག་ནང་རྒྱ་གར་མི་སྣ་བྷ་རཏ་ཝཏ་ཝ་ནི་དང་བསོད་ནམས་དབང་ཕྱུག་གཉིས་ཡོད་འདུག་ ཁས་ས་གསལ་བསྒྲགས་གནང་བའི་གཟེངས་རྟགས་ཐོབ་པ་པོའི་ཐོ་གཞུང་ནི་རྒྱལ་སྤྱིའི་མཚན་སྙན་ནོ་སྦེལ་གཟེངས་རྟགས་ཀྱི་ཨེ་ཤི་ཡའི་འགྲེལ་ཚུལ་ལྟ་བུ་ངོས་འཛིན་གནང་གིས་ཡོད་ ར་མོན་མགྷ་སཉ་སེ་གཟེངས་རྟགས་ཐེབས་རྩས་སྐུ་ཞབས་ཝཏ་ཝ་ནི་མཆོག་གྱིས་རྒྱ་གར་དུ་ཀླད་པའི་ན་ཚ་ཡི་མནར་བཞིན་པའི་དབུལ་ཕོངས་ཉམ་ཐག་རྣམས་ལ་བྱམས་སྐྱོང་རོགས་རམ་ལྷད་མེད་གནང་བར་ངོས་འཛིན་དགའ་བསུའི་ཐོག་གཟེངས་རྟགས་ཕུལ་རྒྱུ་ཡིན་ཞེས་གསུངས་འདུག་ སྐུ་ཞབས་དབང་ཕྱུག་མཆོག་གིས་རྒྱ་གར་བྱང་ཕྱོགས་ཐག་རིང་ཁུལ་དུ་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་ཤེན་ཡོན་ལམ་ལུགས་ལེགས་བཅོས་དང་སྤྱིར་སྤྱི་ཚོགས ཞབས་ཞུ་ལ་ངོས་འཛིན་དགའ་བསུའི་ཐོག་གཟེངས་རྟགས་སྩལ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གསལ་བསྒྲགས་གནང་འདུག་ སྤྱི་ལོ་1957 ལོར་འགོ་འཛུགས་གནང་བའི་གཟེངས་རྟགས་དེ་ནི་ཨེ་ཤི་ཡའི་གཟེདས་བསྟོད་སྙན་སྒྲགས་ཆེ་ཤོས་ཡིན་འདུག་གོ།


Viewing all articles
Browse latest Browse all 6348