༄། ཨི་ཇིཔཊ་གཞུང་གི་སྟངས་འཛིན་གནང་བའི་གསར་འགོད་ཁང་གིས་ཁྲིམས་མེད་ཁ་མཆེ་མཆེས་གྲོགས་ཚོགས་པའི་མི་སྣ་ཤུགས་ཆེན་ཁག་ཕྱི་ལོ་2013 ལོའི་རྒྱལ་སྲུང་འབྲེལ་བའི་ནག་ཉེས་ཐད་ཅན་མི་75 ལ་སྲོག་ཐོག་ཉེས་ཆད་ཐག་གཅོད་བཀའ་བཏང་འདུག་ རེས་གཟའ་སྤེན་པའི་ཀའི་རོ་ནག་ཅན་ཁྲིམས་ཁང་གི་ཐག་གཅོད་དེ་ཨི་ཇིཔཊ་ཁ་མཆེ་ཆོས་ལུགས་ཀྱི་དབང་འཛིན་མཐོ་ཤོས་Grand Mufti ལ་བསམ་ཚུལ་སླང་བར་གོང་འབུལ་ཞུ་ཡོད་འདུག་ སྤྱིར་ཁ་མཆེ་དབང་འཛིན་གྱིས་ཁྲིམས་ཁང་གི་ཐག་གཅོད་ལ་རྒྱུན་དུ་མོས་་མཐུན་གནང་གིས་ཡོད་ དབུས་གཞིད་གི་སྟངས་འཛིན་གནང་བའི་གསར་འགོད་དྲ་ལྗོངས་Al-Ahram ཡི་གནས་ཚུལ་ཐོན་པ་བལྟར་ན་ནག་ཉེས་ཅན་གཞན་མི་660ལ་ཁྲིམས་ཐོག་ཐག་གཅོད་ཕྱི་ཟླ་དགུ་པའི་ཚེས་8 ལ་སྒྲིག་ཡོད་བཅས་བྲིས་འདུག།
↧