Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ཨཕ་གྷན་གྱི་ཇ་ལ་ལ་བྷཊ་སྐྱེ་གཡོག་སྦྱོང་བསྡར་ལྟེ་གནས་ཁང་དུ་འཇིག་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱིས་མི་གསུམ་གསོད་པ།

$
0
0

༄། ཁས་ས་ཨཕ་གྷ་ནིས་ཐན་གྱི་ཤར་ངོས་ཇ་ལ་ལ་བྷཊ་ཡི་གྲོང་འཁྱེར་གྱི་སྐྱེ་གཡོག་སྦྱོང་བསྡར་ལྟེ་གནས་ཁང་དུ་མཚོན་ཐོགས་མི་ངན་གྱི་བཙན་རྒོལ་བྱས་སྟེ་ཉེན་སྲུང་དམག་མི་དང་ཆུ་ཚོད་གསུམ་ལྷག་མེ་འཕེན་རྒོལ་འཛིང་གིས་ལས་བྱས་པ་གསུམ་གསོད་ཡོད་འདུག་ མངའ་སྡེ་གཞུང་གི་མགྲིན་ཚབ་པ་ཨ་ཏཱ་ལྷ་ཀིགྷ་ཡ་ནི་མཆོག་གིས་མཚོན་ཐོགས་མི་ངན་གཅིག་རང་ཤི་བར་གས་དྲག་ཏུ་འགས་སྟེ་རྒོལ་འཛིང་གི་འགོ་སྟོད་ལ་ཤི་པ་དང་དྲག་སྤྱོད་པ་གཞན་ཆུ་ཚོད་ཁ་ཤས་མེ་འཕེན་རྒོལ་འཛིང་རྗེས་གསོད་ཐུབ་པ་བྱུང་ཡོད་པ་འགྲེལ་བརྗོད་གང་འདུག་ སྐྱེ་གཡོག་སྦྱོང་བསྡར་བལྟེ་གནས་ཁང་དུ་ཁ་ལོ་བ་གཙིག་དང་ཉེན་སྲུང་དམག་མི་གསུམ་ཤི་པ་དང་གཞན་མི་བདུན་རྨས་སྐྱོན་བྱུང་ཡང་མི་63 ཧ་ལམ་ཆ་ཚང་བུད་མེད་ཡིན་པ་ས་གནས་ལས་གནོད་མེད་ཉེན་སྐྱོབ་ཐུབ་པ་བྱུང་ཡོད་འདུག་།


Viewing all articles
Browse latest Browse all 6348