Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ནང་སྲིད་ལྷན་ཁང་གིས་ད་ལོའི་ཆར་དུས་ཀྱི་མངའ་སྡེ་དྲུག་ཏུ་མི་535 གསོད་དེ་གཏོར་བཤིག་གནོད་སྐྱོན་ཆེན་པོ་བཟོས་པ།

$
0
0

༄། ནང་སྲིད་ལྷན་ཁང་གིས་ད་ལོའི་ཆར་དུས་ཀྱི་མངའ་སྡེ་དྲུག་ཏུ་མི་535 གསོད་པ་དང་མི་188 རྨས་སྐྱོན་བཟོས་པ་དང་གཏོར་བཤིག་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་བརྗོད་འདུག་ རྒྱལ་ས་ལྡི་ལིར་ནང་སྲིད་ལྷན་ཁང་གི་འགྲེམ་སྤེལ་ཞུ་བའི་ཐོ་གཞུང་ལ་བལྟར་ན་ཁས་སབར་ཨ་སམ་དང་གུཇ་རཊ་ ཀེ་རེ་ལཱ་ མ་ཧ་རཤ་ཊ་ར་ ཝཉསཊ་བེན་གྷལ་ ཨུ་ཏར་པར་དེཤ་མངའ་སྡེ་བཅས་ཀྱི་རྫོང་94 རུ་ཆུ་རུད་ཀྱིས་གནོད་ཚབ་ཆེན་པོ་བཟོས་ཡོད་པ་བཀོད་འདུག་ ད་བར་མ་ཧ་རཤ་ཊ་ར་མངའ་སྡེར་ཆར་རླུང་མཐོ་ཚད་མི་ཊར་གྱི་སྟོང་ཟུར་99.3 རྒྱག་སྟེ་རྫོང་26 རུ་གནོད་སྐྱོན་ཆེན་པོ་བཟོས་འདུག་ ཆུ་རུད་དེ་དག་གིས་མངའ་སྡེར་མི་139 གསོད་པ་དང་གཞན་མི་117 ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་འདུག་རྒྱལ་ཡོངས་རྐྱེན་ངན་འཛིན་སྐྱོང་དཔུང་ཚོགས་NDRF ཡི་ཉེན་སྐྱོབ་མི་སྣ་106 དང་གྲུ་གཟིངས་དགུ་ལྡན་པའི་རུ་ཁག་གསུམ་ཉེན་སྐྱོབ་ལས་གཞིར་ཞུགས་ཡོད་དོ།


Viewing all articles
Browse latest Browse all 6348