Quantcast
Channel: ESD | བོད་ཡིག།
Viewing all articles
Browse latest Browse all 6348

ཨ་སམ་རྒྱལ་སྤྱའི་མ་འཛུགས་ལྷན་ཚོགས་ཀྱིས་ASEAN དང་BBN རྒྱལ་ཁག་བར་ཚོང་ལས་དང་དཔལ་འབྱོར་ རིག་གཞུང་གི་འབྲེལ་ལམ་གོང་འཕེལ་བཏང་བར་འབོད་པ།

$
0
0

ཨ་སམ་སུ་འགྲོ་བཞིན་པའི་རྒྱལ་སྤྱའི་མ་འཛུགས་ལྷན་ཚོགས་ཀྱིས་ASEAN དང་ལྷོ་ཨེ་ཤི་ཡའམ་BBN རྒྱལ་ཁག་བར་རྒྱ་གར་བྱང་ཤར་གྱི་ས་གནས་བརྒྱུད་ཚོང་ལས་དང་དཔལ་འབྱོར་ རིག་གཞུང་གི་འབྲེལ་ལམ་གོང་འཕེལ་བཏང་བར་འབོད་འདུག་ ཨ་སམ་རྒྱལ་སྤྱིའི་མ་འཛུགས་ལྷན་ཚོགས་ཀྱི་ཉིན་གཉིས་པར་ཨ་སམ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སར་བྷ་ནན་དྷ་ས་ནོ་ཝལ་མཆོག་གིས་ཨ་སམ་དང་རྒྱ་གར་གྱི་བྱང་ཤར་ས་ཁུལ་རྣམས་སྔ་དུས་ནས་ASEAN དང་བྷང་ལ་དེཤ་དང་འབྲུག་ ནེ་པལ་གསུམ་ལྷན་དུ་ལོ་རྒྱུས་ཅན་གྱི་འབྲེལ་ལམ་ཡོད་པ་དགའ་སྤོབ་ངང་འགྲེལ་བརྗོད་གནང་འདུག་གོ།


Viewing all articles
Browse latest Browse all 6348