སྲིད་བློན་ན་རེན་དྷར་མོ་དྷི་མཆོག་གིས་ཐག་གཅོད་གསལ་བསྒྲགས་གནང་བའི་ལོ་རེའི་འཆར་དངུལ་གྱིས་ཞིང་པ་དང་འབྱོར་འབྲིང་གྲལ་རིམ་ལ་ཕན་ནུས་གྲུབ་པ་དང་དབུལ་ཕོངས་ཉམས་ཐག་རྣམས་ལ་འཕྲོད་བསྟེན་སྲུང་ནུས་པ་བརྗོད་འདུག་ ཁ་སང་བེན་གྷ་ལུ་རུ་གྲོང་འཁྱེར་དུ་སྲིད་བློན་མོ་དྷི་མཆོག་གིས་མང་ཚོགས་གསུང་བཤད་དུ་ལོ་རེའི་འཆར་དངུལ་ནང་གི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ལས་གཞི་Ayushman Bharat ཡིས་དབུལ་འཕོངའ་ཉམས་ཐག་ལ་ནད་གཞི་བཅོས་པའི་འགྲོ་སོང་ཁེབས་རྒྱག་པའི་ཕན་ནུས་ཆེན་པོ་གྲུན་ནུས་པ་བརྗོད་འདུག་ ཁ་སང་གི་མང་ཚོགས་ལ་སྲིད་བློན་གྱི་གསུང་བཤད་དེ་མངའ་སྡེ་ཡ་བི་ཇེ་པི་སྲིད་དོན་ཚོགས་པའི་སྲིད་འཛིན་བི་ཨེས་ཡ་དྷུ་ར་པཱ་མཆོག་གིས་དབུ་ཁྲིད་འོག་ཉིན་85 རིང་མངའ་སྡེ་ཡི་ས་གནས་ཡོངས་སུ་མི་མང་སྡེབས་འཛོམས་ཀྱི་ལས་གཞི་སྤེལ་སྟེ་མཐར་ཐུག་ཡིན་འདུག་
↧