ཁ་སང་ཇ་མུ་ཀཤ་མིར་མདའ་སྡེ་ཡི་པུནཇ་དང་རཱ་ཇོ་རི་རྫིང་གཉིས་ཀྱི་LOC ས་མཚམས་སུ་པ་ཀིས་ཏན་དམག་མི་ཡིས་་མེ་འདའ་དང་འཕུར་མདའ་རྒྱག་པ་ལས་རྒྱ་གར་གྱི་དམག་དཔོན་གཅིག་གཙོས་དམག་མོ་ཁྱོན་བཞི་ཞིང་གཤེགས་དཔའ་བོར་འགྱུར་པ་དང་གཞན་དམག་མི་གསུམ་དང་མི་སྐྱ་གཉིས་སྨས་སྐྱོན་བྱུང་ཡོད་འདུག་
ད་ལན་LOCས་མཚམས་སུ་མེ་མདའ་རྒྱག་མི་ཆོག་པའི་ཆིངས་ཡིག་ལས་འགལ་སྟེ་ཞིང་གཤེགས་སྨས་སྐྱོན་བྱུང་བའི་གནས་སྟངས་དེ་འདས་པའི་ཟླ་བ་གཅིག་དང་ཕྱེད་ཀ་ནང་ཐེངས་གཉིས་པ་ཡིན་འདུག་ ལོ་སྔོན་མའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཉིས་སུ་ར་ཇོ་རི་རྫོང་གི་ཀེ་རི་སེཀ་ཊར་དུ་མཉ་མདའ་རྒྱག་པ་ལས་དམག་དཔོན་གཅིག་དང་སམག་མི་གསུམ་ཞིང་སུ་ཕེབས་སོ།