རུ་སུ་ཡིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཨི་རན་ལ་ཡེ་མེན་གནད་དོན་ཏོག་གྲོས་འཆར་སྟོན་པ་དེར་ཝི་ཊོ་འོས་ཤོག་གིས་རྩ་མེད་བཟོས་ཡོད་པ་རེད་འདུག།
ཡེ་མེན་སྲིད་བློན་ཨེཧ་མཌ་བིན་དྷོ་གར་མཆོག་གིས་ཡུ་ཨེ་ཨི་ཡི་རྒྱབ་སྐྱོར་འོག་དབུས་གཞུང་གི་སྤྱི་ཁྱབ་ཡིག་ཚངབདག་དབང་བཟུང་བའི་བྲལ་རིང་ལུགས་པར་སྐྱོན་འཛུགས་གནང་ཡོད་འདུག་ ཁོ་བོས་ཨེ་དྷན་གྲོང་སྡེར་ཡུ་ཨེ་ཨི་ཡི་སྲིད་དབང་འགན་འཛིན་གི་ནུས་ོ་ལྡན་པའི་སའུ་སྷི་ཡི་དབུ་ཁྲིད་པའི་དམག་དོན་མཉམ་བསྲེ་ལ་བར་འདུམ་གནང་བརའབོད་འདུག་ ཁ་སང་སའུ་སྷི་ཡི་རྒྱབ་སྐྱོར་གནང་བའི་སྲིད་འཛིན་ཨབཏ་ར་བུ་མན་སུར་ཧ་དྷི་མཆོག་གི་རྒྱབ་སྐྱོར་དམག་མི་དང་དང་ཡུ་ཨེ་ཨི་ཡི་རྒྱབ་སྐྱོར་ཁ་བྲལ་རིང་ལུགས་པ་བར་རྒོལ་འཛིངས་ཆེན་པོ་ཤོར་ཡོད་འདུག་ གནོད་འཚེ་དེ་དག་ལསBBC་གསར་འགོད་ལྷན་ཚོགས་གིས་བཤད་གསོལ་བལྟར་ན་མི་བཅུ་ཤི་བ་དང་གཞན་མི་༡༢ ལྷག་སྨད་སྐྱོན་བྱུང་ཡོད་འདུག་གོ།