མཱལ་ཌིབ་རྒྱལ་ནང་དུ་དཀའ་རྙོག་དེ་ཡར་རྒྱས་མ་འགྲོ་བའི་ཚད་ཡུ་རོབ་སྤྱི་མཐུན་ཚོགས་པས་བཅོས་ཐབས་སུ་ལག་བསྟར་བྱེད་སྲིད་པའི་ཉེན་བརྡ་གཏོང་ཡོད་པ་རེད་འདུག།
མཱལ་དྷིཝས་གྲོས་ཚོགས་ཀྱིས་སྲིད་འཛིན་ཨབ་དྷུ་ལྷ་ཡེ་མན་གྱི་གྲོས་འཆར་ངོས་ལེན་གནང་སྟེ་མལ་དྷིཝས་གཞུང་གིས་རྫ་དྲག་གནས་སྟངས་ཟླ་བ་གཅིག་རིང་དུས་འགྱངས་གནང་ཡོད་འདུག་ མལ་དྷིཝས་རྫ་དྲག་གནས་སྟངས་དེ་ཟླ་བ་རྗེས་མའི་ཚེས་༢༢ ལ་མཇུག་བསྡུ་ཡིས་ཡོད་འདུག་ ཁ་སང་མལ་དྷིཝའ་སྲིད་འཛིན་ཨབ་དྷུ་ལཱ་ཡེ་མེན་མཆོག་གིས་གྲོས་ཚོགས་ལྷན་ཚོགས་སུ་ཁ་གཏད་སྲིད་དོན་ཚོགས་པའི་གྲོས་ཚོགས་ཚོགས་མིས་ཕྱིར་འཐེན་ངོ་རྒོལ་གནང་ཡང་ད་ལྟ་འགྲོ་བཞིན་པའི་རྒྱལ་ཡོངས་སྲིད་དོན་ཛ་དྲག་གནས་སྟངས་དེ་མུ་མཐུད་ཉིན་༡༥ རིང་དུས་འགྱངས་གནང་བར་འབོད་འདུག་